Skip to main content Skip to search
19 Jun 2018
9 min 5 sec
Video Overview
Creators: 
Sonam Tobgye

Choe Rangla is performed here by a group of women from Gangla village. This is a song about parents, three brothers and three sisters. Parents are likened to the sun and the moon, while the three sons are described--from the eldest to the youngest--as King Gesar, a tremor and Nakong Nyudri. The three sisters--from the eldest to the youngest--are paralleled with a longevity vase, a meritorious scarf and a turquoise stone that decorates a longevity vase. In general terms, the song praises the beauty and the significance of all family members. 

༉  ཁྱོད་རང་ལ་བཞུགས་གྲལ་གོང་ལ་ཟེར་བའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་སྒང་ལ་གཡུས་ཚན་ནང་ལས་ཨམ་སྲུ་སྡེ་ཚན་གཅིག་གིས་འཐེན་ཏེ་ཡོདཔ་ཨིན། གླུ་གཞས་འདི་ཕམ་དང་བུ་སྤུན་གསུམ་ དེ་ལས་མོ་སྤུན་གསུམ་གི་སྐོར་ལས་བཤད་པ་རྐྱབ་སྟེ་འདུག དེ་ཡང་ ཕམ་འདི་ཉིན་ཟླདང་འདྲཝ་ཨིནམ་ད་ བུ་སྤུན་གསུམ་འདི་ གླིང་གེ་སར་དང་སོག་རལ་ དེ་ལས་སྣག་ཀོང་སྨྱུག་བྲི་ཚུ་དང་རིགས་མཚུངསམ་སྦེ་བཤད་དེ་འདུག གཞན་ཡང་མོ་སྤུན་གསུམ་ལས་སྦོམ་ཤོས་འདི་ ཚེ་རིང་བུམ་པ་དང་སྤུན་ཆ་གཉིསཔོ་དེ་ བསྔགས་པར་འོས་པའི་དར་ དེ་ལས་གཡུ་རྡོ་དང་དོ་མཉམ་སྦེ་བཤད་དེ་འདུག མདོར་བསྡུ་བ་ཅིན་ གླུ་གཞས་འདི་གིས་ བཟའ་ཚང་ག་ར་གི་མཛེས་ཆ་ཚུ་ལུ་བསྟོདཔ་རྐྱབ་ཨིན་མས། དེ་འབདཝ་ལས་ འབོད་སྒྲ་འདི་ཧན་ཏོང་ཏོ་ཡོད་ནི་འདི་གིས་ ཉན་པ་ཅིན་སྤྲོ་བ་འབྱུངམ་ཨིན་མས།

Transcript search
No results found for this search
0 of 0
  • Gangla Aums: ཁྱོད་རང་ལ་བཞུགས་གྲལ་གོང་ལ་ལ་སྙན་རེ་གསོན་ལ། །ང་ལ་ཡབ་ཡུམ་གཉིས་ཀྱི་ལ་ནི་བཤད་པ་ཡོད། །ང་ལ་ཡབ་ཡུམ་གཉིས་ཀྱི་ལ་ནི་བཤད་པ་ཡོད། །
    གང་ལའི་ཨམ་ཚུ་
  • Gangla Aums: ཡབ་ཆེན་ཨ་པ་ཞོ་ཞོ་(ཞོ་ཤེལ་)ལ་ཟླ་བ་འདྲ། །ཞོ་ཞོ་(ཞོ་ཤེལ་)ཟླ་བ་མུན་ཁམས་ལ་ནི་གསལ་དུ་བྱོན། །ཞོ་ཞོ་(ཞོ་ཤེལ་)ཟླ་བ་མུན་ཁམས་ལ་ནི་གསལ་དུ་བྱོན། །
    གང་ལའི་ཨམ་ཚུ་
  • Gangla Aums: ཡུམ་ཆེན་ཨ་མ་ཁྲི་གདུགས་ལ་ཉི་མ་འདྲ་ལ། །ཁྲི་གདུགས་ཉི་མ་དྲོད་ཉམས་ལ་ནི་སྐྱོང་དུ་བྱོན། །ཁྲི་གདུགས་ཉི་མ་དྲོན་ཉམས་ལ་ནི་སྐྱོང་དུ་བྱོན། །
    གང་ལའི་ཨམ་ཚུ་
  • Gangla Aums: ད་ནི་ཡབ་ཡུམ་གཉིས་ཀྱི་ལ་ནི་བཤད་པ་རྫོགས་ལ། །ད་ནི་བུ་ཆུང་གསུམ་གྱི་ལ་ནི་བཤད་པ་ཡོད། །ད་ནི་བུ་ཆུང་གསུམ་གྱི་ལ་ནི་བཤད་པ་ཡོད། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་ཆུང་ཆེ་བ་གེ་སར་ལ་རྒྱལ་པོ་འདྲ་ལ། །གེ་སར་རྒྱལ་པོ་དམག་དཔོན་ལ་ནི་མཛད་དུ་བྱོན། །གེ་སར་རྒྱལ་པོ་དམག་དཔོན་ལ་ནི་མཛད་དུ་བྱོན། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་ཆུང་བར་མ་མདའ་བཟོ་ལ་སོག་རལ་འདྲ་ལ། །མདའ་བཟོ་སོག་རལ་གེ་སར་ལ་ནི་ཕྱག་ཏུ་ཕུལ། །མདའ་བཟོ་སོག་རལ་གེ་སར་ལ་ནི་ཕྱག་ཏུ་ཕུལ། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་ཆུང་ཆུང་བ་སྣག་ཀོང་ལ་སྨྱུ་འབྲི་འདྲ་ལ། །སྣག་ཀོང་སྨྱུ་འབྲི་འཇིག་རྟེན་ལ་ནི་བསྟན་པ་བཟུང་། །སྣག་ཀོང་སྨྱུ་འབྲི་འཇིག་རྟེན་ལ་ནི་བསྟན་པ་བཟུང་། །
    གང་ལའི་ཨམ་ཚུ་
  • Gangla Aums: ད་ནི་བུ་ཆུང་གསུམ་གྱི་ལ་བཤད་པ་རྫོགས་ལ། །ད་ནི་བུ་མོ་གསུམ་གྱི་ལ་ནི་བཤད་པ་ཡོད། །ད་ནི་བུ་མོ་གསུམ་གྱི་ལ་ནི་བཤད་པ་ཡོད། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་མོ་ཆེ་བ་ཚེ་དབང་ལ་བུམ་པ་འདྲ་ལ། །ཚེ་དབང་བུམ་པའི་(པ་)བླ་མའི་ལ་ནི་ཕྱག་ཏུ་ཕུལ། །ཚེ་དབང་བུམ་པ་བླ་མའི་ལ་ནི་ཕྱག་ཏུ་ཕུལ། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་མོ་བར་མ་བསོད་ནམས་ལ་ཁ་དར་འདྲ་ལ། །བསོད་ནམས་ཁ་དར་བུམ་པའི་ལ་ནི་ན་ཟེ་(ན་བཟའ་)ཕུལ། །བསོད་ནམས་ཁ་དར་བུམ་པའི་ལ་ནི་ན་ཟེ་(ན་བཟའ་)ཕུལ། །
    གང་ལའི་ཨམ་ཚུ་
  • Gangla Aums: བུ་མོ་ཆུང་བ་གཡུ་ཆུང་ལ་དྲུག་དཀར་འདྲ་ལ། །གཡུ་ཆུང་དྲུག་དཀར་བུམ་པའི་ལ་ནི་ཁ་རྒྱན་བཀལ། །གཡུ་ཆུང་དྲུག་དཀར་བུམ་པའི་ལ་ནི་ཁ་རྒྱན་བཀལ། །
    གང་ལའི་ཨམ་ཚུ་
  • Gangla Aums: ཁྱོད་རང་བཞུགས་གྲལ་གོང་ལ་ལ་སྙན་རེ་གསོན་ལ། །ད་ནི་བུ་མོ་གསུམ་གྱི་ལ་ནི་བཤད་པ་རྫོགས། །ད་ནི་བུ་མོ་གསུམ་གྱི་ལ་ནི་བཤད་པ་རྫོགས།། །།
    གང་ལའི་ཨམ་ཚུ་