Video Overview
Lumo Tsering from Chuma in Repgong tells the story how two older brothers mistreat their younger brother after their father's death.
འདིར་ཨ་ཕ་ཚེ་ལས་འདས་རྗེས་སྤུན་ཆེ་བ་གཉིས་ཀྱིས་ཆུང་བ་ལ་གནོད་བསྐྱལ་ནས་བདའ། མཇུག་མཐར་བུ་ཆུང་བ་དེ་རྒྱལ་བའི་རྒྱལ་ས་ཐེམས་པའི་གཏམ་རྒྱུད་བརྗོད་ཡོད།
འདིར་རྒད་པོ་ཞིག་ལ་བུ་གསུམ་ཡོད་པ་དང་རེ་ཞིག་ཁོ་ཚོ་བྱེ་ཐང་ཞིག་ལ་སོང་ནས་མདའ་འཕེན་དུ་བཅུག ཁོ་ཚོའི་མདའ་གང་དུ་ཕོག་པ་དེ་ཨ་ཕའི་དུར་ས་ཡིན་ཟེར་ནས་ཕྱིར་ལོག ཅུང་མ་འགོར་བར་ཨ་ཕ་ཚེ་ལས་འདས་པ་དང་སྔོན་གྱི་བྱེ་ཐང་དེ་ལ་སོང་ནས་ཨ་ཕའི་རོ་དུར་འཇུག་བྱེད་སའི་ས་དུང་བསྐོས་པ་ན། བུ་ཆེ་བ་གཉིས་ཀྱི་གསེར་ནག་ཀྱིག་རྩེ་འདྲ་བ་རེ་རྙེད་ནས་བུད་སོང་། བུ་ཆུང་བའི་ཨ་ཕའི་རོ་དེ་དུར་འཇུག་ཡག་པོ་ཞིག་བྱེད་དགོས་བསམ་ནས་མུ་མཐུད་དུ་ས་དུང་བརྐོས་པ་ན་གསེར་གྱི་སྐུ་ཆུང་ཆུང་ཞིག་རྙེད། དེ་ནས་ཁོ་ཁྱིམ་ལ་ཐོན་དུས་ཕུ་བོ་གཉིས་ཀྱིས་གྲི་བརྡར་ནས་ཁོ་གསོད་རྩིས་བྱེད་ཀྱིན་ཡོད་པས་ཁོ་རང་བྲོས། དེ་རྗེས་གསེར་གྱི་སྐུ་དེས་རོགས་རམ་གང་མང་བྱས་མཐར་བུ་ཆུང་བ་དེ་རྒྱལ་བོ་ཚང་གི་མག་པ་བྱས་པ་དང་རྒྱལ་སའང་བཟུང་བའི་གཏམ་རྒྱུད་བརྗོད་ཡོད།
讲述了一位老头有三个儿子,等父亲去世后两个大兄弟把小兄弟赶走了。最后小兄弟当了国王的故事。
这段视频讲述了这样一段故事。一位老头有三个儿子,有一次到沙漠上射箭,并说明了射到那个地方就是父亲的墓地。不会之后父亲去世了,当他们到沙漠上挖坑的时候两个大兄弟都挖到了两块砖头那么大的金子,而小兄弟却挖到了一块只有大拇指那么大的金佛像。他把父亲的坟墓做好之后回家,发现两个兄弟正在磨刀准备害他,他只能逃走了。之后在一路上金佛像开始帮助他,最后当了国王的女婿并把王位给了他。
- ས་ཆ་ཞིག་ན་རྒད་པོ་ཞིག་ཡོད།
- རྒད་པོ་དེར་བུ་གསུམ་ཡོད།
- རྒད་པོ་དེར་བུ་གསུམ་ཡོད་པས།
- རྒད་པོས་ཉིན་ཞིག་ལ་བུ་གསུམ་པོ་ས་ཆ་ཕྱེ་མ་ཡོད་ས་སྟེ།
- བྱེ་ཐང་ཡོད་ས་ཞིག་ལ་ཁྲིད་ནས་སོང་སྟེ།
- ཁྱོད་ཚོས་མདའ་འཕོངས་དང།
- བྱེ་སྒང་དེའི་ཐོག་ལ་མདའ་འཕོངས་ཞེས་བཤད་པས།
- བུ་ཚོས་མདའ་འཕངས་པས་བུ་གསུམ་པོའི་མདའ་བྱེ་སྒང་དེའི་ཐོག་ལ་ལྷུང་བ་རེད།
- རྒད་པོ་ང་ཤི་སོང་ན་ཁྱོད་ཚོས་བྱེ་མ་འདིའི་འོག་ལ།
- ངའི་རོ་བྱེ་སྒང་འདིའི་འོག་ལ་བཅུག་ཅེས་དེ་ལྟར་བཤད།
- ཡ་ཞེས་བཤད་དེ་ཁོ་ཚོས་དེ་ལྟར་ཐག་བཅད།
- ཉིན་ཞིག་རྒད་པོ་ཤི་སོང་བ་རེད།
- བུ་ཚོས་ཨ་ཕ་ཡི་རོ་འཁུར་ནས་སོང་སྟེ།
- བྱེ་སྒང་དེའི་འོག་ལ་འཇུག་རྒྱུ་བྱས་ཏེ།
- བུ་ཆེ་བས་བརྐོས་ནས་སོང་དུས་གསེར་ནག་གི་ཀྱིག་རྩེ་ཞིག་རྙེད་པ་རེད།
- དགའ་ནས་གསེར་ནག་གི་ཀྱིག་རྩེ་རུམ་ན་བཅུག་ནས།
- ཨ་ཕའི་རོ་གཡུག་ནས་བུད་སོང་།
- བུ་བར་མོས་བརྐོས་ནས་སོང་དུས་ཡང་གསེར་ནག་གི་ཀྱིག་རྩེ་ཞིག་རྙེད་པ་རེད།
- དགའ་ནས་ཨ་ཕའི་རོ་གཡུག་ནས།
- གསེར་ནག་གི་ཀྱིག་རྩེ་རུམ་ན་བཅུག་ནས་བུད་སོང་།
- བུ་ཆུང་བས་བརྐོས་ནས་སོང་དུས་ཕུ་བོ་གཉིས་ཀྱིས་གཡུག་ནས་བུད་ཐལ།
- ངས་ཨ་ཕའི་རོ་ལ་དོ་དམ་བྱེད་དགོས་རྒྱུ་རེད་ཅེས་བཤད་དེ།
- ཁོ་ཡིས་མར་ལ་བརྐོས་ནས་སོང་དུས་སྐུ་མཐེ་བོང་ཙམ་ཞིག་རྙེད་པ་རེད།
- གསེར་ནག་གི་སྐུ་མཐེ་བོང་ཙམ་རྙེད་པ་རེད།
- དགའ་ནས་འདི་ང་ལ་དཀོན་མཆོག་གིས་གནང་བ་ཡིན་ཞེས།
- མགོར་བཞག་ནས་སྐྱབས་འཇུག་ཞུས་རྗེས།
- རྩིབ་ལ་བཞག་རྗེས་ཨ་ཕ་ཡི་རོ་ནང་དུ་བསྡུས་ནས།
- དོ་དམ་བྱས་རྗེས་ཨ་ཕ་ལ་ཕྱག་གསུམ་འཚལ་ཏེ།
- སྐུ་དེ་རུམ་ལ་བསྡུས་ནས་ཁྱེར་ནས་ཡོང་།
- སྐུ་དེས་རུམ་ནས་གསུང་བརྗོད་པ་རེད།
- གསུང་བརྗོད་ནས་ཁྱོད་ཡུལ་ལ་སོང་ན།
- ཁྱོད་ཀྱི་ཕུ་བོ་གཉིས་ཀྱིས་གསོད་ན་ཐང་།
- ཁྱོས་རང་གིས་མཉམ་འཇོག་བྱོས་ཟེར།
- དེ་ནས་ཁོ་དགའ་ནས་སྐུ་དེ་རིག་ཏུ་མ་འཇུག
- ང་རིག་ཏུ་མ་འཇུག་ཟེར་བས་རུམ་ལ་བསྡུས་ནས་ཁྱེར་ཡོང་དུས།
- ཕུ་བོ་གཉིས་ཀྱིས་ངེད་གཉིས་ཀྱིས་ཁ་ནས་བརྐོས་ན།
- གསེར་ནག་གི་ཀྱིག་རྩེ་རྙེད་པ་རེད།
- གན་གྱིསས་ཞབས་ལ་བརྐོས་ནས་སོང་ན་ཅི་ཞིག་རྙེད་མེད་གི་ཟེར།
- ངེད་གཉིས་ཀྱིས་ཁོ་ཡི་རྒྱུ་ངེད་གཉིས་ལ་བགོས་ཟེར།
- དེ་ལྟར་ཡུལ་ལ་ཡོང་དུས་ཕུ་བོ་གཉིས་ཀྱིས་གྲི་རྡར་ནས་བསྡད་ཡོད།
- ཕུ་བོ་གཉིས་ཁྱོད་གཉིས་ཀྱིས་གྲི་རྡར་ནས་ཅི་བྱེད་ཟེར།
- དེ་རིང་ངེད་ཚང་གི་གཡག་མགོ་རིས་བཤའ་དགོས་ཟེར།
- གཡག་མགོ་རིས་བཤས་ནས་ཅི་བྱེད་ཟེར།
- དེ་རིང་གཡག་མགོ་རིས་བཤའ་དགོས་ཟེར།
- ངེད་གཉིས་ཀྱིས་ཁ་ནས་བརྐོས་ན་གསེར་ནག་གི་ཀྱིག་རྩེ་རེ་རྙེད་ཐལ།
- ཁྱོད་ཀྱིས་ཞབས་ལ་བརྐོས་ན་ཅི་ཞིག་རྙེད་ཐལ་ཟེར།
- ངས་ཅི་ཡང་མ་རྙེད་ཐལ་ཟེར།
- ངས་ཨ་ཕའི་རོ་དོ་དམ་བྱས་ནས་ཡོང་བ་ཡིན།
- ཁྱོད་གཉིས་ཀྱིས་དེ་ཕར་ལ་གཡུག་ནས་བུད་ཐལ།
- ངས་ཅི་ཡང་མ་རྙེད་ཐལ་ཟེར།
- ཁྱོད་ཀྱིས་དྲང་མོར་བཤད་པ་མ་རེད།
- ངེད་གཉིས་ཀྱིས་དེ་རིང་གཡག་མགོ་རིས་ཁྱོད་ཡིན།
- ཁྱོད་བཤའ་རྒྱུ་ཡིན་ཞེས་ཁོའི་སྟེང་ལ་གྲི་བཟུང་ནས་ཤོར།
- བུ་དེ་ལ་རུམ་གྱི་སྐུ་ཡིས་གཡག་མགོ་རིས་ཁྱོད་ཡིན་ནི་རེད།
- ཁྱོད་བྲོས་ཟེར་བས་བྲོས་པ་རེད།
- བྲོས་ནས་སོང་སྟེ་བར་ཞིག་ལ་བྲག་ཁ་ཞིག་ལ་ཐོན་པ་རེད།
- ཁོ་འགྲོ་སའི་ས་མེད་ནི་རེད།
- ཁོ་ལྡིང་རྒྱུར་སྐྲག་ནས་ཐེ་ཚོམ་བྱས་ཏེ།
- རྗེས་ན་ཕུ་བོ་གཉིས་ཀྱིས་གྲི་བཟུང་ནས།
- གསོད་རྒྱུ་བྱས་ནས་བདའ་ནས་ཡོང་བ་ཡིན།
- རུམ་གྱི་སྐུ་ཡིས་ལྡོངས་དང་ཟེར།
- མིག་བཙུམ་ནས་མ་སྐྲག་པར་ལྡིང་བ་རེད།
- ལྡིང་བས་སྐུ་ཡི་བྱིན་རླབས་ཀྱིས་ཁོ་ལ་ཅི་ཡང་མ་བྱས།
- དེ་ནས་ཁོ་ལྡོམ་ནས་ཕ་རོལ་ཞིག་ལ་སོང་སྟེ།
- ཐག་རིང་ས་ཆ་གཞན་པ་ཞིག་ལ་ལྡོམ་ནས་སོང་བས།
- ས་ཆ་དེ་ན་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་དེ་ཚང་ལ་སྲས་མོ་ཞིག་ཡོད་པ་དེ་ལ།
- ན་ནས་ལོ་ན་ཚེ་ན་བྱས་ནས་ན་ནས་མ་དྲག་པར།
- སྨན་པ་གང་ལ་བསྟེན་ན་ཡང་དྲག་པར་བསྡད།
- དེ་ནས་དེ་ཚང་གིས་མོ་བར་མོ་བཏབ་ནས།
- རྩིས་པ་རྩིས་བྱས་པས་ཁྱོད་ཚང་གིས་སྤྲང་བོ་ཞིག་ལ་གནས་ཚང་ཐོངས་དང་།
- སྤྲང་བོ་ཚང་མ་བཙལ་ནས་ཤོག་དང་།
- སྤྲང་བོ་ཞིག་གིས་ཁྱོད་ཚང་གི་སྲས་མོ་དྲག་ཏུ་འཇུག་ཐུབ་ཟེར།
- དེ་ནས་ཁོ་ཚང་གིས་བློན་པོ་ཚང་མར་བཀའ་བབས་ནས།
- སྤྲང་བོ་ཚང་མ་བཙལ་དུ་འགྲོ་རུ་བཅུག་ནས།
- སྤྲང་བོ་སྐོར་ཞིག་ཁྲིད་ནས་ཡོང་སྟེ།
- མང་པོ་ཁྲིད་ནས་ཡོང་དུས།
- དེའི་གྲལ་ལ་ཁོ་ཡང་སྤྲང་བོའི་གྲལ་དུ་ཁྲིད་ནས་ཡོང་།
- སྤྲང་བོ་མང་པོས་དྲག་ཏུ་འཇུག་མ་ཐུབ་པར་ཕྱིར་འགྲོ་རུ་བཅུག
- ཁོ་ལ་འདུག་ས་ཡར་ནས་བཅོས་ནས་དེ་ལྟར་བྱས།
- ང་སྤྲང་བོ་འདུག་ས་སྒོ་འོག་ཡིན་ཟེར།
- ང་སྒོ་ནང་ནས་འདུག་རྒྱུ་ཡིན་ཞེས།
- ཁྱོད་ཀྱིས་དེ་ལྟར་ཤོད་ཅེས་རུམ་གྱི་སྐུ་ཡིས་གསུང་བརྗོད་པ་རེད།
- དེ་ནས་ཁོ་སྒོ་འོག་ནས་ཉལ་ས་བཅོས་ནས།
- དེ་ནས་དགོང་མོ་ཉལ་ནས་བསྡད།
- རུམ་གྱི་སྐུ་མེད་པ་རེད།
- རུམ་གྱི་སྐུ་ཡིས་ཁོ་ལ་བཀོད་པ་བྱས་ནས།
- ཁྱོད་སོང་ནས་རྒྱ་སྒོ་སྒོ་གཏན་གྱི་ཐོག་ལརྟ་ཞོན་ན་སྡོད་ཟེར།
- དེ་ནས་རྒྱ་སྒོ་སྒོ་གཏན་གྱི་ཐོག་ལ་རྟ་ཞོན་ནས་བསྡད་དུས།
- རྒྱལ་བོའི་མཁར་གཉའ་ན།
- ཝ་དེ་ཡོང་ནས་ཨ་ཁུ་སྒོ་གཏན་སྒོ་ཕྱེ་ཟེར།
- ཝ་དེ་ཡོང་ནས་ཨ་ཁུ་སྒོ་བསྟད་སྒོ་ཕྱེ་ཟེར།
- སྒོ་ཕྱེ་ཟེར་དུས་སྒོ་མི་འབྱེད་ཟེར།
- སྒོ་ཕྱེ་ཟེར་ནས་སྒོ་མི་འབྱེད་ཟེར།
- སྒོ་མི་འབྱེད་ན་ངས་ཁྱོད་འཆའ་རྒྱུ་ཟེར།
- སྒོ་མི་འབྱེད་ན་ངའི་ཁྱོད་འཆའ་རྒྱུ་ཟེར།
- ངས་ཁྱོད་བོའུ་རྒྱག་བརྒྱ་ལ་གསོད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པས།
- ངའི་ཁྱོད་ཨུ་ཅུ་བརྒྱ་བསོད་གི་འཇུག་ཟེར་ནས།
- ཝ་ཕྱིར་འཁོར་ནས་བུད་སོང་།
- ཝ་ཕྱིར་འཁོར་ནས་བུད་སོང་།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་ནས་ཡང་སྒོ་ནང་ན་སྡོང་བོ་ཞིག་ཡོད།
- དེ་ནས་ཡང་སྒོ་ནང་ན་སྡོང་བོ་ཞིག་ཡོད།
- སྡོང་བོ་དེ་ཡོང་ནས་ཨ་ཁུ་སྒོ་གཏན་སྒོ་ཕྱེ་ཟེར།
- སྡོང་བོ་དེ་ཡོང་ནས་ཨ་ཁུ་སྒོ་གཏེད་སྒོ་ཕྱེ་ཟེར།
- སྒོ་ཕྱེ་ཟེར་དུས་སྒོ་མི་འབྱེད་ཟེར།
- སྒོ་ཕྱེ་ཟེར་ནས་སྒོ་མི་འབྱེད་ཟེར།
- སྒོ་མི་འབྱེད་ན་ངས་ཁྱོད་འཆའ་རྒྱུ་ཟེར།
- སྒོ་མི་འབྱེད་ན་ངའི་ཁྱོད་འཆའ་རྒྱུ་ཟེར།
- ངས་ཁྱོད་ཤིང་བཟོ་བརྒྱ་འདྲ་རུ་འཇུག་རྒྱུ་ཡིན་ཟེར།
- ངའི་ཁྱོད་ཤིང་བཟོ་བརྒྱ་འདྲ་རུ་བཅུག་ཟེར་ནས།
- དེ་ཕྱིར་འཁོར་ནས་བུད་སོང་།
- དེ་ཕྱིར་འཁོར་ནས་བུད་སོང་།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་ནས་རྒྱལ་བོ་ཚང་གི་དེ་ན་རྡོ་ཕ་བོང་ཞིག་ཡོད།
- དེ་ནས་རྒྱལ་བོ་ཚང་གི་དེ་ན་རྡོ་ཕ་བོང་ཞིག་ཡོད།
- དེ་ཡོང་ནས་ཨ་ཁུ་སྒོ་གཏན་སྒོ་ཕྱེ་ཟེར།
- དེ་ཡོང་ནས་ཨ་ཁུ་སྒོ་བསྟད་སྒོ་ཕྱེ་ཟེར།
- ངས་སྒོ་མི་འབྱེད་ཟེར་དུས་ངས་ཁྱོད་འཆའ་རྒྱུ་ཡིན་ཟེར།
- ངའི་སྒོ་མི་འབྱེད་ཟེར་བས་ངའི་ཁྱོས་འཆའ་རྒྱུ་ཡིན་ཟེར།
- ངས་ཁྱོད་རྡོ་བཟོ་བརྒྱ་ལ་བསིལ་དུ་འཇུག་རྒྱུ་ཡིན་ཟེར་དུས།
- ངའི་ཁྱོད་རྡོ་བཟོ་བརྒྱ་གསུས་གི་འཇུག་དགོས་ཟེར་ནས།
- ཡང་ཕྱིར་བུད་སོང་།
- ཡང་ཕྱིར་བུད་སོང་།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་ནས་ཕྱིར་ཡོང་ནས་ཨ་ཁུ་རྒྱལ་བོ་ལ།
- དེ་ནས་ཕྱིར་ཡོང་ནས་ཨ་ཁུ་རྒྱལ་བོ།
- ཁྱོད་ཚང་གི་བུ་མོ་ལ་ནད་བདག་ངར་བ་ཏག་ཏག་ཡོད་གི
- ཁྱོད་ཚང་གི་བུ་མོ་ལ་ནད་བདག་ངར་བ་དག་དག་ཡོད་གི
- ཁྱོད་ཚང་གི་སྒོ་ནང་གི་སྡོང་བོ་དེ།
- ཁྱོད་ཚང་གི་སྒོ་ནང་གི་སྡོང་བོ་དེ།
- ཤིང་བཟོ་བརྒྱ་ཡིས་དྲ་དགོས་ཟེར།
- ཤིང་བཟོ་བརྒྱ་ཡིས་འདྲ་དགོས་ཟེར།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- རྒྱལ་བོའི་མཁར་གཉའ་ན་ཝ་ཞིག་ཡོད།
- རྒྱལ་བོའི་ཁ་ཉལ་ན་ཝ་ཞིག་ཡོད།
- དེ་བོའུ་རྒྱག་བརྒྱ་ལ་གསོད་དུ་འཇུག་དགོས།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་ན་རྡོ་ཕ་བོང་ཞིག་ཡོད།
- རྡོ་བཟོ་བརྒྱ་ཡིས་བསིལ་དགོས།
- དེ་བུ་མོ་ཡི་ནད་བདག་གཅིག་རེད།
- དེ་ལྟར་བྱས་རྗེས་བུ་མོ་ཡིས་རྒྱལ་བོའི་མཁར་གཉའ་ན་མཚོ་ཞིག་ཡོད་པ་དེའི།
- མཚོ་ཁམ་བུ་གསུམ་འཐུང་བ་དང་ཆུ་ཁམ་བུ་གསུམ་འཐུང་བ་དང་།
- རྩྭ་ཁམ་བུ་གསུམ་ཟོས་རྗེས་བུ་མོ་ནད་མེད་དུག་མེད་དུ་གྱུར་འགྲོ་ཟེར།
- དེ་ལྟར་བཤད་པས་འདི་མི་ཡ་མཚན་ཞིག་རེད་འདོད་ནས།
- ཨ་ཁུ་རྒྱལ་བོ་ཡ་མཚར་སོང་།
- ཁྱོད་རང་བཞིན་གྱི་མི་ཞིག་མ་རེད་ཅེས་བཤད་དེ།
- ང་རྒྱལ་བོའི་མཁར་གཉའ་ན་ཝ་ཞིག་ཡོད་པ་ངས་མི་ཤེས།
- རྡོ་ཕ་བོང་ཡོད་པ་ངས་བཟང་བོ་ཞིག་གི་གྲལ་ལ་བཞག་པ་ཡིན།
- རྡོ་བཟོ་བརྒྱ་ལ་བསིལ་དུ་བཅུག་པས།
- རྡོ་ཡི་ནང་ནས་ཁྲག་བཞུར་བ་རེད།
- སྡོང་བོ་དེ་ཤིང་བཟོ་བརྒྱ་ལ་འདྲ་རུ་བཅུག་པས།
- སྡོང་བོའི་ནང་ནས་ཁྲག་བཞུར་བ་རེད།
- རྒྱལ་བོའི་མཁར་གཉའ་ན་ཝ་ཞིག་འགྲོ་བ་དེ།
- བོའུ་རྒྱག་བརྒྱ་ཡིས་བསད་པས་བུ་མོའི་ནད་ཇེ་ཡང་ལ་སོང་།
- རྒྱལ་བོའི་མཁར་གཉའ་ན་མཚོ་ཞིག་ཡོད་པ་དེའི།
- མཚོ་ཆུ་ཁམ་བུ་གསུམ་འཐུང་བ་དང་།
- དེ་ནས་རྩྭ་ཁམ་བུ་གསུམ་བཟས་རྗེས་བུ་མོ་ནད་མེད་དུག་མེད་དུ་གྱུར་སོང་།
- སངས་དྲག་ཏུ་གྱུར་སོང་།
- རྒྱལ་བོ་དགའ་ནས་ཁྱོད་རང་བཞིན་གྱི་མི་ཞིག་མ་རེད།
- ངེད་ཚང་གི་བུ་མོའི་མག་པར་སྡོད་ཅེས་བཤད་དེ།
- ཁོ་དེ་ནས་མག་པར་བཞག
- རྒྱལ་བོའི་རྒྱལ་ས་སྤྲད་ནས་སྐྱིད་པོ་བདེ་མོ་བྱས་ནས་བསྡད།
- ཨ་ཁུ་རྒྱལ་བོ་ཁྱོད་ཀྱིས་ང་ལ་རྒྱལ་ས་སྤྲོད་རྒྱུ་ཡིན་ན།
- ངའི་ཨ་ཕ་ཡི་དུར་ས་ལ་ང་བལྟ་རུ་འགྲོ་དགོས་ཟེར།
- ང་ལ་བློན་པོ་འགའ་མངོགས་ཟེར།
- ཁྱོད་ཀྱིས་ང་ལ་ལག་ཆ་དང་ཤིང་རྟ་མང་པོ་གྲ་སྒྲིག་བྱོས།
- ང་དེ་ལ་བལྟ་རུ་འགྲོ་དགོས་ཞེས་དེ་ལྟར་བཤད་པས།
- ཉིན་ཞིག་ལ་དེ་དག་མངགས་ནས།
- རྒྱལ་བོ་ཡི་དམག་དང་བློན་པོ་མང་པོ་མངགས་ནས་ཁོ་ཨ་ཕ་ཡི་དུར་ས་ལ་བལྟ་རུ་སོང་།
- དུར་སར་སོང་ནས་ཕྱག་འཚལ་བ་དང་དེ་ནས་སྐྱབས་འཇུག་ཞུས།
- ཕྱིར་འཁོར་ནས་ཡུལ་ལ་ཡོང་།
- དེ་ལྟར་དགོང་མོ་ཨ་ཕའི་དུར་ས་ནས་ལུས་སོང་།
- དགོང་མོ་ཞག་གིས་བསྡད་ནས་ཉིན་བདུན་ལ་མཆོད་འབུལ་བྱས་ནས།
- དེ་ནས་ངལ་གསོ་བྱས་ནས་བསྡད་པས།
- དགོང་མོ་གཉིད་ནས་སད་དུས།
- ཨ་ཕའི་བྱིན་རླབས་ཀྱིས་ཁང་བ་ཡག་པོ་ཞིག
- ནང་ན་ནོམ་པ་གསེར་དངུལ་སྐྱེལ་ནས་མི་ཚར་བ་ཞིག་ཡོད་པ་རེད།
- དེ་དག་བློན་པོ་རྣམས་ཀྱིས་སྐྱེལ་ནས།
- རྒྱལ་བོ་ཁོ་མག་པ་བསྡད་སའི་ཕོ་བྲང་ལ་མང་པོ་སྐྱེལ་བ་རེད།
- ཉི་མ་བདུན་སོང་བའི་ཕྱི་ཉིན་ཁང་བ་མེད་སོང་།
- ཁོ་ས་སྟོང་ཞིག་ན་ཨ་ཕ་ཡི་དུར་ཁྲོད་ན་ཉལ་ཡོད་པ་འདྲ།
- ཕྱི་ཉིན་ཁོ་སེམས་སྐྱོ་ནས་ཕྱིར་རྒྱལ་བོའི་ཕོ་བྲང་ལ་ཡོང་ནས།
- ཨ་ཁུ་རྒྱལ་བོ་ལ་ཁྱོད་ཀྱིས་མདོ་དབུས་ཁམས་གསུམ་ལ་བརྡ་རྒྱོབ་དང་།
- ངས་མ་སེམས་ཅན་ཐམས་ཅད་མེད་པ་ཆད་པ་ཚང་མར།
- རྒྱུ་ནོམ་པ་དང་གསེར་དངུལ་གྱི་སྦྱིན་པ་གཏོང་རྒྱུ་ཡིན་ཞེས་བཤད་པས།
- ཁོ་ཡིས་དེ་ལྟར་བཤད་པས།
- རྒྱལ་བོ་ཚང་གིས་ས་ཆ་ཡུལ་ཕྱོགས་ཚང་མར་བརྡ་བརྒྱབ་ནས།
- དབུལ་བོ་ཚང་མར་ཨ་ཁུ་རྒྱལ་བོ་དེ་ཚང་གིས་སྦྱིན་པ་གཏོང་བཞིན་འདུག་ཅེས།
- སེམས་ཅན་ཐམས་ཅད་ཡོང་བ་རེད།
- ཡོང་བ་དེའི་གྲལ་ན་ཁོ་ཡི་སྤུན་གཉིས་ཀྱང་ལེན་དུ་ཐོན་ཡོད།
- གྲལ་རྔ་ན་ཙོག་ནས་བསྡད་ཡོད།
- གྲལ་མགོ་ནས་མར་ལ་བྱིན་ན་སོང་ཟེར་བས།
- གྲལ་མགོ་ནས་མར་ལ་ནོམ་པ་དང་།
- གསེར་དངུལ་མང་པོ་སེམས་ཅན་ལ་བྱིན་ནས་སོང་དུས།
- ཁོའི་སྤུན་གཉིས་ཀྱི་མཚམས་ལ་ཐོན་དུས་མཚམས་ཞོག་ཟེར།
- སྤུན་གཉིས་ཀྱིས་ངེད་གཉིས་ཀྱི་ལག་ལ་དེ་རིང་མ་ཡོང་ཐལ།
- སང་ཉིན་ངེད་གཉིས་འདུག་ས་མིན་པ་རེད།
- ངེད་གཉིས་གྲལ་མགོ་ནས་འདུག་ཅེས་བཤད་དེ།
- གྲལ་མགོ་ནས་བསྡད་པས་གྲལ་རྔ་ནས་ཡར་ལ་བྱིན་ཟེར།
- གྲལ་རྔ་ནས་ཡར་ལ་བྱིན་ནས་སོང་སྟེ།
- སྤུན་གཉིས་ཀྱིས་མཚམས་ལ་ཐོན་དུས་མཚམས་ཞོག་ཟེར།
- ཁོ་གཉིས་ལ་མ་བྱིན་པ་རེད།
- ངེད་གཉིས་ལ་ཅི་ཞིག་བྱས་པ་ཡིན།
- ངེད་གཉིས་སེམས་ཅན་གྱིས་མ་མཐོང་བ་ཨེ་ཡིན་ནམ།
- དེ་རིང་ཉི་མ་རྗེས་མ་རེད།
- ངེད་གཉིས་དཀྱིལ་ནས་འདུག་ཟེར།
- དཀྱིལ་ནས་བསྡད་པས་ཁ་ཅིག་གིས་གྲལ་རྔ་ནས་ཡར་ལ་བྱིན་ན་ཤོག
- ཁ་ཅིག་གིས་གྲལ་མགོ་ནས་མར་ལ་བྱིན་ན་ཤོག་ཟེར།
- ཁ་ཅིག་གིས་གྲལ་མགོ་ནས་མར་ལ་རྒྱུ་ནོམ་པ་ཡི་སྦྱིན་པ་བཏང་།
- ཁ་ཅིག་གིས་གྲལ་རྔ་ནས་ཡར་ལ་སྦྱིན་པ་བཏང་།
- ཁོ་གཉིས་ཀྱིས་མཚམས་ལ་ཐོན་དུས།
- མཚམས་ཞོག་ཅེས་བཤད་དེ་མ་བྱིན་པ་རེད།
- དེ་ནས་ཁོ་གཉིས་ཀྱིས་ཉི་མ་གསུམ་ལ།
- སེམས་ཅན་ན་སྦྱིན་པ་བཏང་ནས་མི་ཐེག་པ་ཞིག་ཁྱེར་རྒྱུ་ཡོད།
- ངེད་གཉིས་ལ་ནོམ་པ་ལག་མཐིལ་འདྲ་བ།
- གསེར་དངུལ་ཉུང་ཙམ་ཞིག་ཀྱང་སྟེར་རྒྱུ་མེད་གི
- འདི་ཅི་ཡིན་ནམ་ཞེས་རྒྱལ་བོ་ལ་ཡར་ཞུ་བྱས་པས།
- ཁྱོད་གཉིས་ཀྱིས་མི་ཤེས་ན་ང་གཡག་མགོ་རིས་ཡིན།
- གཡག་མགོ་རིས་ང་ཡིན།
- ཁྱོད་གཉིས་ཀྱིས་ང་གསོད་རྩིས་བྱས་པ་མིན་ནམ།
- ཁོ་གཉིས་སྐྲག་ནས་ཡ་མཚར་ནས།
- ངས་ཁྱོད་གཉིས་མ་བསད་པར་ཁྱོད་གཉིས་དགའ་བ་བྱོས།
- རྒྱུ་ནོམ་པ་ཞིག་ཁྱོད་གཉིས་ལ་ཡོད་ནི་མ་རེད།
- དེ་ལྟར་ཨ་ཁུ་གཉིས་བདས་པ་རེད།
- ཁོས་རྒྱལ་བོ་ཚང་གི་རྒྱལ་ས་བཟུང་ནས།
- སེམས་ཅན་ཐམས་ཅད་ལ་སྦྱིན་པ་བཏང་ནས།
- སེམས་ཅན་ཐམས་ཅད་སྐྱིད་པོ་བདེ་མོ་བྱེད་དུ་བཅུག་ནས།
- ཁོ་དེ་ལྟར་སྐྱིད་པོ་བྱས་ནས་བསྡད།