Skip to main content Skip to search
05 Jan 2016
2 min 20 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Tsethar Bum from Yonru Village in Chentsa singing "Before Your Youth Is Wasted." This song is part of a collection of folk songs from the Rebgong cultural area.

འདི་ནི་བསླབ་བྱའི་རང་བཞིན་ལྡན་པའི་དམངས་གླུ་ཞིག་སྟེ། མདོ་སྨད་ཕྱོགས་སུ་རྒྱུགས་ཆེའོ། །

གླུ་འདིའི་ནང་དོན་ལ་ཅུང་བསླབ་བྱའི་རང་བཞིན་ལྡན་པ་དང་བོད་མིའི་མི་ཚེའི་རིན་ཐང་ལྟ་ཚུལ་ཡང་མངོན་ཡོད། ཐོག་མར་མིག་གི་གཟི་མདངས་མ་ཤོར་གོང་ཡུལ་སྣ་ཚོགས་ལ་བལྟ་དགོས་པ་དང་། བར་དུ་ལུས་ལང་ཚོ་དར་དུས་སུ་གོས་ཡག་བཙོག་སྣ་ཚོགས་གོན་དགོས་པ། མཐའ་མར་སོ་སུམ་ཅུའི་ཕྲེང་བ་མ་འཐོར་གོང་ཟས་གང་ཞིམ་བཟའ་དགོས་པ་བསྟན་ཡོད་པ་དང་། མདོར་ན། ལོ་ཆུང་དུས་སུ་སྐྱིད་ལ་རོལ་དགོས་པ་དང་། རྒས་དུས་རོལ་འདོད་ཀྱང་ལུས་ཀྱིས་མི་ལྕོགས་པ་བསྟན་ཡོད་དོ། །

Transcript search
No results found for this search
0 of 0