Video Overview
འབྲུག་གི་གླུ་གཞས་ཀྱི་སླ་ལས་ བསམ་ཡས་ཀྱི་ས་སླངས་འདི་ གཞུང་སྒྲའི་དབྱེ་ཁ་ནང་ཚུདཔ་ཨིནམ་ད་ གླུ་གཞས་འདི་ ནུབ་ཕྱོགས་རྫོང་ཁག་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་གི་གཡུས་སྒོ་ནང་ འཐེན་སྲོལ་དང་ རྐྱབ་སྲོལ་ཡོད་མི་ཅིག་ཨིན། གླུ་གཞས་འདི་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ རྟ་ལོག་གི་གཙུག་ལག་ཁང་ཆེན་པོ་ བཞེངས་གནང་པའི་སྐབས་ བརྩམས་གནང་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིནམ་ད་ གླུ་གཞས་འདི་ནང་ གཙུག་ལག་ཁང་གི་ རྨང་གཞི་བཙུགས་པ་ལ་སོགས་པའི་དུས་ཚོད་ཚུ་ ནམ་དང་ནམ་ར་འབད་ཡི་གའི་ སྐོར་ལས་བཤདཔ་ཨིན་པས། ཏེ་གཙུག་ལག་ཁང་བཞེངས་ནིའི་དོན་ལུ་ ས་འདི་བྱི་བའི་ལོ་ལུ་བཅད་ཡོདཔ་ད་ འདི་ཡང་ བྱི་རྩི་གིས་ ས་དོང་གཏིང་རིངམ་སྦེ་བརྐོ་སྟེ་ ཚང་སྒྲིང་སྒྲིང་སྦེ་ བཟོ་དོ་བཟུམ་སྦེ་ ང་བཅས་ཀྱིས་ཡང་ དཔེ་འདི་ལུ་སྦྱར་ཏེ་ ས་གཞི་གུ་ ག་ཅི་ར་རྐྱབ་རུང་ གཏན་ཏོག་ཏོ་དང་ སྒྲིང་སྒྲིང་འོང་ཐབས་ ས་འདི་བྱི་བའི་ལོ་ལུ་བཅད་ཡོདཔ་ད་ བསམ་ཡས་ཀྱི་གྱངམ་འདི་ གླང་གི་ལོ་ལུ་དང་ གཙུག་ལག་ཁང་གི་སྒོ་འདི་ཡང་ སྟག་གི་ལོ་ལུ་ལྷོང་ཡོདཔ་མས། འདི་ལས་ རབ་གསལ་འདི་ཡོས་ཀྱི་ལོ་ལུ་ ལྷོང་ཡོདཔ་ད་ གནམ་པང་འདི་ འབྲུག་གི་ལོ་ལུ་ལྷོང་ དེ་ལས་ ཁྱིམ་ཐོག་འདི་ བྱའི་ལོ་ལུ་ལྷོང་ཡོདཔ་སྦེ་ བཤད་ནི་འདུག། གླུ་གཞས་འདི་ ཞབས་དྲུང་འཇིགས་མེད་གྲགས་པ་ཀྱིས་ བོད་བསམ་ཡས་བསམ་ཡས་ཀྱི་ གཙུག་ལག་ཁང་ལུ་ གཞི་བཞག་སྟེ་ བརྩམས་བརྩམས་་ཨིན་ན་ ཡང་ན་ སྤུ་ན་ཁ་ལུ་ཡོད་མི་ རྟ་ལོག་དགོན་པ་ལུ་ གཞི་བཞག་སྟེ་ཨིན་ན་ འདི་ཁུངས་གཏུག་པའི་ཡིག་ཆ་ཚུ་ནང་མིན་འདུག། ག་དེ་སྦེ་ཨིན་རུང་ གླུ་གཞས་ཀྱི་ཚིག་རྒྱན་ལུ་བལྟ་བ་ཅིན་ བོད་ལུ་ཡོད་མི་ བསམ་ཡས་གཙུག་ལག་ཁང་དང་ འབྲུག་ལུ་ཡོད་མི་ རྟ་ལོག་དགོན་པ་གཉིས་ཆ་རང་ལུ འབྲེལ་བ་སྦོམསྦེ་ར་འདུག། རྟ་ལོག་གི་ མི་ཚུ་གིས་འབད་བ་ཅིན་ གླུ་གཞས་འདི་ རྟ་ལོག་གི་ གཙུག་ལག་ཁང་བཞེངས་པའི་ནམ་དུས་ལུ་ བརྩམས་བརྩམས་ཨིན་ཟེར་ བདེན་ཁུངས་བསྐྱལ་ནི་འདུག་ དེ་འབདཝ་ད་ གླུ་གཞས་འདི་གིས་ཚིག་ལུ་བལྟ་བ་ཅིན་ བོད་ལུ་ཡོད་མི་ བསམ་ཡས་ཀྱི་གཙུག་ལག་ཁང་ལུ་ ཁ་གསལ་སྦེ་སྟོན་སྟོནམ་བཟུམ་ཅིག་མཐོང་མས། གླུ་གཞས་ཀྱི་གོ་བ་འདི་ ལཱ་འབད་བའི་ ོཚིགས་གིས་རིམ་པ་ ག་དེ་སྦེ་ཨིན་ན་སྟོནམ་ཨིན་པས།
- Chamgang
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ གཡག་ལེགས་པའི་ལྷ་དར་ཀཝ་འདི་ས། །གཡག་ལེགས་པའི་ལྷ་དར་ལྷ་ཅུང་འདི། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ དངམ་སྐྱེས་ཡུལ་འགྲོ་ཡུལ་ཤེས་མི་དགོ །དངམ་སྐྱེས་ཡུལ་འགྲོ་ཡུལ་ཤེས་དགོ་ན། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ མཐོ་བོ་གངས་རི་དཀར་པོའི་གཞོལ་ལུ་ས། །སྤང་གསེར་ཤོག་ཁ་གི་མཐོ་ས་ལུ། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ རྩྭཝ་མེ་ཏོག་འབབ་ཅུ་(སྦུབ་ཅུ་)ནུབ་ས་ལུ། ཡར་ང་རའི་ཕ་ཡུལ་འདི་ལུ་ཨིན། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ རྩྭ་བཟའ་བ་ཀ་ལི་ཟེ་ལས་ཟ། །ཆུ་འཐུང་པ་ཨོམ་ཆུ་མཚོ་(ཚུ་)ལས་འཐུང་། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ གནམ་བྱཱ་ཟླ་རིམ་གྱིས་རྫོགས་སོ་འདུག །དན་སེ་ཟླ་རིམ་གྱིས་ཚེས་ད་འདུག །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ གཡག་ལས་དབང་ཅན་གྱི་ལྷ་དར་ང་། །གཡག་འཁྲུལ་ནི་ལྷ་དར་ང་འཁྲུལ་བས། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ ཉམས་དགའ་བའི་ཕོ་སྤྲོ་རྐྱབ་ཤེས་རུང་། །གཡག་ལས་དབང་ཅན་གྱི་ལྷ་དར་ང་། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ རྫོང་དཀར་པ་(པོའི་)རྫོང་གི་ནང་ཤེད་ལས། །འདི་དབང་ཆེན་དཔོན་མ་(པོས་)བཀའ་ཅིག་བསྩལ། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ བློ་བེན་དང་ཧོ་ཤོག་བཏགས་མི་གཅིག །སྐེད་ཨ་ད་ཁ་དམར་དཀྱིས་མི་གཉིས། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ རྫོང་དཀར་པ་(པོའི་)རྫོང་གི་ནང་ལས་སྨོ། །འདི་དབང་ཆེན་དཔོན་མ་(པོས་)བཀའ་ཅིག་བསྩལ། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་་ བློ་བེན་དང་ཧོ་ཤུབས་བཏགས་མི་གཅིག །སྐེད་ཨ་ད་ཁ་དམར་དཀྱིས་མི་གཉིས། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ གཡག་ལྷ་དར་ལེན་པར་ཐོན་འོང་འདུག །རང་ལྷ་དར་མ་འགྱོ་ཚད་མིན་འདུག །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ གཡག་བསྐོར་རྒྱབ་བསྐོར་གྱིས་བཅད་རུང་ས། །དན་བསྐོར་རྒྱབ་ལྷ་དར་ང་རང་ཨིན། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ ལགཔ་ཤོ་དང་རྒྱན་གྱིས་འཐུ་རུ་ས། །དན༌དུམ༌ཁ༌ལྷ༌དར༌ང༌རང༌ཨིན། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ གཡག་ལྷ་དར་མ་འགྱོ་བཀའ་མིན་འདུག །རང་ལྷ་དར་མ་འགྱོ་ཚད་མིན་འདུག །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ ལམ་ལྷོད་པ་ཅོ་ལི་ལ་གུ་ལྷོད། །ཡ་ཅོ་ལི་ལ་གུ་ལྷོད་བལྟ་ཚེ། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ གངས་ཡས་ཀྱི་ནགས་ཐང་དགུང་བ་མཐོ། །རང་ལྷ་དར་སྲོག་གཞི་དམའ་མི་དམའ། །
- ཐང་དཀར་དཔལ་འབྱོར Thangka Peljorསྭོ་་་་ མཐོན་དགུང་བ་མཐོ་རུང་བརྒལ་དགོ་པས། །མཐོན་དགུང་བ་མཐོ་རུང་བརྒལ་དགོ་པས། །འ་ནཱེམ་ཅིག་སྦེ་བཞག་དགོ་པས་ལགས། ཚིག་མཛོལ་ཏེ་རང་འཐེན་མི་ཚུགས་པས་ལགས་ ནཱེམ་ ཨེ་ཧེ་ཧེ་ཧེ།། །།