Video Overview
༉ ལྷུན་རྩེ་ཆ་འོག་ ཀུར་སྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེན་ཏེ་ཡོད་མི་ ཁྱོད་ནི་ཁྲི་གདུགས་ཉི་མ་འགྲོ་མཁན་རེད་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ བརྩེ་གདུང་ཅན་གྱི་ཕོ་མོ་གཉིས་འབད་རུང་ ཕམ་དང་སྤུན་ཆ་འབད་རུང་ ཆ་རོགས་འཆམ་མཐུན་ལ་སོགས་པ་ཁ་འབྱལ་སོ་སོ་འགྱོ་དགོ་པའི་སྐབས་སུ་འཐེན་ནི་ཡོད་པའི་ སྨོན་ལམ་གྱི་གླུ་གཞས་ཅིག་ཨིན་པས། དེ་ཡང་ ཁྱོད་ནི་ཁྲི་གདུགས་ཉི་མ་འགྲོ་མཁན་རེད། །ང་ནི་དགུང་སྟོད་མཐོན་པོ་སྡོད་མཁན་རེད། །འགྲོ་བའི་མི་ནི་ཅི་བསམ་དོན་འགྲུབ་ཤོག །བཞུགས་པའི་མི་ནི་བཀྲ་ཤིས་གཡང་ཆགས་ཤོག་ཟེར་ སྨོན་ཚིག་དང་བཅསཔ་སྦེ་འབྱོན་བཞུགས་འབད་བའི་ཚུལ་ཨིནམ་ད་ དེ་ཡང་ གནམ་དང་ཉི་མ་ གངས་དང་སེངྒེ་ དེ་ལས་སྤང་དང་ཤ་བ་ཚུ་ལུ་དཔེ་སྦྱར་ཏེ་འཐེནམ་ཨིན་མས།
- Kurtoe
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་ཁྲི་གདུགས་ཉི་མ་འགྲོ་མཁན་རེད། །ང་ནི་དགུང་སྟོད་མཐོན་པོ་སྡོད་མཁན་རེད། །ང་ནི་དགུང་སྟོད་མཐོན་པོ་སྡོད་མཁན་རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །You as the sun will go, I as sky will remain. Fulfill all the desire as goer, lets have prosperity and auspicious in residue.
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་གངས་སྟོད་མཐོན་པོ་སྡོད་མཁན་ མེན་ས་ལགས་ང་གི་འདི་ འཛོལ་ཡི་ད་
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་ཁྲི་གདུགས་ཉི་མ་འགྲོ་མཁན་རེད། །ང་ནི་གངས་སྟོད་མཐོན་པོ་སྡོད་མཁན་རེད། །ང་ནི་གངས་སྟོད་མཐོན་པོ་སྡོད་མཁན་རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །You as the lion will go, I as the peak will remain. Fulfill all the desire as goer, lets have prosperity and auspicious in residue.
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་སྤང་སྟོད་མཐོན་པོ་འགྲོ་མཁན་ ད་རུང་འཛོལ་སོ་ཡི་ད་
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་ཤཝ་རྒས་གཡུ་མོ་འགྲོ་མཁན་རེད། །ང་ནི་སྤང་སྟོད་མཐོན་པོ་སྡོད་མཁན་རེད། །ང་ནི་སྤང་སྟོད་མཐོན་པོ་སྡོད་མཁན་རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །You as the reindeer will go, I as the pastureland will remain. Fulfill all the desire as goer, lets have prosperity and auspicious in residue.
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་གཡུས་སྟོད་མཐོན་པོ་འགྲོ་མཁན་(སྡོད་མཁན་)རེད། །ང་ནི་སྨན་ཆུང་བུ་མོ་སྡོད་མཁན་(འགྲོ་མཁན་)རེད། །ང་ནི་སྨན་ཆུང་བུ་མོ་སྡོད་མཁན་(འགྲོ་མཁན་)རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །You as the village will go, I as the lady will remain. Fulfill all the desire as goer, lets have prosperity and auspicious in residue.
- སེངྒེ་བཟང་མོ་ Singye Zangmoལགས་སོ་ལགས།
- བསོད་ནམས་སྟོབས་རྒྱས་ Sonam Tobgayམཚོ་སྟོད་
- སེངྒེ་བཟང་མོ་ Singye Zangmoམཚོ་སྟོད་བཀོ་བཞག་ཡི་ད་
- བསོད་ནམས་སྟོབས་རྒྱས་ Sonam Tobgayཨ་ནཱི་འཐེན་གནང་ད་ལོག་སྟེ་ ང་ལྟ་མ་བསྡུ་སྒྲིག་འབད་སྦེ་ སྦུག་ན་ལས་བཙུགས་ནི་ གངས་སྟོད་་་་་་
- སེངྒེ་བཟང་མོ་ Singye Zangmoགངས་སྟོད་བཀོ་བཞག་སྦེ་ཡ་ལགས?
- བསོད་ནམས་སྟོབས་རྒྱས་ Sonam Tobgayབཀོ་བཞག་ལགས།
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་གངས་སྟོད་མཐོན་པོ་འགྲོ་མཁན་རེད། །ད་ད་རུང་མགུ་འགྱུར་སྦེ་བཏང་ད་ཡི་ད་
- བསོད་ནམས་སྟོབས་རྒྱས་ Sonam Tobgayསེང་ཆེན་ལས་ཨིན་ས།
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་སེང་ཆེན་དཀར་མོ་འགྲོ་མཁན་རེད། །ང་ནི་གངས་སྟོད་མཐོན་པོ་སྡོད་མཁན་རེད། །ང་ནི་གངས་སྟོད་མཐོན་པོ་སྡོད་མཁན་རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །
- སེངྒེ་བཟང་མོ་ Singye Zangmoཁྱོད་ནི་མཚོ་སྟོད་མཐོན་་་་་་ ཁྱོད་ནི་ཉའུ་ཅུང་གསེར་མོ་འགྲོ་མཁན་རེད། །ང་ནི་མཚོ་སྟོད་མཐོན་པོ་སྡོད་མཁན་རེད། །ང་ནི་མཚོ་སྟོད་མཐོན་པོ་སྡོད་མཁན་རེད། ། འགྲོ་བའི་མི་ནི་ཅི་བསམ་དོན་དུ་འགྲུབ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །བཞུགས་པའི་མི་ནི་བཀྲིས་གཡང་ཆགས་ཞུ། །You as the golden fish will go, I as the lake will remain. Fulfill all the desire as goer, lets have prosperity and auspicious in residue.
- སེངྒེ་བཟང་མོ་ Singye Zangmoལགས་སོ་ལགས།། །།