Skip to main content Skip to search
22 Jun 2018
2 min 46 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings the traditional folk song “Jigten Zambuling La.” This song expresses gratitude towards parents, teachers and spiritual masters. She is the only one in her village who knows this song well. This song can be sung at any occasion, but is especially favored at construction sites, weddings, inaugurations, and in all kinds of festive ceremonies. The song is performed either individually or in groups, in which case there can be an accompanying dance.

༉  ཕམ་རྒས་ཤོས་ཚུ་ལས་བརྒྱུད་དེ་འོང་པའི་ འཇིག་རྟེན་འཛམ་བུ་གླིང་ལ་ཟེར་བའི་གླུ་གཞས་འདི་ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་ པདྨ་ལྷ་སྒྲོན་གྱིས་འཐེན་ཏེ་འདུག གླུ་གཞས་འདི་ ད་ལྟོ་ཚུན་ཚོད་ སྒྲ་པར་བཟུང་བཟུངམ་དང་ཡིག་ཐོག་གུ་ཕབ་ཕབ་མེདཔ་ཨིནམ་ད་ གླུ་གཞས་ཀྱི་ཚིག་ནང་ འཇིག་རྟེན་འཛམ་བུ་གླིང་ལ། །སྤྲང་མོ་སྐྱིད་པོ་འདུག་གོ །སྤྲང་མོ་སྐྱིད་པོ་མ་རེད། །ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་ཟེར་ རང་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་ནི་ཡོད་མི་དེ་ རང་རང་གི་བསོད་བདེ་བསོད་ནམས་ལས་བརྟེན་ཏེ་མེན་པར་ ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་ལས་བརྟེན་ཏེ་ཨིན་ཟེར་ ཕམ་གཉིས་ལུ་བཀའ་དྲིན་བསམ་དོ་ཡོདཔ་མས། དེ་ལས་མཇུག་གི་ཚིག་དེ་འབད་བ་ཅིན་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་པའི་ཚིག་ཅིག་ཡང་ཨིན་པས། དེ་ཡང་ མཚོ་འདི་མཚོ་ཆེན་ནང་ལ། །ཉ་མོ་སྐྱིད་པོ་འདུག་གོ །ཉ་མོ་སྐྱིད་པོ་མ་རེད། །མཚན་ལྡན་སྐྱིད་པོ་འདུག་གོ་ཟེར་ ཁྱོད་སྐྱིད་ཏོང་ཏོ་མེན་ ང་རང་སྐྱིད་པོ་ཨིན་ཟེར་ གཞན་མི་དམའ་ཕབ་རྐྱབ་ད་འཐེན་ནི་གི་ཚིག་ཅིག་ཡང་འདུག

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: འཇིག་རྟེན་འཛམ་བུ་གླིང་ལ་སྤྲང་མོ་སྐྱིད་པོ་འདུག་གོ་སོ་ཡ། །སྤྲང་མོ་སྐྱིད་པོ་མ་རེད་ཡབ་ཡུམ་གཉིས་ཀྱི་བཀྲིན་སོ། །གཅིག་ཡ་ལ་གཉིས་ལ་གསུམ། །
  • པད་མ་ལྷ་སྒྲོན་
    Pema Lhadon: རྒྱ་ཡི་ཨ་གུར་སྤོས་དཀར་དུད་པ་ལངས་རང་ལངས་ཤོག་སོ་ཡ། །རྒྱ་ཡི་ཨ་གུར་སྤོས་དཀར་དུད་པ་ལངས་རང་ལངས་ཤོག་སོ། །གཅིག་ཡ་ལ་གཉིས་ཡ་ལ་གསུམ། །
  • པད་མ་ལྷ་སྒྲོན་
    Pema Lhadon: འཇིག་རྟེན་འཛམ་བུ་གླིང་ལ་་་་ མཚོ་འདི་མཚོ་ཆེན་ནང་ལ་ཉ་མོ་སྐྱིད་པོ་འདུག་གོ་སོ་ཡ། །ཉ་མོ་སྐྱིད་པོ་མ་རེད་མཚན་ལྡན་སྐྱིད་པོ་འདུག་གོ་སོ། །གཅིག་ཡ་ལ་གཉིས་ཡ་ལ་གསུམ། །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ།། །།