Video Overview
Pema Lhadon from Phimshong sings “Ausa Lay Ausa.” Aum Pema Lhadon recounts that young people do not have much interest in the song. It is a joyous unique toPhimshong and Yabrang Chiwogs in eastern Bhutan. The song is performed by both men and women during archery matches, especially when the players hit the target to celebrate the point they have scored.
༉ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་པདྨ་ལྷ་སྒྲོན་གྱིས་ གླུ་གཞས་ཨ་འུ་ས་ལས་ཨ་འུ་ཟེར་མི་འདི་འཐེན་ནུག གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ བརྩམ་པ་པོ་ཚུ་ངོས་འཛིན་འབད་མ་ཚུགས་རུང་ གླུ་གཞས་འདི་ ཁོང་ར་གི་མི་རྒན་ཤོས་ཚུ་ལས་བརྒྱུད་དེ་འོང་ནུག གླུ་གཞས་འདི་ད་ལྟོ་ཚུན་ཚོད་ སྒྲ་པར་བཟུང་སྟེ་མེདཔ་མ་ཚད་ ཡིག་ཐོག་ནང་ཡང་མེདཔ་ཨིན་པས། པདྨ་ལྷ་སྒྲོན་གྱིས་བཤད་མི་ནང་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ དང་ཕུ་གི་གླུ་གཞས་འཐེན་ནི་ལུ་སྤྲོ་བ་མི་ལེན་པས་ཟེར་ བཤད་དོ་ཡོདཔ་ད་ གླུ་གཞས་འདི་འཐེན་ཚརཝ་ཅིག་ མདའ་རྐྱབ་པའི་སྐབས་ལུ་གནང་སྨེ་ ཟེར་སླབ་ཨིན་མས། མོ་གིས་བཤད་དོ་བཟུམ་སྦེ་ར་ གཞོན་པའི་མདའ་མོ་མི་བཏང་མདའ་མོ་ཅིག་བཏང་ཡོད། །གཞོན་པའི་མདའ་མོ་བཏང་ན་ཤར་གྱི་ཕྱོགས་ལ་བཏང་ཡོད། །ཤར་ན་རྡོ་རྗེ་སེམས་དཔའ་མདའ་མོ་ང་ལ་གསོན་དང་། །གཡས་འདི་ལ་དཔའ་བོ་གེ་སར་རྒྱལ་པོ། །གཡོན་འདི་ལ་དཔའ་མོ་ཤེས་ལྕམ་སྒྲོལ་མ་ཟེར་ མདའ་རྐྱབ་མི་རང་འདི་ གེ་སར་རྒྱལ་པོ་ཨིནམ་སྦེ་མནོ་དགོ་ནི་ཨིན་མས།
- Phongme
- Trashigang
- པད་མ་ལྷ་སྒྲོན་Pema Lhadon: ཨའུ་ས་ལས་ཨའུ། གཞོན་པའི་མདའ་མོ་མི་གཏང་། །མདའ་མོ་ཅིག་གཏང་ཡོད། །ཨའུ་ས་ལས་ཨའུ།
- པད་མ་ལྷ་སྒྲོན་Pema Lhadon: ཨའུ་ས་ལས་ཨའུ། གཞོན་པའི་མདའ་མོ་གཏང་ན། །ཤར་གྱི་ཕྱོགས་ལ་གཏང་ཡོད། །ཨའུ་ས་ལས་ཨའུ།
- པད་མ་ལྷ་སྒྲོན་Pema Lhadon: ཨའུ་ས་ལས་ཨའུ། ཤར་ན་རྡོ་རྗེ་སེམས་དཔའ། །མདའ་མོ་ང་ལ་གསོན་དང་(གཟིགས་དང་)། །ཨའུ་ས་ལས་ཨའུ།
- པད་མ་ལྷ་སྒྲོན་Pema Lhadon: ཨའུ་ས་ལས་ཨའུ། གཡས་འདི་ལ་དཔའ་བོ། །དཔའ་བོ་གེ་སར་རྒྱལ་པོ། །ཨའུ་ས་ལས་ཨའུ།
- པད་མ་ལྷ་སྒྲོན་Pema Lhadon: ཨའུ་ས་ལས་ཨའུ། གཡོན་འདི་ལ་དཔའ་མོ། །མ་མ་ཤེས་ལྕམ་སྒྲོལ་མ། །ཨའུ་ས་ལས་ཨའུ།
- པད་མ་ལྷ་སྒྲོན་Pema Lhadon: ལགས་སོ། ལགས་སོ།
- པད་མ་ལྷ་སྒྲོན་Pema Lhadon: ཕྱག་མདའ་གནངམ་ད་ལུ་ གནང་སྨ་རེད་ལགས།། །།