Skip to main content Skip to search
28 Aug 2018
4 min 57 sec
Rating
0
No votes yet
Video Overview
Creators: 
Sonam Chophel

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ དུང་དཀར་གཡུས་ཚན་ལས་སེངྒེ་བཟང་མོ་གིས་ ཡོངས་གྲགས་ཅན་གྱི་བོད་སྒྲའི་གླུ་གཞས་ ཁྱེད་རྣམ་པ་དགུང་སངས་མཐོན་པོ་ཟེར་མི་འདི་འཐེན་ནུག གླུ་གཞས་འདི་ ཁོ་རའི་སྤུན་ཆ་ཚུ་དང་འཕྱད་པའི་རེ་བ་མ་བསྐྱེད་རུང་ དུས་ད་རེས་འཛོམས་མི་འདི་ ཚེ་སྔོན་གྱི་ལས་འཕྲོ་ལས་བརྟེན་ཏེ་ཨིན་པས་ཟེར་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ ལྟ་ལྟོ་ཚང་ དགའཝ་མཐུནམ་ཚུ་འཕྱད་དེ་འཛོམས་སྡོད་པའི་སྐབས་ལུ་འཐེན་ནི་གླུ་གཞས་དགའ་གླུ་ཅིག་ཨིན་མས། གླུ་གཞས་འདི་གི་དཔེ་ཚུ་ཡང་ གནམ་དང་ཉི་མ་ སྤང་དང་ཤ་བ་ གངས་དང་སེངྒེ་ ཆུ་དང་ཉ་མོ་ཚུ་འཕྱད་མི་དེ་ཡང་ ཚེ་སྔོན་གྱི་ལས་འཕྲོ་ཨིན་པས་ཟེར་ དཔེ་དེ་ཚུ་ལུ་བཀོད་དེ་ འཐེནམ་ཨིན་པས།

Show More

  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་དགུང་སངས་མཐོན་པོ། །ང་རང་(ངེད་)རྣམ་པ་ཁྲི་གདུགས་ཉི་མ། །ང་རང་(ངེད་)རྣམ་པ་ཁྲི་གདུགས་ཉི་མ། ། དགུང་དང་ལ་ཁྲི་གདུགས་གཉིས་ཡང་། །མཇལ་བའི་བསམ་པ་ཡིད་ལ་མ་བྱུང་། །འཛོམས་བསམ་པ་ཡིད་ལ་མ་བྱུང་། ། དུས་ད་ལུ་(ད་ལ་)ལན་གཅིག་མཇལ་བ། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །
    Tomorrow you will be high sky; I will be sun. Never thought of being sun and sky together. Due to karmic they had met.
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་གངས་སྟོད་མཐོན་པོ། །ང་རང་(ངེད་)རྣམ་པ་སེང་ཆེན་དཀར་མོ། །ང་རང་(ངེད་)རྣམ་པ་སེང་ཆེན་དཀར་མོ། ། གངས་དང་ལ་སེང་ཆེན་གཉིས་ཡང་། །མཇལ་བའི་བསམ་པ་ཡིད་ལ་མ་བྱུང་། །འཛོམས་བསམ་པ་ཡིད་ལ་མ་བྱུང་། ། དུས་ད་ལུ་(ད་ལ་)ལན་གཅིག་མཇལ་བ། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །
    Tomorrow you will be high peak; I will be great white lion. Never thought of being peak and lion together. Due to karmic they had met.
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་སྤང་སྟོད་མཐོན་པོ། །ང་རང་(ངེད་)རྣམ་པ་ཤཝ་རྒས་རྭ་བཅུ། །ང་རང་(ངེད་)རྣམ་པ་ཤཝ་རྒས་རྭ་བཅུ། ། སྤང་དང་ལ་ཤཝ་རྒས་གཉིས་ཡང་། །མཇལ་བའི་བསམ་པ་ཡིད་ལ་མ་བྱུང་། །འཛོམས་བསམ་པ་ཡིད་ལ་མ་བྱུང་། ། དུས་ད་ལུ་(ད་ལ་)ལེན་ཅིག་མཇལ་བ། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །
    Tomorrow you will be pastureland; I will be reindeer. Never thought of being pastureland and reindeer together. Due to karmic they had met.
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་སྤང་སྟོད་་་་ ཨ་ཀ་་་་་
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་མཚོ་སྟོད་མཐོན་པོ། །ང་རང་(ངེད་)རྣམ་པ་ཉའུ་ཅུང་གསེར་མོ། །ང་རང་(ངེད་)རྣམ་པ་ཉའུ་ཅུང་གསེར་མོ། ། མཚོ་དང་ལ་ཉའུ་ཅུང་གཉིས་ཡང་། །མཇལ་བའི་བསམ་པ་ཡིད་ལ་མ་བྱུང་། །འཛོམས་བསམ་པ་ཡིད་ལ་མ་བྱུང་། ། དུས་ད་ལུ་(ད་ལ་)ལན་གཅིག་མཇལ་བ། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །
    Tomorrow you will be ocean; I will be golden fish. Never thought of being ocean and fish together. Due to karmic they had met.
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་རྣམ་པ་གཡུས་སྟོད་མཐོན་པོ། །ང་རང་(ངེད་)རྣམ་པ་བུ་དང་བུ་མོ། །ང་རང་(ངེད་)རྣམ་པ་བུ་དང་བུ་མོ། ། བུ་དང་ལ་བུ་མོ་གཉིས་ཡང་། །མཇལ་བའི་བསམ་པ་ཡིད་ལ་མ་བྱུང་། །འཛོམས་བསམ་པ་ཡིད་ལ་མ་བྱུང་། ། དུས་ད་ལུ་(ད་ལ་)ལན་གཅིག་མཇལ་བ། །ཚེ་སྔོན་གྱི་ལས་འཕྲོ་ཨིན་མས། །དགའ་སྤྲོ་ལ་མཉམ་དུ་བྱེད་ཤོག །སྐྱིད་སྤྲོ་ལ་མཉམ་དུ་བྱེད་ཤོག །
    Tomorrow you will be village; I will be boy and girl. Never thought of being boy and girl together. Due to karmic they had met.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    So is it.