Video Overview
འདི་ནི་རྒྱལ་བུ་ཞིག་དང་བློན་བུ་ཞིག་འཕོ་བ་གྲོང་འཇུག་སྦྱང་དུ་སོང་བར་རྒྱལ་བུ་ནེ་ཙོའི་བེམ་པོར་ཞུགས་དགོས་བྱུང་པའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།དེང་མ་ཞིག་ལ།
- རྒྱལ་བོ་ཡི་བུ་དང་བློན་པོ་ཡི་བུ་གཉིས་ཀ།
- སྟོད་ཉི་མ་ལྷ་ས་འཕོ་བ་གྲོང་བཞུགས་ཁྲིད་དུ་སོང་།
- དེ་ལྟར་སོང་ནས་ལྷ་ས་ནས།
- ལོ་གསུམ་ལ་འཕོ་བ་གྲུང་བཞུགས་ཁྲིད་ནས།
- འཕོ་བ་གྲུང་བཞུགས་ཁོ་གཉིས་ཀྱིས་ཤེས་སོང་།
- དེ་ནས་ཕྱིར་འཁོར་ནས་ཡུལ་ལ་ཆས་ནས་ཡོང་བ་ཡིན།
- ཡུལ་ལ་ལམ་ལ་ཆས་ནས་ཡོང་བའི་ལམ་དུ།
- ཟོག་ཤི་རོ་ཡོད་ན་དེའི་ཁོག་ཏུ་འཛུལ་ནས་ངེད་གཉིས་འགྲོ།
- བྱ་ཤི་རོ་ཡོད་ན་ངེད་གཉིས་དེའི་ཁོག་ཏུ་གནས་ནས་འགྲོ།
- ངེད་གཉིས་ཀྱིས་འཕོ་བ་གྲུང་བཞུགས་ཁྲིད་པ་ཨེ་བཟང་གི་བལྟ།
- ཡ་ཡ་ཟེར།
- དེ་ནས་མར་ལ་ཡོང་ནས་ལམ་ནས་ནེ་ཙོ་ཤི་རོ་ཞིག་ཡོད།
- དེ་ནས་བློན་པོ་ཡི་བུ་ཡིས་རྒྱལ་བོ་ཡི་བུ་ལ།
- ཡ་ཁྱོད་ནེ་ཙོ་ཡི་ཁོག་ལ་འཛུལ་ནས།
- རི་གན་ལ་དཀྱུས་གསུམ་བརྒྱབ་ནས་ཤོག
- ངས་ཁྱོད་ཀྱི་བེམ་པོ་སྲུང་ནས་འདུག་ཟེར།
- ཡ་ཡ་ཟེར།
- དེའི་ཚད་ལ་རྒྱལ་བོ་ཡི་བུ་ནེ་ཙོ་ཤི་རོ་ཡི་ཁོག་ཏུ་འཛུལ་ནས།
- རི་མགོར་དཀྱུས་གསུམ་བརྒྱབ་ནས།
- བློན་པོ་ཡི་བུ་ཡིས་རང་གི་བེམ་པོ་ཕུད་ནས།
- རྒྱལ་བོ་ཡི་བུའི་བེམ་པོའི་ཁོག་ཏུ་འཛུལ་ནས།
- བློན་པོ་ཡི་བུའི་བེམ་པོ།
- བློན་པོ་ཡི་བུ་ཡི་རྟ་ཁ་ནས་འདུག་ཏུ་བཅུག
- དེ་རེད་རྒྱལ་བོ་ཡི་བུ་འགྲོ་ས་འདུག་ས་མ་རྙེད་པ་རེད།
- ལས་ངན་པོ་ཁྱོད་ཀྱིས་ངའི་བེམ་པོ་ངའི་ལག་ནས་བླངས་ཏེ།
- ཁྱོད་ཀྱིས་བེམ་པོ་བཙལ་ནས་ཅི་བྱེད་ཟེར།
- དེ་ལྟར་འཕོ་བ་གྲུང་བཞུགས་ཁྲིད་པ་རེད།
- ཁོ་ཡུལ་ལ་འགྲོ་རྒྱུ་ཟེར།
- རྒྱལ་བོ་ཡི་བུ་ནེ་ཙོ་ཤི་རོ་ཡི་ཁོག་ནས་ཕྱིར་ཐོན་པ་རེད།
- དེ་རེད།
- ནེ་ཙོ་དེ་ནགས་གསེང་གྱེན་ལ་སོང་ནས།
- ནགས་གསེང་གྱེན་ལ་འཕུར་ནས།
- ནགས་གསེང་ན་རྒན་མོ་ཞིག་གིས་ཁྱ་མ་འཁུར་ནས་ཡོང་བཞིན་ཡོད།
- དེ་ནས་ཁྱ་མའི་སྟེང་དུ་བབས།
- བབས་ནས་རྒན་མོ་ཡིས་ཕེ།
- ནེ་ཙོ་འདིའི་ཅི་ཞིག་བྱེད།
- བྱ་འདི་སྣ་ཚོགས་སྟེང་དུ་བབས་ནས།
- ནེ་ཙོའི་སྟེང་དུ་བརྒྱག་རྒྱུ་ཟེར་ནས།
- ནེ་ཙོ་ཡིས་ཨ་མ་ཨ་མ་ཁྱོད་ཀྱིས་ང་ལ་མ་བརྒྱག་དང།
- ང་ཁྱོད་ཀྱི་དྲིན་ཆེན་ཡིན་ཟེར།
- དེ་ནས་རྒན་མོས་ནེ་ཙོ་འཁུར་ནས།
- ཁྱ་མ་འཁུར་ནས་ཡུལ་ལ་ཡོང་བ་ཡིན།
- ཡུལ་ལ་ཡོང་ནས།
- ནེ་ཙོ་ཡིས་མགུར་མ་གསུང་ན་ཡ་མཚན་ཞིག་ཡིན་པ་རེད།
- རྒན་མོ་ཡིས་སྒྲོལ་མ་བཏོན་ན་ཡ་མཚན་ཞིག་ཡིན་པ་རེད།
- དེ་ལྟར་བཏོན་ནས་ཉིན་ཞིག་ལ།
- རྒྱལ་བོ་གཞན་ཞིག་ཚང་གིས་རི་སྤོས་ནས།
- རྒྱལ་བོ་ཚང་ཚོང་བ་ལ་འགྲོ་བ་ཡིན།
- དེས་རི་སྤོས་ནས་ཁོང་ཚང་གི་འདབས་ལ་ཐོན།
- འདབས་ལ་ཐོན་ནས།
- ནེ་ཙོ་ཡིས་མགུར་མ་གསུངས་ནས།
- རྒན་མོ་ཡིས་སྒྲོལ་མ་བཏོན་ནས།
- གཡོག་པོ་གཡོག་མོ་ཚང་མ་ཧ་ལས་སོང་།
- ཉན་ནས་བསྡད་ནས་རྒྱལ་བོ་ཚང་རེད།
- ཁྱོད་ཚོ་སྔོན་ལ་རྟ་ལྡང་དང་ནོར་ལྡང་དང་།
- མགོ་རྭ་ཕུད་དུ་སོང་ནས།
- ཁྱོད་ཚོས་མགོ་རྭ་མ་ཕུད་པ་རེད།
- ཁྱོད་ཚོས་ཅི་ཞིག་བྱས་པ་ཡིན་ཟེར།
- རྒྱལ་བོ་ཐུགས་རྒྱལ་བཞེངས་ནས།
- ཁོང་ཁྲོ་ལངས་ནས།
- ཨ་རྒྱལ་བོ་ལགས་ཐུགས་རྒྱལ་མ་བཞེངས།
- དེ་རིང་གོ་མ་མྱོང་བ་དང་མཐོང་མ་མྱོང་བ་ཞིག་ཡོད་གི
- ཅི་ཞིག་ཡོད་གི
- ཨ་ཡེ་ཞིག་ཡོད་པ་སྒྲོལ་མ་བཏོན་ན་ཡ་མཚན་ཞིག་རེད།
- ནེ་ཙོ་ཞིག་ཡོད་པ་མགུར་མ་གསུངས་ན་ཡ་མཚན་ཞིག་རེད་ཟེར།
- ཡ་དེ་ནས་འདོན་དུ་བཅུག་དང་ངས་ཉན་དང་ཟེར།
- ཅུང་ཙམ་ཞིག་ལ་བླངས་ནས།
- ཨ་ད་འདོན་མི་དགོས།
- དགོང་མོ་ང་ཚོས་ཉན་ཟེར།
- མྱུར་དུ་ལས་ཀ་ལས་ནས་འགྲུབ་བར་བྱོས།
- དོ་དགོང་དེར་ཉན་དགོས་ཟེར།
- དེ་ནས་དགོང་མོ་ཟོག་ཚང་མ་ནང་དུ་བཅུག་ནས།
- ནུབ་ཇ་ཞིམ་པོ་བསྐོལ་ནས།
- ནེ་ཙོ་དང་རྒན་མོ་གཉིས་ལ་བོས་ནས་ནས།
- རྒྱལ་བོའི་བུ་ཡི་ཕོ་བྲང་དེའི་ནང་དུ་བོས་ནས།
- རྒན་མོ་ལ་སྒྲོལ་མ་འདོན་དུ་བཅུག
- ནེ་ཙོ་ལ་མགུར་མ་གསུངས་ཏུ་བཅུག་ནས།
- དེ་ལྟར་བྱས་ནས།
- ནངས་མོར་རྒྱལ་བོ་ཡིས་རྒན་མོ་ལ།
- ཁྱོད་ཀྱི་ནེ་ཙོ་དེ་ཁྱོད་དགོས་པ་ཞིག་མ་རེད།
- ཁོར་དགོས་པ་ཞིག་རེད།
- ངས་མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ནས་སྟེར།
- རྟ་བརྒྱ་སྒ་བརྒྱ་བསྟོད་ནས་ཁྱོད་ལ་སྟེར།
- ཁྱོད་ཀྱི་ནེ་ཙོ་ཁོ་ལ་ཚོངས་ཟེར།
- ཡ་ཡ་དེ་ཡིན་ན་ངས་ཁྱོད་ལ་ནེ་ཙོ་བཙོང་བ་ཡིན།
- ནེ་ཙོ་ཡིས་ཀྱང་ཁོ་ཚོངས་ཟེར།
- ཁྱོད་འཇིག་རྟེན་འདི་ནས་ཟ་འཕྲོ་ཞིག་དང་མགོ་རྭ་ཞིག
- རྒྱུ་ཟོག་གསེར་གསུམ་མེད་ལ་ཁྱོད་ཀྱིས་ཐུབ་པ་མ་རེད།
- ཁོ་ཚོངས་དང་།
- ཁོར་ཁྱོད་ལ་བཤད་རྒྱུ་གཅིག་རེ་ཡོད།
- ཁོར་ནེ་ཙོ་ཡི་ཤུན་པགས་འདི་ཤིང་བཟོ་བོས་ནས་བསྡད་དེ།
- ཡག་པོ་བྱས་ནས་ལས་དགོས།
- ནེ་ཙོ་དང་འདྲ་བ་ཞིག
- དེ་ནས་སྟེང་དུ་ལྷ་བཟོ་ཡིས་ཚོན་སྣ་ཚོགས་གཏོང་དགོས་ཟེར།
- རྒྱལ་བོ་ཚང་ལ་མེད་པ་མ་རེད།
- ལྷ་བཟོ་བོས་ནས་ཤིང་བཟོ་བོས་ནས།
- ནེ་ཙོ་ལས་ནས་སྟེང་དུ་ཚོན་བཏང་།
- འཕོ་བ་གྲུང་བཞུགས་རྒྱལ་བོ་ཡི་བུ།
- ནེ་ཙོ་ཡི་ནང་དུ་གནས་པ་རེད།
- ཁོ་ཡིས་ནེ་ཙོ་ཡི་ཤུན་པགས།
- དེང་མ་ཡི་ཤུན་རོ་ཕྱིར་གཡུགས་པ་རེད།
- དེ་ལྟར་བྱས་ནས་རྒྱལ་བོ་ཚང་གིས་ཁྱེར་ནས་ཡུལ་ལ་སོང་།
- ཡུལ་ལ་སོང་ནས་ལོ་གཅིག་འགོར་རྗེས།
- ཁོ་ཡུལ་ལ་འགྲོ་དགོས།
- ཁོ་ཡུལ་ལ་སོང་ནས་ཕྱིར་ཡོང་ཟེར་ནས་ཡ་ཡ་ཟེར།
- དེ་ནས་ཁོ་ཡུལ་ལ་སོང་ནས།
- ཁོ་ཡི་ཡུལ་ངོ་མ་ལ་སོང་ནས།
- ཁོ་ཡི་བེམ་པོ་ཡི་ནང་ནས་བློན་པོ་ཡི་བུ་ཡོད་པ་རེད།
- རྒྱལ་བོ་ཚང་གིས་རྒྱལ་བོ་ཡི་བུ་ཡིན་ཟེར་ནས།
- རྒྱལ་བོ་ཡིས་མ་གཅེས་ནི་མ་རེད།
- གང་བཟང་བ་གང་ལེགས་པ་གོན་ནས་བསྡད་ཡོད།
- དེ་ནས་གཞན་གྱིས་དེ་ལྟར་བཤད།
- དེ་རིང་ཅི་འདྲ་བའི་ནེ་ཙོ་ཡག་པ་ཞིག་ཡོད་གི་ཟེར།
- རྒྱལ་བོ་ཡི་བུ་དེས་ཁྱོད་འདིར་ཤོག
- ཁོ་ད་རག་བར་དུ་འདིའི་ནང་ནས་བསྡད་པ་ཡིན།
- ཁོ་འདི་འདྲའི་ཡག་པོ་ཞིག་ཏུ་གྱུར་བ་རེད།
- དེ་རིང་ཁྱོད་འདིའི་ནང་དུ་གནས་ནས་སྡོད་ལ།
- ང་ཁྱོད་ཀྱི་བེམ་པོའི་ཁོག་ཏུ་འཛུལ་ནས་འདུག་ཟེར།
- ཁྱོད་མཁར་འདི་ལ་སྐོར་བ་གསུམ་བརྒྱབ་ནས་ཤོག་ཟེར།
- ཡ་ཡ་ཟེར།
- ཁོ་རྒྱལ་པོའི་མཁར་ལ་སྐོར་བ་གསུམ་བརྒྱབ་ནས་ཡོང་དུས།
- རྒྱལ་བོའི་བུ་རྒྱལ་བོའི་བུ་ངོ་མ་ཡིན་པས་རྒྱལ་བོའི་གམ་ན་སོང་།
- ཁོ་ངོ་མས་ཤིང་ཐོ་སྐམ་པའི་ཁོག་ནས་དེ་ལྟར་བསྡད་པ་རེད།