Video Overview
Yarmo from Radhi Gewog, Tashigang, sings an old zhungdra song entitled Gelong Zhenpai Dawa (Young Monk Dawa: A Song). This is a sentimental song which was composed about the life of a young monk named Dawa, who had gone through various struggles. He lost his moral discipline as a monk. Since it is a sad song, it is not performed on formal occasions, but rather on other occasions. It is performed in a straight-line formation with around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ལས་ ཡར་མོ་གྱིས་ དགོ་སློང་གཞོནམ་པའི་ཟླ་བ ཟེར་བའི་ གཞུང་་སྒྲ་རྙིང་ཤོས་འདི་ འཐེན་ཡོདཔ་ཨིན་མས། གླུ་གཞེས་ཀྱི་མཉམ་འདི་་ སྐྱོ་གླུ་གཅིག་ཨིན་མས། དེ་ཡང་ གླུ་གཞས་འདི་གིས་ དགེ་སློང་ཟླ་བ་ཟེར་མི་གིས སྡོམ་པ་ཤོར་ཚར་བའི་ཤུལ་ལས་ ཁོ་གི་མི་ཚེ་ནང་ལུ་ སྡུག་བསྔལ་སྣ་ཚོགས་མྱོང་བའི་ སྐོར་ལས་བཤདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འདི་དགའ་སྟོན་དང་རྟེན་འབྲེལ་སྐབས་ རྐྱབ་ནི་སྲོལ་མེད་རུང་ གླུ་གཞས་ཀྱི་ཚིག་འདི་་ འཁྲུལ་སྣང་ལང་སི་སི་ཡོདཔ་ལས་ དུས་གཞན་མིའི་སྐབས་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་ ཞབས་ཁྲབ་ལྔ དང་ཉི་ཤུ་བར་ནང་ གྱལ་ཕྲང་སྟེ་རྐྱབ་ཨིན་མས།
- Radhi
- Trashigang
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་དགེ་སློང་གཞོན་པའི་ཟླ་བ་ས་དགེ་སློང་དབའི། །དགེ་སློང་གཞོན་པའི་ཟླ་བ་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་ཡར་ཡར་རི་གསུམ་རྩེ་ལས་ས་དགེ་སློང་དབའི། །གསེར་གྱི་ལྷ་ཁང་བཞེངས་ཡོད་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་ནང་གི་སྐུ་རྟེན་གསུང་རྟེན་ས་དགེ་སློང་དབའི། །ཕྱི་ལ་བྱིན་རླབས་ཆེ་བའི་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་ཆོས་འཁོར་སྐོར་ར་གཡས་ཀྱི་སྐོར་ན་ས་དགེ་སློང་དབའི། །གཡས་ཀྱི་སྒྲིབ་པོ་(པ་)དག་ཤོག་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་སྐོར་ར་གཡོན་གྱི་སྐོར་ན་ས་དགེ་སློང་དབའི། །གཡོན་གྱི་སྒྲིབ་པོ་(པ་)དག་ཤོག་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་གཡས་གཡོན་མེད་པ་སྐོར་ར་(ན་)ས་དགེ་སློང་དབའི། །ལུས་ཀྱི་སྒྲིབ་པོ་(པ་)དག་ཤོག་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་བླ་མ་བཟང་པོ་བཞུགས་ཡོད་ས་དགེ་སློང་དབའི། །ཆོས་ཀྱི་དངོས་གྲུབ་ཞུ་ཡོད་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་ད་ལྟ་བར་ཆད་སེལ་ན་ས་དགེ་སློང་དབའི། །ཕྱི་མ་ལམ་ཐག་བཟང་བའི་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །
- ཡར་མོ་ Yarmoདགེ་སློང་ས་དགེ་སློང་དགེ་སློང་བཀྲིས་གཡང་ཆགས་གཉིས་ཀུ་ས་དགེ་སློང་དབའི། །དཀོན་མཆོག་གསུམ་ལུ་ཕུལ་གེ་ས་དགེ་སློང་དབའི་བཀྲ་ལ་ཤིས་པར་ཤོག །དབའི་གཡང་ལ་ཆགས་པར་ཤོག །ལགས་སོ། འ་ནེ་ཅིག་རང་ཨིན།། །།