Video Overview
Anung, a villager from Phongmey in Trashigang District, sings a boedra song entitled Meto Tabpai Lola (The Year of Sowing Flower Seeds). The composer of this song compares his root lama with a beautiful flower, which is worth offering in an altar because of its sweet fragrance and beautiful color. The underlying meaning is that his root lama is equally powerful and worthy of respect and offerings. It is a religious song which is performed on religious occasions and celebrations. This song is performed with around five to twenty dancers forming a circle. An old song, its origin and composer are unknown.
བཀྲིས་སྒང་རྫོང་ཁག ་ཕོངས་མེད་རྒེད་འོག་ ལས་འབད་མི་ཨ་ནུང་གི་ འབོད་སྒྲའི་ཞབས་ཁྲ ་མེ་ཏོག་བཏབ་པའི་ལོ་ལ ༼མེ་ཏོག་སོན་བཙུགས་ནིའི་ལོ༽། ཟེར་མི་འདི་ འཐེན་དོ་ཡོདཔ་མས། ཞབས་ཁྲ ་རྩོམ་པ་པོ་གི་ ཁོ་རའི་རྩ་བའི་བླ་མ་འདི་ དྲི་ཞིམ་དང་ཚོད་གཞི་ག་ནི་བ་བྱ་ཆི་ཆི་ ལྷ་ལུ་འཕུལ་ བཏུབ་པའི་མེ་ཏོག་ མཛེས་ཏོག་ཏོ་ལུ་ དཔེ་འབད་བཞག་ནུག། དེ་མ་ཚད་ སྟོབས་ཤུགས་ཅན་དང་ གུས་ཞབས་ཅན་དེ་ལས་ ཕྱག་འཚལ་རུང་བའི་ ཡུལ་འབད་ཡང་ བཞག་ནུག། ཞབས་ཁྲ་འདི་ ཆོས་དང་འབྲེལ་བ་ཡོདཔ་ལས་ ཆོས་དང་འབྲེལ་བའི་དུས་སྐབས་དང་ རྟེན་འབྲེལ་གི་སྐབས་ལུ་ འཁྲབ་ནི་ཡོདཔ་ ཨིན་མས། ཞབས་བྲ་འདི་ མི་ལྔ་དང་ཉི་ཤུ་གི་བར་ན་ སྒོར་སྒོམས་ནང་ལུ་འབད་ རྐྱབ་ཨིན། ཞབས་བྲ་འདི་ སྔོན་གོང་ལས་རང་ ཡོདཔ་ལས་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས།
- Trashigang
- Yabrang
- ཨ་ནུང་ Anungསོ་ཡ་ལ། མེ་ཏོག་ལ་བཏབ་པའི་ལོ་ལ་ས་དང་རི་གང་། །
- ཨ་ནུང་ Anungསོ་ཡ་ལ། མེ་ཏོག་ལ་འཁྲུངས་པའི་ལོ་ལ་ལྡུམ་ར་འོད་ཀྱིས་གང་། །
- ཨ་ནུང་ Anungསོ་ཡ་ལ། མེ་ཏོག་ལ་འབར་བའི་ལོ་ལ་མཆོད་བཤམ་འོད་ཀྱིས་གང་། །
- ཨ་ནུང་ Anungཛའི་ ང་སྐད་ཀྱིས་མི་བཏུབ་པས།
- ཨ་ནུང་ Anungསོ་ཡ་ལ། བླ་མ་ལ་བྱོན་པའི་ལོ་ལ་བོད་ཁམས་འོད་ཀྱིས་གང་། །
- ཨ་ནུང་ Anungསོ་ཡ་ལ། བླ་མ་ལ་བཞུགས་པའི་ལོ་ལ་བྱིན་རླབས་འོད་ཀྱིས་གང་སོང་། །
- ཨ་ནུང་ Anungདེ་ཅིག་རྐྱངམ་ཅིག་དྲན་མས་ལགས།། །།