Skip to main content Skip to search
21 Jun 2018
8 min 10 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi, Trashigang, sings an old boedra song entitled Choe Nampa Gungtey Thuenpo (You Are the High Sky). Lobzang mentions that there used to be a practice of gathering the family, and then composing songs about the gathering. This song is one such song, but its composer and origin is unknown. The song has lyrics focused on religious themes, mentioning the auspicious meeting of the sky and the sun, mountain and lion, pasture and deer, cliff and master, lake and golden fish, and finally the village and parents. The song can be performed in any kind of gathering. It can be performed in a circular formation with around five to twenty dancers.

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ཁྱོད་གནམ་པ་གུང་སྟེ་མཐོན་པོ་ ཟེར་བའི་ བོད་སྒྲ་རྙིང་ཤོ་འདི་ འཐེན་ཡོདཔ་ཨིན། བློ་བཟང་གིས་བཤད་མི་ནང་ སྔོན་མར་འབད་བ་ཅིན་ བཟའ་ཚང་ཚུ་ འཛོམས་པའི་སྐབས་ ཁོང་སྤུན་ཆ་དང་བཟང་ཚང་ཚུ་ འཛོམས་ཚུ་པའི་གནས་སྟངས་ཀྱི་སྐོར་ལས་ ཞབས་ཁྲ་མང་པོ་ཅིག་ བརྩམ་པའི་འགྲལ་ལས་ གོང་ལུ་བཀོད་ཡོད་པའི་ ཞབས་ཁྲ་འདི་གཅིག་ཨིན། ཨིན་རུང་ ཨ་ནི་ཞབས་ཁྲ་འདི་ ག་སྟེ་ལས་འབྱུང་ཡི་ག་དང་ ག་གིས་བརྩམ་བརྩམས་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན། འ་ནི་ཞབས་ཁྲ་འདི་ནང་ རྟེན་འབྲེལ་བཟང་པོའི་ ཉིམ་དང་གནམ་གྱི་འཛོམས་སྡུས་དང་ གང་རི་དང་སེངྒེ་ རྩྭ་ཐང་དང་ཀ་ཤ་ བྱག་དང་མཁས་པ་ མཚོ་དང་གསེར་ཉ་ དེ་ལས་གཡུས་ཚན་དང་ཕ་མ་ཚུའི་ འཛོམས་སྡུད་ཀྱི་སྐོར་ལས་ཨིན་མས། ཞབས་ཁྲའི་དོན་བདག་འདི་ དགེ་མཚན་ཅན་ཅིག་འབདཝ་ལས་ འཛོམས་སྡུད་དང་ དགའ་སྟོན་གྱི་སྐབས་ལུ་ རྐྱབ་དོ་ཡོདཔ་ཨིན། ཞབས་ཁྲའི་འཁྲབ་ལུགས་འདི་ཡང་ ཞབས་འཁྲབ་ལྔ་དང་ ཁལ་གཅིག་གི་བར་ན་ གྱལ་སྒོར་སྒོརམ་སྦེ་རྐྱབ་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ད་ང་བཅས་ར་ ཏེ་ཧེ་མ་ དང་ཕུ་ ཏེ་ཕམ་བུཚ་འཛོམས་སྦེ་ ཏེ་སྡོད་པའི་སྐབས་ལུ་ ཏེ་ཞབས་ཁྲ་ ད་ལོག་སྟེ་ག་དེ་སྦེ་འཛོམས་ཡི་ག་ ལོག་ག་དེ་སྦེ་ རྒྱུ་མཚན་ག་ཅི་གི་དོན་ལས་འཛོམས་ཡི་ག་ཟེར་ ཞབས་ཁྲ་ནང་ན་བཙུགས་ནི་ཅིག་འདུག་ གངས་སྟོད་དགུང་སྟོད་བསྐོར་ཏེ་ ཏེ་ད་ཧེ་མ་ང་བཅས་ར་གཡུས་སྒོ་ལུ་ རྒས་ཤོས་ཚུ་གིས་འཐེན་དེས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་དགུང་སྟོད་མཐོན་པོ། །ངེའི་རྣམ་པ་ཁྲི་གདུགས་ཉི་མ། །ངེའི་རྣམ་པ་ཁྲི་གདུགས་ཉི་མ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    དགུང་དང་ལ་ཁྲི་གདུགས་གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་།
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་གངས་སྟོད་མཐོན་པོ། །ངེའི་རྣམ་པ་སེང་ཆེན་དཀར་མོ། །ངེའི་རྣམ་པ་སེང་ཆེན་དཀར་མོ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    གངས་དང་ལ་སེང་ཆེན་གཉིས་པོ། །མཇལ་བའི་བསམ་པ་ཡིད་མ་འབྱུང་། །མཇལ་བའི་བསམ་པ་ཡིད་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་སྤང་སྟོད་མཐོན་པོ། །ངེའི་རྣམ་པ་ཤཝ་བྱ་(ཤཝ་རྒས་)ལ་རྭ་བཅུ། །ངེའི་རྣམ་པ་ཤཝ་བྱ་(ཤཝ་རྒས་)ལ་རྭ་བཅུ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    སྤང་དང་ལ་ཤཝ་བྱ་(ཤཝ་རྒས་)གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་མཚོ་སྟོད་མཐོན་པོ། །ངེའི་རྣམ་པ་གསེར་མིག་ལ་ཉ་མོ། །ངེའི་རྣམ་པ་གསེར་མིག་ལ་ཉ་མོ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    མཚོ་དང་ལ་གསེར་མིག་གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་དགོན་སྟོད་མཐོན་པོ། །ངེའི་རྣམ་པ་མཚན་ལྡན་ལ་བླ་མ། །ངེའི་རྣམ་པ་མཚན་ལྡན་ལ་བླ་མ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    དགོན་དང་ལ་མཚན་ལྡན་གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་རྫོང་སྟོད་མཐོན་པོ། །ངེའི་རྣམ་པ་དབང་ཆེན་ལ་དཔོན་པོ། །ངེའི་རྣམ་པ་དབང་ཆེན་ལ་དཔོན་པོ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    རྫོང་དང་ལ་དབང་ཆེན་གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་རྣམ་པ་གཡུས་བཟང་ཁྲ་མོ། །ངེའི་རྣམ་པ་དྲིན་ཆེན་ལ་ཕ་མ། །ངེའི་རྣམ་པ་དྲིན་ཆེན་ལ་ཕ་མ། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    གཡུས་དང་ལ་དྲིན་ཆེན་གཉིས་པོ། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །མཇལ་བའི་བསམ་པ་ཡིད་ལ་མ་འབྱུང་། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    འདི་རིང་བདག་ལ་(འདི་ལ་)ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ(པས)། །
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ་ལགས། འདི་བཟུམ་ཅིག་འཐེན་དེས་ལགས་ཧེ་མ་ཕམ་ཚུ་གིས་ལགས།། །།