Video Overview
Attributed to Yaru Asod, this song seeks to reconcile a conflict between two villages.
- Golok Nomadic Area
- དགུང་སྨེ་བདུན་སྐར་མའི་ཞོལ་ན།།
- ཤིང་སུར་དཀར་སྤེན་མའི་འདབ་ན།།
- དུང་གཡས་འཁྱིལ་བླ་བྲང་ཕྱག་མཛོད།།
- འབྲུག་རྒྱང་མཐོང་གདིང་ནས་ལྡིར་དུས།།
- རི་མཐོན་པོ་མཐའ་དཀར་མཐའ་ནག།
- སྨུག་ལ་ལོང་འགོ་བ་དབལ་ཤུལ།།
- ས་མིང་ཡག་རྐོང་གསེར་ཁ་མདོ།།
- མིང་མི་ཡག་སྲེ་རྡོའི་གནས་ན།།
- སྦྲ་ཁྲོ་གོའི་ཕ་དམག་ལྡེམ་ས།།
- མཚོན་རལ་གྲི་སུའི་རྣོ་ལྟ་ས།།
- རྟ་འདོ་ལུ་སུའི་འགྲོ་ལྟ་ས།།
- ཁོའི་ལྷ་རྒྱལ་རྫ་མགོའི་སྨུག་རེད།།
- སྨིག་རྫ་མགོ་སུའི་འཐུབ་ལྟ་ས།།
- རྡོ་གཡའ་མའི་འཐབ་ར་ནང་གི།།
- སེང་ཨ་དོམ་དབལ་ཤུལ་རྡོར་བཀྲ།།
- དཔའ་གདུང་ལ་ལེན་ན་ཁྱོད་རེད།།
- ཁྱོའི་བླ་བྲང་བཙན་ཁང་ནང་གི།།
- རྟེན་བསྒྲུབས་པའི་ཆོས་སྐྱོང་སེར་པོ།།
- ཁྲ་གྱིལ་ལེ་དམག་གི་ཁ་འཛིན།།
- འདང་རྒྱབ་ན་སྡོང་རྒན་འབུ་ཟོས།།
- ཁྱོད་ཡུན་གྱིས་མི་བཟང་རྐྱེན་རེད།།
- སྟོད་གཡུ་རྩེའི་རྫ་ར་འདབ་ན།།
- ལོ་དགུ་བཅུའི་དབལ་ཤུལ་མ་ཅིག།
- ཞེ་ཕོབ་ལ་འདང་ཞིག་རྒྱོབ་དང་།།
- ཁྱོའི་རི་སྡེ་འབྲས་དཀར་ཉི་མ།།
- ཁྱོའི་གྱོད་སྡེ་གྱོང་ཤ་ལག་ཡས།།
- སེད་སེར་བས་མ་བཅོམས་གོང་ལ།།
- གཏམ་ཐང་ལ་ལྷུང་དང་དགེ་རེད།།
- ཁ་ཡར་རྒྱལ་ཡ་རིའི་ཨ་བསོད།།
- ཁ་མི་དལ་བྱེད་གི་གླུ་རེད།།
- ལ་མི་དལ་བྱེད་གི་གཞི་རེད།།
- གླེང་བསམ་གི་མི་རེ་ཡོད་ན།།
- ཁ་སྐྱབས་འགྲོ་ཚར་རེ་མ་བརྗེད།།