Video Overview
This is a video of Tsethar Bum from Yonru Village in Chentsa singing "Before Your Youth Is Wasted." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་་དུང་ལོ་ལོ་་་་ཡ་རེ་ལེན་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན།༽
- མིག་ཁྲ་རིལ་གཟི་མདངས༼དུང་ལོ་ལོ༽མ་ཤོར་གོང་། །
- ཐག་རིང་ཐུང་གཉིས་ལ༼དུང་ལོ་ལོ༽ལྟ་བཞིན་སྡོད། །
- མིག་ཁྲ་རིལ་གཟི་མདངས༼དུང་ལོ་ལོ༽ཤོར་སོང་ན། །
- ལྟ་འདོད་ཀྱང་ཐག་རིང༼དུང་ལོ་ལོ༽རིག་རབས་མེད། །
- ༼ཡེ་་་་དུང་ལོ་ལོ་་་་ཡ་རེ་ལེན་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན།༽
- ལུས་ཕྲ་མོ་ཨ་ལུང༼དུང་ལོ་ལོ༽མ་རྒས་གོང་། །
- གོས་ཡག་བཙོག་གཉིས་ཀ༼དུང་ལོ་ལོ༽གྱོན་གྱིན་སྡོད། །
- ལུས་ཕྲ་མོ་ཨ་ལུང་༼དུང་ལོ་ལོ༽སྒུར་སོང་ན། །
- གོན་འདོད་ཀྱང་གོས་འདི༼དུང་ལོ་ལོ༽གོན་རབས་མེད། །
- ༼ཡེ་་་་དུང་ལོ་ལོ་་་་ཡ་རེ་ལེན་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན།༽
- སོ་སུམ་ཅུའི་ཕྲེང་བ༼དུང་ལོ་ལོ༽མ་འཐོར་གོང་། །
- ཟས་ཞིམ་པོ་ཡོད་ན༼དུང་ལོ་ལོ༽ཟ་བཞིན་སྡོད། །
- སོ་སུམ་ཅུའི་ཕྲེང་བ༼དུང་ལོ་ལོ༽འཐོར་སོང་ན། །
- ཟས་ཞིམ་པོ་ཡོད་ཀྱང༼དུང་ལོ་ལོ༽ཟ་རབས་མེད། །