Video Overview
༉ ལྷུན་རྩེ་རྫོང་ཁག་ སྟོད་མཚོ་རྒེད་འོག་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་ ཨ་ལོ་ཐུང་ཀུ་ཅིག་འཐེནམ་ཨིནམ་ད་ གླུ་གཞས་ཀྱི་དབྱེ་བ་དང་འཁྲིལ་བའི་སྐབས་ ཨ་ལོ་འདི་ སེམས་ཀྱི་སྐྱོ་སྣང་ཚུ་ཕྱི་ཁར་བཏོན་ཏེ་འཐེན་དོ་ཡོདཔ་ལས་ ཡོངས་གྲགས་ལུ་ཤར་ཕྱོགས་པའི་ཨ་ལོ་ཟེར་ སྐྱོ་བའི་གླུ་གཞས་ཅིག་ཨིན། ཨ་ལོ་འདི་ གླུ་གཞས་གཞན་བཟུམ་སྦེ་ལེའུ་བསྒྱུར་ཏེ་རྐྱབ་སྲོལ་མེདཔ་མ་ཚད་ གདངས་དང་འཁྲིལ་བ་ཅིན་ གདངས་ཐུང་ཀུ་སྦེ་འཐེན་ཡང་མི་བཏུབ། ཏེ་ཨ་ལོའི་ཚིག་དང་འཁྲིལ་བའི་སྐབས་ ཕམ་སྤུན་ཆ་དང་ལྟོ་ཚང་ གོངམ་དཔོན་གཡོག་ལ་སོགས་པ་ཚུ་དང་གཅིག་ཁར་འཛོམས་པའི་མཐའ་མར་ ལོག་སོ་སོ་ཁ་འབྲལ་བའི་སྐབས་སེམས་འཁྲུལ་རུང་ ལོག་སྟེ་ཞལ་ཡང་ལས་ཡང་དུ་མཇལ་བའི་སྨོན་ལམ་ཡོད་ཟེར་ སྨོན་འདེབས་ཚུ་འཐོནམ་ཨིན་པས། འབྲུག་པའི་ལམ་སྲོལ་མཁས་མཆོག་ རྒས་ཤོས་ཚུ་དང་འཁྲིལ་བ་ཅིན་ འདི་བཟུམ་གྱི་སེམས་འཁྲུལ་བའི་གླུ་གཞས་ཚུ་ དང་ཕུ་འབད་བ་ཅིན་ ལུག་དང་ནོར་འཚོ་མི་ཚུ་ ཆ་རོགས་ག་ཡང་མེདཔ་སྦེ་སྡོདཔ་ད་ སེམས་འཁྲུལ་ཏེ་འཐེནམ་ཨིན་ ཟེར་ཨིན་མས།
- Kurtoe
- ཚེ་རིང་དབྱངས་འཛོམས་ Tshering Yangzomཁྱོད་ནི་ཁྲི་གདུགས་ཉི་མ། །ཨའེ་གླིང་བཞི་བསྐོར་བ་ཐལ་དོ། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomགླིང་བཞི་བསྐོར་བ་ཐལ་རུང་། །ཨའེ་ཅི་བསམ་དོན་ཡང་གྲུབ་ཤིག(འགྲུབ་ཅིག) །
- ཚེ་རིང་དབྱངས་འཛོམས་ Tshering Yangzomག་ནི་ཡུམ་ཆེན་ཨ་མ། །ཨའེ་བཞུགས་པའི་དུས་ལ་འབབ་སྟེ། །
- ཚེ་རིང་དབྱངས་འཛོམས་ Tshering Yangzomཨའེ་བཞུགས་པའི་དུས་ལ་འབབ་རུང་། །ཨའེ་ལ་བཀྲིས་གཡང་ལས་ཆགས་ཤིག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomཨའུ་་་་ལོ་་་་་ ཧེ་ཧེ་་་་་་།། །།