Skip to main content Skip to search
28 Jun 2018
4 min 51 sec
Video Overview
Creators: 
Yeshi Wangchuk

Gup Sangnga learned about the Yidam Thongpa Kinley statue of Chojam Lhakhang from his grandparents. The Yidam residence was intended to be built in Yakpapong village, but the landowner there did not give land for building the lhakhang. Disappointed, he started building the Chojam Lhakhang at its current location. Yidam's disappointment with the owner of the land yielded the name "Chojam" for the lhakhang. Above Ugyencholing, three drupchu, which were utilized for offerings to Yidam (also known as Thongpa Kinley) can be found. In 2016, unable to properly record this video in the lhakhang, it was recorded in Ngarue.

 

རྒཔོ་བགྲེསཔ་ཨཔ་གསང་ངག་གིས་ ལོ་རྒྱུས་འདི་ཚུ་ ཕམ་རྒན་ཤོས་ཚུ་གི་ ངག་རྒྱུན་ལྟར་དུ་སྦེ་ བཤདཔ་ཨིན་པས། ཨཔ་གསང་ངག་གིས་ སླབ་མིའི་ནང་ ཡི་དམ་གྱི་སྐུ་འདྲ་འདི་ ད་ལྟོ་སྐྱོ་འགྱམ་ལྷ་ཁང་ནང་ཡོདཔ་སྦེ་ཨིནམ་ད་  མ་གཞི་ཡི་དམ་གིས་ གདན་ས་འདི་ ད་ལྟོ་ཡག་པ་སྤོང་ཟེར་སར་ བཅག་ནི་འབད་ནུག་ཟེར་ཨིན་པས།  དེ་འབདཝ་ད་ སའི་ཇོ་བདག་གིས་ བྱིན་མ་བཏུབ་པར་ དེ་ལས་ ཐུགས་ཕམ་སྟེ་ གདན་ས་འདི་ ད་ལྟོའི་སྐྱོ་འགྱམ་ལྷ་ཁང་ཡོད་སའི་ས་སྒོ་ནང་ལུ་ བཅགས་གནང་ནུག་ཟེར་ སླབ་ཨིན་པས། དེ་གིས་སྦེ་ ས་གནས་ཀྱི་མིང་ལུ་ སྐྱོ་འགྱམ་ཟེར་སླབ་དགོ་མི་དེ་ཡང་ ཡི་དམ་འདི་ཐུགས་སྐྱོ་བ་ལས་བརྟེན་ དེ་སྦེ་དར་ཡོདཔ་སྦེ་ སླབ་ཨིནམ་ད་ ད་ལྟོའི་བར་ན་ཡང་ སྐྱོ་འགྱམ་ཟེར་རང་ སླབ་སྲོལ་ཡོདཔ་ཨིན་མས། ལོ་རྒྱུས་འདི་ སྤྱི་ལོ་ ༢༠༡༦ ལོའི་སྐྱོ་བྱམས་རབ་གནས་ཀྱི་སྐབས་ལུ་ སྒྲ་བཟུང་འབད་ཡོདཔ་ད་ སྒྲ་བཟུང་དེ་ཡང་ དུས་སྟོན་གྱི་ས་སྒོ་ནང་ལུ་ མི་དང་ ཆོ་གའི་སྐད་ལས་བརྟེན་ སྒྲ་བཟུང་ འབད་མ་ཚུགས་པ་ལས་ བརྟེན་ཏེ་ ཉ་རུད་ལུ་སོང་སྟེ་ སྒྲ་བཟུང་འབད་ཡི། ད་རེས་ནངས་པ་ ཨོ་རྒྱན་ཆོས་གླིང་གི་ལྟག་ལུ་ སྐྱོ་འགྱམ་གྱི་གདན་ས་བཅགས་གནང་མི་ ཡི་དམ་གྱིས་ བཏོན་གནང་གནངམ་ཨིན་ཟེར་ གྲུབ་ཆུ་སྤུན་གསུམ་ཡང་ཡོད་ཟེར་ཨིནམ་དང་ རབ་གནས་ཀྱི་སྐབས་ལུ་ ཉ་རུད་ཨ་ཞེ་དང་ སྐྱིད་འཛོམས་ལས་གཡོག་མོ་ཅིག་སྦེ་ གྲུབ་ཆུ་དེ་ཚུ་ལས་ ཆུ་བཟེད་འབག་སྟེ་ ཡི་དམ་གྱི་སྐུ་མདུན་ལུ་ ཡོན་ཆབ་ཕུལ་དགོཔ་ཨིན་པས། ཡི་དམ་གྱི་མཚན་ལུ་ ཨ་རྒས་ཚེ་རིང་གིས་འབད་བ་ཅིན་ མཐོང་པ་ཀུན་ལེགས་ཟེར་ ཞུཝ་ཨིན་ཟེར་ཨིན་པས།

 

Transcript search
No results found for this search
0 of 0
  • གསང་ངག་ Sangngag
    འཕྱོག་འབག་ཞིནམ་ལས་ ཨ་ནཱི་རབ་གནས་ཀྱི་ཉིན་མར་ འཕྱོག་མི་འདི་གིས་ དབང་གནང་ཚར་ཏེ་མིན་འདུག་བ་ཏེ་ དེ་ལས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་འཕྱོག་འབག་སྟེ་ལོ་ལགས?
  • གསང་ངག་ Sangngag
    ཨ་ནཱི་ཞུ་ནི་ཨིན་པའི་གི་ཨ་ནཱི་ ལྟག་གི་མི་འདི་གིས་ དྲགཔ་ཨིན་ཟེར་ ཁོང་གིས་འཕྱོག་འབག་ནུག་བ་ཏེ་ རྟེན་འ་ཡར་ལུ་ཞུ་ཞུཝ་འདི་ ཁོང་གིས་ འཕྱོག་འབག་འབགཔ་མས་ ཏེ་ འཕྱོག་འབག་སྟེ་ དེའི་ཉིན་མར་ཨ་ནཱི།
  • གསང་ངག་ Sangngag
    འདི་ཚུ་གིས་དབང་གནང་ འདི་ཚུ་འབད་ཏེ་ དེ་ལས་ ཞུ་མི་འདི་ཕར་ད་ལྟོ་ང་བཅས་ཕར་འགྱོཝ་ད་ མཆོད་རྟེན་གཅིག་གི་རྩ་བར་གྱེན་ཅིག་ཡོད་བ་ འ་ཕི་ཁར་ཆབ་གསང་འགྱོཝ་ད་ དོམ་གྱི་སོ་བཏབ་ཏེ་མིན་འདུག་ འ་ནཱི་སོར་མ་བཏུབ་པའི་ གནད་དོན་འདི་ལས་བརྟེན་ཏེ་ཨིན་པས།
  • གསང་ངག་ Sangngag
    དེ་ལས་ ནཱ་ལས་ ལོག་སྟེ་ཁྱོད་ར་འབད་ཤིག་ ང་བཅས་མི་བཏུབ་པས་ཟེར་ ལོག་སྤྲོད་སྤྲོདཝ་ཨིན་པས་མར་ལུ་ དེ་ལས་ ལོག་སྤྲོད་དེ་ ཁོང་ར་གིས་ཞུ་ནུག་ དེ་ལས་ ཁོང་གིས་ཞུ་ཞིནམ་ལས་ དེ་ལས་ དེ་གི་ཤུལ་ལས་ ཨ་ཞེ་འབད་མི་འདི་ ང་བཅས་ཀྱི་ ནཱ་ཁྱིམ་ཚང་གཅིག་ཡོད་པའི།
  • གསང་ངག་ Sangngag
    ཉ་རུད་སྟོད་པ་ཟེར་སླབ་ཨིན་ འ་ནཱ་ལས་ མི་འཐོན་ཏེ་ཡར་ ཨོ་རྒྱན་ཆོས་གླིང་གི་ལྟག་ལུ་ ཆུ་སྤུན་གསུམ་ཡོད་པའི་ འ་ནཱི་བཟེད་འབད་དགོཔ་ཨིན་ དེ་ལས་ ཡར་འགྱོ་སྟེ་ ཨ་ཞེ་གིས་བཟེད་ གཡོགམོ་ལུ་སྤྲོད་སྦེ་ ཡར་ལས་འབག་སྟེ་ ལྷ་ཁང་ནང་འབག་དགོཔ་ཨིན།
  • གསང་ངག་ Sangngag
    ཏེ་འདི་གི་ ཡོན་ཆབ་འདི་ཨིན་ འབྲུ་བཀང་འབད་ཞིན་ན་ དཀར་མེ་ཕུལ་ དེ་ལས་ དབང་གནང་མི་ཚུར་ཁར་སྡོད་ དེ་ལས་ ཨ་ཞེ་ཡར་སྡོད་ གཡོག་མོ་མར་སྡོད་སྦེ་ གུར་གཅིག་རང་སྤུབས་ཏེ་སྡོད་དགོ་ལགས།
  • གསང་ངག་ Sangngag
    འ་ནཱི་སྦེ་སྡོད་ དེ་ལས་ ཕྱེད་ཀ་གིས་ རྦད་བཤད་རྐྱབ་སྦེ་ རབ་གནས་འ་ནཱི་སྦེ་འབད་བའི་ལགས་ དེ་ལས་ ཤུལ་ལས་ ཁོ་དེ་སྦེ་ཞུཝ་ད་ ཡར་ལས་སྦེ་ཞུཝ་ད་ དེ་ལས་ ཡར་གསར་སྨད་ལས་ གུང་པ་གསུམ་ ཧེ་མ་འདི་གུང་པ་ལེ་ཤ་ཡོདཔ་ཨིན།
  • གསང་ངག་ Sangngag
    དེ་ལས་ཤུལ་ལས་ གསུམ་ལུ་ལྷོད་ལྷོདཔ་ཨིན་རབས་ཆད་དེ་ དེ་གི་ཧེ་མ་ཁོང་ཡར་ལས་ མི་གཅིག་འཐོན་ཏེ་ ཕྱག་ཞུ་ཞུཝ་མས་ཡར་ལས་ཡར་ དེ་ལས་ ཡར་ལས་བྱོན་ཏེ་ཞུཝ་ད་ ཡར་ལུ་ ཞུ་མི་འདི་ཚདཔ་འཐོན་ཏེ་ འབད་མ་ཚུགས་པར་སྡོདཔ་ད་ འདི་(ཡི་དམ་གྱི་སྐུ་) གིས་གསུང་བྱོན་ཏེ་ དེ་ལས།
  • གསང་ངག་ Sangngag
    ད་ཁྱད་མེད་དུམ་གྲ་ཅིག་ ངལ་གསོ་ད་ཟེར་གསུང་གསུངསམ་ཨིན་ལོ་ འ་ནཱི་ཆུ་འཐུང་ཤིག་ཟེར་ ཆུ་འཐུང་བཅུག་འབད་ཞིན་ན་ དེ་ལས་ ཕྱག་ཞུ་སྟེ་ དེ་ལས་ ཡར་ལས་ཁོ་ལུ་གསུངས་བྱོན་ནུག་བ་ཏེ་ ནཱ་ལས་སྦེ་ ཡག་པའི་སྤོང་ཟེར་སར་ལྷོདཔ་ད།
  • གསང་ངག Sangngag
    འ་ནཱི་ཁར་ཨིན་ ང་འགྱོ་ས་དེ་ཁར་ཨིན་འབདཝ་ད་ ཨ་ནཱི་ཞིང་གི་བདག་པོ་གིས་ མ་བྱིན་བྱིནམ་ཨིན་ཟེར་ཨིན་པས་ དེ་ལས་ འདི་གི་ཤུལ་་ལས་ མར་འོངམ་ད་ ད་ལྟོ་ཡར་ཡོད་མི་ སྐྱོ་འགྱམ་ཟེར་ཏེ།
  • གསང་ངག་ Sangngag
    ཐུགས་སྐྱོ་སྟེ་ ཏེ་ཡར་ལུ་ བཞུགས་བཞུགསཔ་ཨིན་ཟེར་ཨིན་པས་ སྐྱོ་འགྱམ་ཟེར་མི་འདི་ འདི་ལས་བརྟེན་ཏེ་ཨིན་ཟེར་ཨིན་པས་ དེ་ལས་ སྐྱོ་འགྱམ་ལྷ་ཁང་གི་འོག་ལུ་ མཚོ་ཡོདཔ་ཨིན།
  • གསང་ངག་ Sangngag
    མཚོ་ཡོདཔ་ད་ དེ་ལས་ མར་མཚོ་གི་འོག་ལས་ ཟླཝ་ ༢ པ་དང་ ༣ པ་ལས་ཚུར་ ཆུ་ནང་སྐད་རྐྱབ་མི་ སྐྱུག་ཅིམ་ཟེར་འོང་ ཏུག་ཏུག་་་་་་་འབད་མི་ཅིག་ འ་ནཱི་སྐད་རྐྱབ་པའི་ཟེར་ཨིན་པས་ འ་ནཱི་སྐད་རྐྱབ་ནི་འདི་ ད་ལྟོའི་བར་ན་ཡང་ དེ་སྦེ་རང་ཨིན།
  • གསང་ངག་ Sangngag
    སྐད་རྐྱབ་མས་ འ་ནཱི་དེ་སྦེ་རང་ཨིན་ དེ་ལས་ མར་ལས་མར་བཤལ་ཏེ་ བྱོན་ནུག་བ་བྱོན་ནི་འདི་ ག་ཏེ་ཡང་ མགར་ཚང་ལོ་ དོད་ཏང་ལོ་ མཆོད་པ་ལེང་ལོ་ཟེར་མི་ཚུ་ ཁོ་(ཡི་དམ་)བཤལ་ཏེ་བྱོན་བྱོནམ་པའི་ ཞིང་ཚུ་ཨིན་པས།
  • གསང་ངག་ Sangngag
    དེ་ལས་ མཇུག་མཐའ་མཇུག་ལུ་ལྷོདཔ་ད་ ཨ་ཡར་ལུ་བཞུགས་ཏེ་ དེ་ལས་ དེ་སྦེ་མཛད་ནུག་ དེ་ལས་ གཡོག་མོ་འདི་ ཁོང་ར་སྐྱིད་འཛོམས་སྨད་པ་གིས་ ཕྱག་ཞུ་མི་འདི་གཡོག་མོ་ཨིན་ ཨ་ཞེ་འདི་ ནཱ་ཉ་རུད་སྟོད་ལས་ཨིན།
  • གསང་ངག་ Sangngag
    ཨ་ནཱི་ ཉ་རུད་སྟོད་པ་གིས་ ཞུ་དགོ་པའི་དོན་དག་ ཏེ་་་་་བཟོཝ་ད་ གནམ་ཁར་སྐར་མ་ཤར་ ས་ཁར་་་་འབད་འབདཝ་མས་ དེ་སྦེ་འབད་བ་ལས་བརྟེན་ཏེ་ འ་ནཱི་ཆུམ་(?)ཨིན་ཟེར་ཨིན་པས། འ་ནཱི་སྦེ་འབད་དེ་ ཨ་ཞེ་འབད་དེ་ཡར་ཆུ་བཟེད་མི་ཁོང་ཨིན་ལགས།
  • གསང་ངག་ Sangngag
    འ་ནཱི་སྦེ་ཨིན་ དེ་ལས་ འདི་ལས་ཚུར་ལྷ་ཁང་ ཤུལ་ལས་འདི་ རྐྱབ་པའི་རྐྱབ་ལུགས་བཤད་པ་ཅིན་ ག་དེམ་ཅིག་འབད་རུང་བཤད་མི་ཚར་ལགས་ཏེ།