Skip to main content Skip to search
02 Feb 2016
6 min 17 sec
Rating
0
No votes yet
Video Overview
Creators: 
Rinzin Dema, Sonam Choden

Dawa from Paro Tsento tells the history of Yoedselgang Temple in Paro Taktsang, a temple complex first built in the 17th century in Western Bhutan. According to the traditional account, Taktsang used to have sixteen different temples, eight inside the main temple complex, and eight outside. Drupthob Jimba Gyeltshen is said to have founded all of these. Yoedselgang is one of the temples built outside the main Taktsang temple. It is the residence of Guru Padmasambhava, one of the eight manifestations of Guru Rinpoche. The temple comprises of a statue of Buddha surrounded by many other statues of Kagyu masters. 

Show More

  • ཟླ་བ
    ལ་སོ་ལགས་ ད་ལྷ་ཁང་འདི་ང་བཅས་སྤ་རོ་ཆང་བསྡུ་ལུ་ སྤ་རོ་སྟག་ཚང་ཟེར་ ཁ་གིས་སྟག་ཚང་ཟེར་ཨ་ནི་སྦེ་སླབ་མ་ཏོག་ཅིག་བུ་ སྟག་ཚང་ན་ལྷོད་འདི་དབྱེ་བ་ཕྱི་བལྟཝ་ད་ ཏེ་འདི་ན་ལུ་ལྷ་ཁང་ཧམ་པ་མ་དྲཝ་མ་དྲཝ་བརྒྱད་ཡོདཔ་ཨིན་ལགས།
  • ཟླ་བ
    ནང་རྫས་ལུ་མར་དཔལ་ཕུག་ནང་ལུ་ བྱག་སྐད་པར་གྱི་ལྷ་ཁང་སྦོམ་འདི་ནང་ལུ་ནང་རྫས་བརྒྱད་ཕྱིར་ཁ་བརྒྱད་སྦེ་ཡོད་པའི་ལགས།
  • ཟླ་བ
    ད་འ་ནི་ཕྱིར་ཁར་བརྒྱད་ཡོདཔ་ད་མར་ལས་སྦེ་རྩེཝ་ད་ དཔལ་ཕུག་འདི་རང་གི་གཅིག་ ཤར་མ་གི་གཉིས་ དེ་ལསན་མར་ཆད་ཕུག་གི་གསུམ་ ཕར་ཟིམ་ཅུང་གསར་པོ་གི་བཞི་ བཟང་ཏོག་དཔལ་རི་གི་ལྔ་ སིང་གེས་ཕུག་གི་དྲུག་ ཨོ་རྒྱན་རྩེ་མོ་གི་བདུན་ ན་འོད་བསལ་གང་གི་བརྒྱད་བརྩེཝ་ཨིན་ལགས།
  • ཟླ་བ
    ད་འ་ནི་བརྒྱདཔ་འདི་ད་ གནས་ཡིག་ནང་ག་དེ་སྦེ་ཡོད་ག་འདི་ང་མི་ཤེས་ ང་ཨ་ནི་ཁ་རྒྱུན་སྦེ་ རྣ་རྒྱུན་སྦེ་གོ་གོཝ་ཨིན།
  • ཟླ་བ
    ཏེ་འ་ནི་སྦེ་འབདཝ་ད་གུ་རུ་མཚན་བརྒྱད་ཡོདཔ་ད་ལྷ་ཁང་བརྒྱད་ཡོདཔ་ཨིན་ཟེར་འ་ནི་སྦེ་སླམ་སྲོལ་འདུག
  • ཟླ་བ
    ཏེ་ན་གི་འདི་ད་གུ་རུ་བསམ་བ་བ་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    ཏེ་ན་གི་ལྷ་ཁང་གི་མིང་འདི་ལུ་ ལྷ་ཁང་འོད་བསལ་གང་ཟེར་སླབ་ཨིན་ཟེར་ཞུ་ནི་ཨིན།
  • ཟླ་བ
    ཏེ་ད་ལྷ་ཁང་འདི་ནང་ལུ་ཏེ་ བདན་གསར་བཅའ་མི་བླམ་འདི་སྒྲུབ་ཐོམ་བྱིན་བ་རྒྱལ་ཚན་གྱི་ཏེ་བདན་གསར་ཨིན་ཟེར་ཞུ་ནི་ཨིན་ལགས་ སྒྲུབ་ཐོབ་བྱིན་པ་རྒྱལ་ཚན་གྱི་བདན་གསར་ཨིན།
  • ཟླ་བ
    ད་ད་དུས་རབས་འབད་བ་ཅིན་ད་ད་ང་གིས་འདི་བརྟན་བརྟན་ཅིག་སྦེ་ཞུ་ནི་མེད་ རྣ་རྒྱུན་གྱིས་སྦེ་གོ་གོཝ་སྦེ་ནི་འདི་གི ད་དུས་རབས་འབད་བ་ཅིན་ དུས་རབས་སྦེ་བརྩེ་བ་ཅིན་ད་ད་ད་བརྡ་ཡང་མི་ཚུགས་པས།
  • ཟླ་བ
    ད་མི་རབས་འབད་བ་ཅིན་ཡུདཔ་ཅིག་ལོ་ཡུདཔ་ཅིག་བརྒྱདཔ་བཅུ་ཇ་སུམ་དང་ལྔ་དེམ་ཅིག་ཕར་ལས་ཁར་གྱི་ནེམ་ཨིན་མས།
  • ཟླ་བ
    མ་པ་ཨིན་ནི་འདི་སྟག་ཚང་ དཔལ་ཕུག་ཕྱགས་པའི་སྒང་ལས་རང་ན་གི་ལྷ་ཁང་འདི་འདུག་ཟེར་ཞུ་ནི་ཨིན།
  • ཟླ་བ
    ད་ཧེ་མ་ལྷ་ཁང་འདི་ཐོག་གསུམ་སྦེ་འདུག་ལགས་ ལྷ་ཁང་ཧེ་མ་ཐོག་སུམ་སྦེ་ཡོད་ཟེར་སླབ་མས་ ཐོག་གསུམ་ཡོདཔ་ད་ལུ་ཏེ་ལོག་ཤུལ་མ་ལས་ཏེ་ཐོག་གཅིག་མར་ཕབ་ཕབ་མས་ཟེར་ཞུ་ནི་ཨིན།
  • ཟླ་བ
    ཏེ་ད་ལྟོ་ལྷ་ཁང་འདི་ནང་ལུ་གནམ་མེན་ས་མེད་བྱིན་རླབས་རྩ་ཆེ་ཏོག་ཏོ་ཡོད་དགོ་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ལྷ་ཁང་འདི་བཞེངས་ཚརཝ་ལས་འགོ་བཙུགས་འདི་ད་ལྟོ་ཚུན་ཚུད་བར་ནང་ལྷ་ཁང་ནང་ལུ་ཞིབ་འབྲལ་ཡང་མ་ཤོར་ ལོག་བཞེངས་བཞེངསམ་ཡང་མེན ཉམས་སུ་ཞུ་ཞུཝ་ཡང་མེན་ ལྷ་ཁང་འདི་སྔོན་ག་ཨིནམ་སྦེ་རང་ནང་རྫས་ནང་ལུ་ཡང་འ་ནེ་སྦེ་རང་ཡོད་ལགས།
  • ཟླ་བ
    ད་ན་ལུ་ལྷ་ཁང་གསརཔོ་བཟུམ་སྦེ་འཐོང་མི་འདི་ང་བཅས་ཕྱི་ཁར་ལས་ཨ་ཙི་ཙི་བྱི་བརྐྱབ་ ཨ་ནི་དཀར་ར་ཅིག་བཏང་ ཏེ་ཨ་ནེ་སྦེ་ཨ་རྩེ་རྩི་ན་བཟའ་ཅིག་ཏེ་གྲོན་དགཔ་མ་ལྟོ་ ལྷ་ཁང་ནང་རྫས་ནང་ལུ་ད་ལྟོ་ག་ཅི་ཡང་འབད་འབདཝ་མེད་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    འ་ནི་ཡར་ལས་ཐོག་གསུམ་འབདཝ་ད་ ཐོག་གཅིག་འབདན་ཏེ་འཕགཔ་ད་ཡི་ཟེར་ཞུ་ནི་ཨིན།
  • ཟླ་བ
    ད་འ་ནི་སྐྱངམ་ཅིག་མ་ཏོག་ཅི་པུ་ རོགས་ལྷ་ཁང་ ད་ལྟོ་རོགས་མར་ལྷ་ཁང་ཐོག་གཉིས་སྦེ་ཡོད་ ཏེ་འ་ནི་ལྷ་ཁང་ཐོག་གཉིསཔ་འདི་སྔོན་མ་ག་ཨིནམ་སྦེ་རང་ཏེ་རྟེན་འདི་ཚུ་ཡང་སྤྲོག་རང་མ་སྤོག་པ་ ཏེ་བྱིན་རླབས་ཡང་གནམ་མེད་ས་མེད་རྩ་ཆེ་ཏོག་ཏོ་སྦེ་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    ཏེ་དེ་ལས་འདི་གི་ཤུལ་མ་ལུ་ཏེ་ན་ག་དང་ག་བྱོན་ཡི་ཟེར་བ་ཅིན་ ཨེངང་ང་བཅས་ཀྱི་སྐྱབས་རྗེ་རྗེ་དགེས་བདུན་རིན་ཆེན་ད་ལྟོ་ཕར་བཞུགས་མི་གི་རྗེ་དགེས་བདུན་རིན་ཆེན་ལོ་གསུམ་ཆོས་གསུམ་གྱི་མཐུན་དགོ་དང་པ་འདི་ན་འ་ན་གནང་གནངམ་ཨིན་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    ཏེ་འ་ནི་འབད་ནི་འདི་གི་ད་ལྟོ་གནམ་མེད་ས་མེད་རྩ་ཆེ་དྲག་ཡོད་མི་འདི་ཏེ་ལྷ་ཁང་འདི་གི་ཐོག་ཁར་ལུ་སྟན་པ་ཅིག་ཡོད།
  • ཟླ་བ
    ཏེ་འདི་ལས་སྟན་པ་འདི་རྟེན་གཙོ་བོ་འདི་སྟན་པ་ཨིན་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    ཏེ་འདི་གི་སྐོར་རི་འཁོར་རུ་ལུ་ ཏེ་ད་ཨིན་ནི་འདི་ཏེ་ད་སྐུ་གྲ་ལེ་ཤ་ཡོད།
  • ཟླ་བ
    ཏེ་ཡོད་པའི་གི་ནང་ལས་ཏེ་ང་བཅས་ནང་རྫས་ལུ་ཏེ་ད་བཀའ་རྒྱུད་བླམ་སྦེ་ཨ་ནེ་སྦེ་ཡོད་པའི་ལགས་ ང་བཅས་འབད་བ་ཅིན་ད་ཐོ་གང་དེ་རེ་གི་རྩི་རེ་བརྒལ་མེད་འ་ནིམ་ཅིག་གེ་མེད་ལགས།
  • ཟླ་བ
    ད་འ་ནི་བཀའ་རྒྱུད་བླམ་འདི་ག་དེ་སྦེ་བྱིན་རླབས་ཡོད་དགོཔ་སྨོ་ཟེར་བ་ཅིན་ཧེ་མ་སྒྲུབ་བྱིན་པ་རྒྱལ་ཚན་ཁོ་རང་གིས་སྦེ་ ཨེང་་སྐུ་བཞེངས་འདི་སྦེ་ད་སྐུ་བཞེངས་འབདཝ་ད་ལུ་ད་སྐུ་བཞེངསམ་ད་ལུ་ ཏེ་བཀའ་རྒྱུད་བླམ་ཡར་ལས་མར་ཡུདཔ་ཅིག་ཧ་ལམ་མངམ་འབདཝ་ད་ བཀའ་རྒྱུད་བླམ་གྱི་ བླམ་ཁོ་བླམ་ཡུདཔ་ཅིག་ཕྱེད་ཀ་དེམ་ཅིག་བཞེངས་ ཕྱེད་ཀ་གུ་ལྷོདཔ་ད་ ཏེ་ཁོ་ཨ་ནི་བླམ་འདི་གི་མཚན་འདི་སེམས་ཁར་དྲན་པའི་ ཏེ་འདི་ལས་ཨ་ནི་སྐུ་ཟུགས་འདི་ཚུ་ ཕྱག་མཚན་འདི་ཚུ་ང་བཅས་ཨ་ནི་སྦེ་ག་དེ་སྦེ་བཞུགསཔ་ཨིན་ན་ཐུགས་ལས་རལ་སོང་འདི་ལགས།
  • ཟླ་བ
    ཏེ་ནི་ལས་ཏེ་ད་ཁོ་ཏེ་ད་དཔེ་ད་ང་གིས་འདིའི་དོན་བདའ་མ་བཟུམ་ ད་ནང་པ་དྲོ་པ་དཔེ་ཆ་ནང་ལུ་ཚར་ཅིག་མཇལ་སྦེ་ཚར་ཅིག་ཏེ་ཏེ་བཞེངས་དགོ་ནི་འོང་མས་ཟེར་སླབ་སྦེ་ ཏེ་འདམ་པ་ཚུ་སྐུ་བཞེངས་ནི་སྐུ་འདམ་པ་ག་ར་ཨ་ནེ་ཨ་ནེ་སྦེ་རང་བཞག་པའི་ཟེར་མས་ ཨ་ནི་བྱུ་རིལ་རིལ་སྦེ་བཞག་འདི་ ད་དྲོ་པ་བཞེངས་དགོ་པས་ཟེར།
  • ཟླ་བ
    ཏེ་དྲོ་པ་ལོག་སྒྲུབ་ཐོབ་ཡར་ལོག་འདི་ཡར་བྱོན་ ལྷ་ཁང་ནང་རྫས་བྱོན་པའི་སྒང་ལས་ཏེ་སྐུ་ཚུ་ཁོ་རང་རང་བཞིན་གྱིས་སྦེ་ཁྲུང་ ཕྱག་མཚན་འདི་ཚུ་ག་ར་རྒྱན་རྫོབས་ཁོའི་བཟོ་བཟོཝ་བཟུམ་སྦེ་ ཏེ་ཁོང་རང་རང་ཁྲུང་སྦེ་ཡར་སོངཔ་ལས་ ད་ལྟོ་ཡང་བཀའ་རྒྱུད་པའི་བླམ་འདི་གནམ་མེད་ས་མེད་ཅིག་བྱིན་རླབས་ཡོད་ཟེར་ཞུ་དགོ་མི་འདི་འ་ནི་ཨིན་ལགས།
  • ཟླ་བ
    བཀའ་རྒྱུད་བླམ་ཆ་ཚངམ་སྦེ་ཡོད་ལགས། ཨ་ནི་རེ་ཨ་ནི་རེ་ཆ་ཚང་སྦེ་སྐུ་གྲ་ཚུ་གི་རྒྱབ་ཁར་བཙུགས་འདི་ཡོད་ཟེར་ཞུ་ནི་ཨིན།
  • ཟླ་བ
    ཏེ་འདི་ལསན་ནང་ལུ་གུ་རུ་གསུངས་བྱོནམ་ཅིག་ཡོད་ལགས་ད་རུང་འདི་གི་མི་དོ་བ་ གུ་རུ་གསུངས་བྱོནམ་འདི་ད་སྔོན་མ་སྔོན་མ་རོགས་སྒྲུབ་ཐོབ་བྱིན་པ་རྒྱལ་ཚན་ཞལ་བཞུགས་པའི་སྐབས་ལུ་ཏེ་ཨ་ན་ཕར་སྤང་དཀརཔོ་ཟེར་སླབ་ཨིན་ལགས།
  • ཟླ་བ
    འ་ན་སྤང་དཀར་པོ་ལུ་འ་ན་གི་ན་ལས་ཕར་ལུ་གནམ་མེད་ས་མེད་ད་རེས་བྱང་སྒོ་སྦེ་ཡོད་ལགས།
  • ཟླ་བ
    ཏེ་འ་ནི་བྱང་སྒོ་འདི་ཚུ་ཧེ་མ་བཙན་ཏོ་ཤར་རི་ དེ་ལས་ཕར་ས་མཚམས་ཆོས་རྟེན་ དེ་ལས་མར་འདམ་འཇིག་ག་སྔོན་མ་ཞི་ན་ལས་སྤོག་འདི་མར་འགྱོ་འགྱོཝ་མས་ཟེར་ཞུ་ནི་ཨིན།
  • ཟླ་བ
    ཧེ་མ་ན་ལུ་མས་སིམ་ཆུ་དགོན་པ་ ཏེ་ཧེ་མ་ཁོང་ན་མི་གནམ་མེད་ས་མེད་མི་སྲས་སྦེ་ ཏེ་འདི་ལས་མི་སྲས་འདི་ཚུ་སྐུབ་འབདཝ་ད་ན་སྒྲུབ་ཐོབ་བྱིན་པ་རྒྱལ་ཚན་གྱིས་ ལྷ་ཁང་ཐོག་གསུམ་འབདཝ་ད་ ཐོག་གང་མ་འདི་ནང་ལས་ དཀར་དུང་ཕུག་སྦེ་ ཏེ་མི་འདི་ཚུ་འ་ནེ་སྦེ་སྐུབ་དགོ་ཟེར་མས།
  • ཟླ་བ
    ཏེ་འདི་ལས་སྤ་རོ་གི་ཚེ་བཅུ་འདི་ཡང་སྔོན་མ་ ད་ད་རེས་འབདཝ་ད་འགོ་འདི་ཡང་མར་རྫོང་བྲག་ཚེ་བཅུ་གིས་བཙུགས་མཇུགས་ཡང་མར་ལས་བསྡུཝ་མས་ ཏེ་སྔོན་མ་འབད་བ་ཅིན་འགོ་ན་སྟག་ཚང་ཚེ་བཅུ་གི་བཙུགསཔ་ཨིན་ལགས།
  • ཟླ་བ
    སྟག་ཚང་ཚེ་བཅུ་འདི་ཡང་ག་དེ་སྦེ་བཙུགསཔ་སྨོ་ཟེར་བ་ཅིན་ སྒྲུབ་ཐོབ་བྱིན་པ་རྒྱལ་ཚན་ཁོ་རང་ན་བཞུགས་པའི་ཞལ་བཞུགས་པའི་སྐབས་ལུ་ ཡར་ལས་མི་པུ་ར(ག་ར)དཀར་དུང་ཕུག་ན་སྐུབ་ ཏེ་ན་ལས་ཕར་འཆམ་
    བརྐྱབ་མི་ཡང་ཁོ་རང་ན་གཡུས་ཁ་གི་མི་ ཏེ་འ་ནི་སྦེ་ཏེ་ཁོང་རང་ན་ལས་ཕར་གྱལ་འཙར་གུ་རུ་གསུངས་བྱོནམ་འདི་ཞུ་འབག་ ཏེ་ན་ལས་ཕར་བསལ་གྲགས་གྱལ་བཙར་ ད་ལྟོ་ཕར་ཨོ་རྒྱན་རྩེ་མོ་ཟེར་མི་ནང་ལུ་འགྱོ་དགོ་ལགས།
  • ཟླ་བ
    ཨ་ཕར་ཏེ་ཨ་ཕར་བཏོན་ཨ་ཕར་བསལ་གྲ་འབད་ ན་ལས་ཕར་བྱོན་ ཏེ་ཕར་ལྷོདཔ་ཅིན་ཏེ་ ཏེ་གུ་རུ་གསུངསམ་བྱོནམ་འདི་ཏེ་ཡར་ནེམ་གུ་ལུ་བཞགས་ཏེ་ནི་ལས་ཏེ་འཆམ་བརྐྱབས་རྫོང་བྲག་ཁ་ཚེས་བཅུ་བཟུམ་སྦེ་ ཏེ་ནི་ལས་ཏེ་ད་རུང་ཕར་ལས་ལོག་འཆམ་བརྐྱབས་ ཚེས་བཅུ་མཇུག་བསྡུ་ཚརཝ་ཅིན་ ཕར་ལས་ཚུ་སྦེ་ཞུ་འབག་ན་བསྐྱལ།
  • ཟླ་བ
    ཏེ་ན་སྐུ་གྲ་འདི་གནམ་མེད་ས་མེད་བྱིན་རླབས་ཆེ་དགོ་མི་འདི་འ་ནི་ཨིན་ལགས།
  • ཟླ་བ
    ཏེ་ཧེ་མ་སྒྲུབ་ཐོབ་ཁོ་རང་ཞལ་བཞུགས་པའི་སྐབས་ན་འ་ནི་སྦེ་སྡོད་ནུག ད་འ་ནི་ན་ང་གིས་གནས་ཡིག་ནང་ལས་སྦེ་ཞུཝ་མེན་ ཏེ་ང་བཅས་རང་སྔོན་གང་ལས་ཀྱི་ན་རྐྱེན་ངན་འདི་གནམ་མེད་ས་མེད་ཨ་ནི་སྦེ་ཧེ་མ་ལས་རང་རྣ་རྒྱུད་སྦེ་ཁ་རྒྱུན་སྦེ་བཤད་བཞག་བཞགཔ་ཚུ་ཏེ་ང་བཅས་ཀྱིས་ཨ་ཙི་ཨ་ཙི་རེ་ད་འདི་ན་ཟུར་ཆགས་ ད་ཨ་ཙི་རེ་འགོ་དང་མཇུག་རེས་དོག་དོགཔ་རེས་མ་པ་ལས་རང་འཐོན་འོང་ ད་ག་ཅི་སྨོ་ཟེར་བ་ཅིན་ ཏེ་གཅིགཔ་འདི་གིས་གཅིག་ན་སྤྲོད་ ཏེ་སྤྲོད་ཅིག་སྤྲོད་ཅིག་ད་ཨ་ནི་ང་བཅས་ཀྱི་གནས་ཡིག་བཟུམ་སྦེ་ཨ་ནི་འབད་བ་ཅིན་ཏེ་ད་ག་ལས་ཡང་ཡལ་འགྱོ་སི་མིན་འདུག
  • ཟླ་བ
    ཏེ་ང་བཅས་གཅིག་གིགཅིག་སླབ་འགྱོ་བའི་བསྒང་ལས་འ་ནི་འདི་མ་པ་ལས་ཡལ་འགྱོཝ་མས་ཟེར་ཞུ་ནི་ཨིན་ལགས།
  • ཟླ་བ
    ད་ང་གིས་ན་ལུ་སྤྲོད་ ད་ན་གིས་ཕར་སྤྲོད་པའི་སྒང་ལས་ང་གིས་ན་ལུ་སྤྲོད་པའི་བསྒང་ལས་བརྒྱ་ཆ་ལས་སུམ་བཅུ་དེམ་ཅིག་དོག་ཡར་འགྱོཝ་ལགས་ ད་འདི་ལས་ན་གིས་ཕར་སྤྲོད་པའི་བསྒང་ལས་བརྒྱ་ཆ་ལས་སུམ་བཅུ་དེམ་ཅིག་དོག་འགྱོ་བའི་གང་ལས་ཏེ་ད་ཨ་ཙི་མར་མར་འབབ་འགྱོཝ་མས་ ཏེ་ད་འ་ནི་གནས་ཡིག་ཅིག་ག་དེ་སྦེ་ཡོད་ག་ཏེ་ང་གིས་ལེགས་ཤོམ་སྦེ་བདའ་མ་འཛིན་ ཏེ་ད་འ་ནི་གནས་ཡིག་འདི་ཡོད་པ་ཅིན་འ་ན་ལུ་ཁ་བསལ་སྦེ་ཏེ་ཤེས་སུ་ནི་མས་ཟེར་ཞུ་ནི་ཨིན།