Skip to main content Skip to search
01 Sep 2018
18 min 36 sec
Video Overview
Creators: 
Yeshi Wangchuk

During the final day of the Chodpa offering festival, there is a practice where people of Buli express their gratitude towards the people and to the lama for the successful completion of the ceremony. In this session, people also share their personal views about how they felt during the celebration. In the session of expressing gratitude they thank all the people with wishes and prayers to meet next year for a fruitful celebration.

 

མཆོད་པའི་དུས་སྟོད་གྱི་ཉིནམ་མཇུག་ལུ་ བུ་ལི་མི་སེར་ཚུ་གི་ བླམ་དང་ མི་ཚུ་ལུ་ དུས་སྟོད་འདི་ དཀའ་ངལ་ག་ནི་ཡང་མེད་པར་ གྲུབ་འབྲས་ཅན་ཅིག་སྦེ་བྱུང་མི་ལུ་ བཀའ་དྲིན་དགའ་ཚོར་བསམ་བརྗོད་འབད་ནིའི་ལམ་ལུགས་ཡང་ཡོདཔ་ཨིན་མས། ལས་རིམ་འདི་ཁར་ མི་ཚུ་གིས་དུས་སྟོན་གྱི་སྐབས་ལུ་ ཚོར་བ་ག་བཟུམ་ཅིག་བྱུང་ཡི་ག་ བསམ་འཆར་ཡང་བསྐྱེད་ནི་འདུག དེ་མ་ཚད་ ཤུལ་མའི་ལོ་འདི་ནང་ཡང་ རྐྱེན་དང་བར་ཆད་ག་ནི་ཡང་མེད་པར་ ལོག་འཛོམས་ཚུགས་པའི་རེ་བ་དང་སྨོན་ལམ་བཏབ་སྟེ་ བཀའ་དྲིན་དགའ་ཚོར་བསྐྱེདཔ་ཨིན། 

 

Transcript search
No results found for this search
0 of 0
  • ད་ མ་པ་ ང་བཅས་རའི་མཆོད་པ་འདི་ ལོ་འཁོར་ཟླཝ་ ༡༢ ཞག་དུས་ཕྱེད་ད་བཅོ་བརྒྱད་ཟེར་ ཧེ་མ་ཕ་མའི་སྐབས་ལུ་རང་ ཡོད་མི་འདི་ དང་པར་དུ་ང་བཅས་རའི་ནཱ་ ཞབས་བཅགས་གནང་མི་ པདྨ་གླིང་པ་དང་ རྡོ་རྗེ་གླིང་པ།
  • དེ་ལས་ ཨོ་རྒྱན་རིན་པོ་ཆེ་ཚུ་ག་ར་ ང་བཅས་ནཱ་ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་ གནས་འདི་ཚུ་ ཕུན་སུམ་ཚོགས་ཏོག་ཏོ་ ག་ར་ང་བཅས་རའི་གཡུས་ཁར་ཡོད་ཟེར་ ཞུ་ནི་ཨིན།
  • དེ་གི་ཤུལ་ལས་ མཁན་པོ་གིས་འབད་བ་ཅིན་ ང་བཅས་ཀྱི་དཀའ་ཐུབ་རིན་པོ་ཆེ་ དེ་ལས་ མཁན་པོ་ཟླ་ཟེར་ བླམ་ཡོངས་འཛིན་ ཁོང་གསུམ་བྱོན་ཏེ་ དེ་ལས་ད་ གཏོར་ཆོག་རིམ་འགྲོ་འབད་རུང་ དེ་ལས་ དབང་ལུང་ཁྲིད་ལུང་ཐད་ཁར་ལས་འབད་རུང་།
  • དེ་ལས་ གཞུང་གི་སྐོར་ལས་འབད་རུང་ ཁོང་གསུམ་གྱིས་འབད་ ང་བཅས་རའི་གཡུས་ཁར་མ་བཏུབ་བཏུབ་འབད་ དེ་སྦེ་དར་ཁྱབ་གནང་ཡི་ཟེར་ ཞུ་ནི་ཨིན་ལགས་ དེ་ཁར་ལུ་ ད།
  • རིན་པོ་ཆེ་ཁྱོད་ར་གོང་ལུ་བཞུགས་ དེ་ལས་ མཚམས་པ་ ཤེས་རིག་ དེ་ལས་ ཞལ་གྲངས་དམངས་གོང་ལུ་ འ་ནེམ་ཅིག་བཞུགས་ཏེ་ ད་རེས་འ་ནེམ་ཅིག་འབད་ ང་བཅས་རའི་ལོ་འཁོར་ཟླཝ་ ༡༢ ཞག་དུས་ཕྱེད་ཟླ་བཅོ་བརྒྱད་ ང་བཅས་དམངས་ཀྱི།
  • མཆོད་པ་འདི་ སྔར་སྲོལ་ལམ་ལུགས་ཟེར་ གཞུང་གིས་ ཡང་ལས་ཡང་བཀའ་གནང་སྟེ་ཡོད་ཟེར་ ཞུ་ནི་ཨིན་ མ་ཉམས་པ་རང་ཡོད་ཟེར་ ཞུ་ནི་ཨིན་ ད་ ག་ཅི་སྦེ་ཟེར་བ་ཅིན་ གཙུག་ལག་ཁང་ ༢ ཡོད་ལགས་ གཙུག་ལག་ཁང་ ༢ འབདཝ་ད།
  • བར་ལྷ་ཁང་འདི་ པད་གླིང་གི་གདན་ས་ཨིན་ དེ་ལས་ནཱ་རྡོར་གླིང་གི་གདན་ས་ཨིན་ རྡོར་གླིང་གི་གདན་ས་ལུ་ཡང་ ཡར་ངོ་མར་ངོ་མ་ཆད་པར་ ང་བཅས་རའི་དམངས་ཀྱི་འབུམ་སྡེ་ ག་དེ་སྦེ་ཡོད་ག་ཟེར་བ་ཅིན།
  • ཟླཝ་ ༨ པ་གི་གཅིག་ བཅུ་པ་གི་གཅིག་ དེ་ལས་ བཅུ་པ་གི་འདི་ དགུན་ལོག་ལོག་པ་?བརྩིས་ལགས་ བརྒྱད་པ་གི་འདི་ བྱཱར་ལོག་ལོག་པ་བརྩིས་ལགས་ འ་ནི་གཉིས་མ་ཉམས་པར་རང་ དེ་ལས་ དམངས་འབད་སྲོལ་ནི་ཡོད།
  • དེ་ལས་ ཡར་ངོ་མར་ངོ་ལུ་ མ་ཆད་མི་འདི་ ཁུངས་ག་ཅི་སྨོ་ཟེར་བ་ཅིན་ ད་ཁོང་ར་རྩ་བོ་རེ་རེ་ གཅིག་དང་གཉིས་འབད་དེ་ ཐོན་ཏེ་དེ་ལས་ འ་ནི་སྦེ་འབད་དེ་ད་ ང་བཅས་ར་ནཱ་མ་ཉམས་པར་ ད་ གཙུག་ལག་ཁང་གཉིས་ཀྱི་ནང་།
  • ཡར་ངོ་མར་ངོ་རྒྱུན་མ་ཆད་པར་ར་ བཟུང་སྟེ་ཡོད་ཟེར་ ཞུ་ནི་ལགས་ངེའི་ཁ་ཐུག་ལས་ དེ་ལས་ ད་རེས་ང་བཅས་ར་ ད་ འ་ནེམ་ཅིག་ཡོད་པའི་རྗེས་འཇུག་ལུ་ཨིན་པས་ ད་ ད་རེས་ང་བཅས་རའི་ ག་ཅི་སྨོ་ཟེར་བ་ཅིན།
  • ལོ་འཁོར་ཟླཝ་བཅུ་གཉིས་ ཞག་དུས་ཕྱེད་ད་བཅོ་བརྒྱད་ཟེར་ ད་རེས་ང་བཅས་རའི་ ཟླཝ་བཅུ་པའི་མཆོད་པ་ཕོག་ཅི་ལགས་ རིན་པོ་ཆེ་གོང་ལུ་བཞུགས་ དེ་ལས་ ནཱ་ལས་མར་ཞལ་གྲངས་དམངས།
  • ང་བཅས་ར་ག་ར་ ཏེ་ གཉེར་པ་ ཐབ་ཚང་པ་ དེ་ལས་ མཆོད་པའི་ལྷ་མོ་ དེ་ལས་ ང་བཅས་རའི་བོན་པོ་ ག་ར་འབད་དེ་ ད་རིས་ང་བཅས་རའི་ མཆོད་པ་འདི་ ག་དེ་དྲག་དྲག་ཅིག་ ཏེ་ མདའ་རྩེད་བརྡུང་རྩེད་བསྒྱུར་མི་གིས་བསྒྱུར།
  • དེ་ལས་ ནཱ་གླུ་གར་མཆོད་པ་ཕུལ་མི་གིས་ཕུལ་ གསུང་ཆོག་གནང་མི་གིས་གནང་ དེ་ལས་ གོང་ལུ་རིན་པོ་ཆེ་ཁྱོད་ར་བཞུགས་ དེ་ལས་ འོག་ལས་མར་ག་ར་ཞལ་གྲངས་དམངས་བཞུགས་ ནེམ་སྦེ་འབད་དེ་ དུས་ཅི་དམངས་ཀྱི་ཁ་ཐུག་ལས་ གནམ་མེད་ས་མེད་བསམ་པ་རྫོགས་ཅི་ཟེར་ ཞུ་ནི་ཨིན་ལགས།
  • ད་རུང་འབད་རུང་ང་བཅས་ འ་ནེམ་ཅིག་འབད་མ་ཉམས་ཅིག་འབད་དེ་ སང་ཕོད་དུས་ཚོད་འ་ནཱི་བཟུམ་ཅིག་ནང་ ག་ར་ཕོ་དྲེལ་གཡས་ལས་མི་བཤོལ་? མོ་དྲེལ་གཡོན་ལས་མི་བཤོལ་བར།
  • ང་བཅས་ར་ཕ་མ་གིས་ བརྩམས་ཏེ་ཡོད་ལགས་ ལྷ་གསར་གདོང་ཁར་མ་ལེན་ ལྷ་རྙིངམ་རྒྱབ་ཏུ་མ་བསྐྱུར་ཟེར་ དེ་ལས་ ཕོ་དྲེལ་གཡས་ལས་མི་བཤོལ་བར་ མོ་དྲེལ་གཡོན་ལས་མ་བཤོལ་བར་ ང་བཅས་ར་ག་ར་ཞལ་གྲངས་གཅིག་ལུ།
  • གཙུག་ལག་ཁང་གཅིག་ལས་ ད་ འགོ་བཙུགསཔ་ད་ཁ་ཉིནམ་ ག་ཅི་སྨོ་ཟེར་བ་ཅིན་ གཏོར་བསྒྲུབས་ལས་འགོ་བཙུགས་དགོ་ལགས་ མཇུག་འདི་ད་རེས་ གཏོར་མ་ཞུ་སྟེ་ ད་ འ་ན་ལས་ཕར་མཇུག་བསྡུཝ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ད་ནེ་ལས་ཚུར་ རིན་པོ་ཆེ་ཁྱོད་ར་གིས་ ད་ ཁ་ཉིནམ་བཀའ་སློབ་གནང་ཡི་ གནང་མི་འདི་ གནང་མི་འདི་ཚར་གཅིག་ཁྱོད་ར་གིས་གསུངས་གནང་ འཐུས་ཡོད་མེད་ ང་བཅས་རའི་སྔར་སྲོལ་ལམ་ལུགས་ཡོད་ལགས།
  • འ་ནི་ཐད་རི་བ་རི་ཞུ་དགོ་ ད་ རིན་པོ་ཆེ་ཁྱོད་ར་གུ་ཕོག་སྟེ་འབད་རུང་ ཐད་རི་བ་རི་ཞུ་དགོ་ ད་ནེ་ལས་མར་ མཆོད་པའི་ལྷ་མོ་གུ་ཕོག་ཞུ་དགོ་ གཉེར་པ་གུ་ཕོག་རུང་ཞུ་དགོ་ ཐབ་ཚང་པ་གུ་ཕོག་རུང་ དྲང་བཞེས་རྐྱབ་མི་གུ་ཕོག་རུང་ཞུ་དགོ་ ཏེ་ ང་བཅས་སྔར་སྲོལ་ལམ་ལུགས་ལུ་ འདི་ཡོད་ཟེར་ ཞུ་ནི་ལགས།
  • ཨ་ནཱི་འདི་ ད་ ཧེ་མ་བཀའ་སློབ་ཁྱོད་རའི་གནང་ཡི་ ཨ་ནཱི་ ད་ མཇུག་ཡང་ད་ ད་རེས་ཨ་ནཱ་ལས་སྦེ་ མཇུག་བསྡུ་དགོ་ཟེར་ ཞུ་ནི་ཨིན་ལགས།
  • ད་ འ་ནཱི་ ད་ ཆད་ག་ཡོད་གའི་ཐོ་དགོ་ཟེར་བ་ཅིན་ ང་བཅས་ཀྱི་ཁ་ཐུག་ལས་ ཕུལ་ནི་ཡོད་ ད་ ང་གིས་ལྟ་དོ་བཟུམ་འབད་བ་ཅིན་ ཡར་ལས་བཀའ་སློབ་གནངམ་བཞིན་དུ་ ཆད་ག་གིས་ཁ་ཐུག་ལས་ཡང་ མ་བྱུང་པར་ལེགས་ཤོམ་འབད་ སེམས་ལས་ངེས་ཏེ་ གྲུབ་འབྲས་བྱུང་ཡི་ཟེར་ ཞུ་ནི་ཨིན་ལགས་ ལགས་སོ་བཀའ་དྲིན་ཆེ།
  • མཁན་སྤྲུལ་དགའ་རབ་རྡོ་རྗེ་ Khentrul Garab Dorji
    ཡ་ད་གཞན་ག་ཡང་ ཞུ་ནི་མེད་ག?
  • ད་ ང་བཅས་གཉིས་ཀྱི་ཁ་ཐུག་ལས་ ཞུ་བ་ཅིན་ ཐབ་ཚང་ནང་ ལཱ་འབད་མི་གཅིག་ གཙོ་བོ་ར་ ང་འདི་ཕར་ཚུར་ ཡམ་ཡོམ་འབད་སྡོད་མི་རྐྱངམ་ཅིག་རང་ཨིན་ ནུ་གཅུང་ཀུན་དགའ་གཡུས་སྒོ་ནང་ ག་ཅི་རང་འབད་དེ་འབད་རུང་ ཁོ་བཟོ་བོ་གི་ཐད་ལས་འབད་རུང་།
  • ཐབ་ཚང་ནང་གི་ལཱ་འབད་རུང་ ག་ཅི་ར་འབད་དེ་འབད་རུང་ ཁོ་མི་གི་ནང་ལས་ ཀྲག་ཀྲ་བཟུམ་ཅིག་ཡོད་ཟེར་ ང་བཅས་གཅིག་གིས་གཅིག་ཡོད་ཟེར་ནེམ་འབད་དེ་ ད་ལྟོ་གདོང་ཁར་ང་ཐོནམ་མམ་ ཕར་ཕྱི་ཁར་ག་ར་ཁོང་གིས་ འབད་འབདཝ་ཨིན་ཟེར་ ཞུ་ནི་ཨིན།
  • ཏེ་ འ་ནཱི་འདི་གི་ཐད་ཁར་ལྷོདཔ་ད་འདི་ ང་བཅས་ལོམ་ལོ་དུས་ཀྱི་? ཧེ་མ་ལོ་བརྒྱ་གཅིག་གི་རྒྱབ་ལས་ ནེམ་འབད་བའི་གི་ འདི་གཅིག་ཨིན་པས་ ལོམ་ལོ་དུས་ཀྱི་མཆོད་པ་ཟེར་ ཏེ་ འ་ནཱི་འདི་ ང་བཅས་ར་ད་རེས་ ཉམས་ནི་མས་ཟེར་ ནེམ་འབད་ ཏེ་ནཱ་དང་པ་ནཱ།
  • མཁན་ཆེན་རིན་པོ་ཆེ་གིས་ ཁོ་ར་གིས་ མཛད་མཛདཔ་སར་ཡོད་ དེ་ལས་ དུས་ཅི་འབདཝ་ད་ ད་རུང་ ཕྱི་ཁར་བཞུགས་མི་ གཞུང་གཡོགཔ་འདི་ཚུ་གིས་ ནེམ་འབད་ཞིན་ན་ དུས་ཅི་ལོག་སྟེ་ གནམ་མེད་ས་མེད་ ཧེ་མ་བ་དྲགཔ་འབད་ ཡོད་ཟེར་ཞུ་ནི་འབད་ཨིན།
  • འདི་ནང་དོན་ཉིད་ལས་ ང་བཅས་ཧེ་མ་འབད་བ་ཅིན་ ཨ་ནཱི་གི་སྐོར་ལས་ཞུ་ནི་ཡོད་ ཨ་ནཱི་ད་ཅི་ཕོ་རྒནམ་གིས་ཞུ་དེས་ ཕོ་རྒནམ་གིས་ཞུ་མི་འདི་ འ་ནཱི་གི་ནང་ བྱཱར་ལ་དགུན་དང་དགུན་ལ་དྲུག་ཟེར་?
  • ལྷ་མཆོད་བོན་ཆོས་ཟེར་ ཧེ་མ་ང་བཅས་བོན་ཆོས་འབད་སྡོད་ནུག་ ཏེ་ ད་རེས་ནངས་པ་འབདཝ་ད་ ད་རུང་ར་ ཕར་མཁན་ཆེན་རིན་པོ་ཆེ་གིས་ ང་བཅས་ཀྱི་ ཧེ་མ་གི་ལམ་ལུགས་ ཉམས་མ་བཞག་པར་ ནེམ་འབད་བཞག་ནི་འབད་ ནེམ་འབད་ཡི་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཏེ་ དུས་ཅི་ང་བཅས་ ཨ་་་མཇལ་མི་འདི་ཚུ་ ལོག་སྟེ་སང་ཕོད་མཇལ་ནི་གི་ རེ་བ་དང་སྨོན་ལམ་གནམ་མེད་ས་མེད་སྦོམ་ཡོད་པའི་ཟེར་ ཞུ་ནི་ཨིན་ དང་པ་རིན་པོ་ཆེ་ མཁན་ཆེན་རིན་པོ་ཆེ་ལུ་ ཞུ་ནི་ཨིན་ གཉིས་ང་བཅས་རའི་ཞལ་གྲངས་ཁ་ཐུག་ལུ་ དེ་ལས་ ང་བཅས་ནཱ་ བོན་པོ་ དེ་ལས་ ང་བཅས་རའི་མཆོད་པའི་ལྷ་མོ་འདི་ཚུ།
  • དེ་ལས་ང་བཅས་ཐབ་གཡོག་གི་ལཱ་འབད་མི་འདི་ཚུ་ དེ་ལས་ མཆོད་པའི་ལྷམོ་འདི་ཚུ་ ག་ར་བཀྲིས་བདེ་ལེགས་ཡོད་ཟེར་ ཞུ་ནི་ཨིན་བཀའ་དྲིན་ཆེ།
  • ག་ཅི་འབད་ཟེར་བ་ཅིན་ ང་བཅས་རའི་མཆོད་པ་ཟེར་མི་འདི་ དང་ཕུ་ས་ཆགས་གནམ་ཆགས་བསྒང་ལུ་རང་ སྡོད་ནུག་ཟེར་ ཞུ་ནི་ཨིན་ལགས་ ད་ཏེ་ཡོད་པ་ལས་ ང་བཅས་རའི་གཡུས་ཁར་ མཁན་སྤྲུལ་ཅིག་བྱོན་ནི་དེ་གིས་ གནམ་མེད་ས་མེད་སྤྲོ་བ་བརྒྱ་ཆ་ལས་བརྒྱ་ཆ་བྱུང་མི་འདི།
  • གནམ་མེད་ས་མེད་ནམ་ཡང་བརྗེད་པར་ཕངས་པའི་གི་ ཏེ་ སྤྲོ་བ་བྱུང་ཡི་ཟེར་ཞུ་ནི་ཨིན་དུས་ཅི་ ག་ཅི་རང་འབད་དེ་འབད་རུང་ མཆོད་པ་ཟེར་མི་འདི་ གནམ་མེད་ས་མེད་ཏེ་ ང་བཅས་ཁེངས་ལུ་ རྡིག་ཤོས་ཅིག་ དགའ་ཤོས་ཅིག་ གནམ་མེད་ས་མེད་ད་ བརྩིསཝ་ཨིན་ཟེར་ ཞུ་ནི་ཨིན་ ད་ག་ཅི་རང་འབད་དེ་འབད་རུང་།
  • ད་ མཆོད་པའི་གྲས་ལས་ འདི་ལས་སྤྲོ་བ་ལྷགཔ་ཅིག་མེད་ཟེར་ ཞུ་ནི་ཨིན་ དེའི་ནང་དོན་ཉིད་ལས་ཡང་ ད་ མཁན་སྤྲུལ་བཟུམ་ཅིག་བྱོན་ དེ་ལས་ འགོ་འདྲེན་མཛད་ མཛདཔ་བཞིན་དུ་ གཞུང་གཡོགཔ་ཚུ་གི་ས་ཡང་ གནམ་མེད་ས་མེད་ ད་ ཕྱག་མདའ་གནང་མི་གིས་གནང་ གཉེར་ཚང་བཏོན་མི་གིས་བཏོན།
  • དུས་ཅི་ གནམ་མེད་ས་མེད་ ད་ དེ་སྦེ་གནང་འབདཝ་ད་ ང་བཅས་ཡང་ སྤྲོ་བ་བརྒྱ་ཆ་ལས་བརྒྱ་ཆ་བྱུང་ཡི་ཟེར་ ཞུ་ནི་ཨིན་ལགས་ དེ་ལས་ གནམ་མེད་ས་མེད་ནམ་ཡང་བརྗེད་པར་ཕངས་པའི་ བཀའ་དྲིན་དགའ་འཚོར་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཞུ་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ དང་པ་ལུ་ རིན་པོ་ཆེ་གི་དབུ་གཙོས་པའི་ ནཱ་གྲྭ་ཚང་གི་ཞལ་གྲངས་ལེ་ཤ་ཅིག་འབད་ གནམ་མེད་ས་མེད་གསུང་ཆོག་གནངམ་ད་ མཆོད་པའི་ལྷ་མོ་གི་ཁ་ཐུག་ལས་ ཡང་འཐུས་ཤོས་འགར་ཤོར་བྱུང་བྱུངམ་འོང་ ང་བཅས་ཐབ་ཚང་པ་གི་ཁ་ཐུག་ལས་ཡང་ འཐུས་ཤོར་འགར་ཤོར་བྱུང་བྱུངམ་འོང་ བྱུང་སྟེ་རང་འབད་རུང་ འདི་ལུ་ཐུགས་བཞེད་ག་དེ་སྦེ་ཡང་འོང་ ང་བཅས་རའི་འདི་ལུ་ལྷོདཔ་ད་ འབད་མེད་བཅགས་མེད་ཅིག་ཨིན་? ཨིན་ཏེ་རང་འབད་རུང་ ཚགས་ཁ་ཚུད་ནི་ལས་ འཐུས་ཤོར་ནི་མང་ཡི་ཟེར་ ཞུ་ནི་ཨིན་ལགས།
  • དེ་འབད་རུང་ ཐུགས་ཁར་མ་བཞེད་པར་ ད་ནཱ་རིན་པོ་ཆེ་གི་ དབུ་གཙོས་ཏེ་ ནཱ་ཞལ་གྲངས་དམངས་ལུ་ གཞན་འདི་མེ་མེ་གིས་ཞུ་དགོཔ་ཅིན་ མེ་མེ་མདའ་རྩེད་མི་ལུ་བརྟེན་ཏེ་ ཏེ་ མེ་མེ་སྟབས་མ་བདེ་བས་ མ་བདེ་སྟེ་འབད་རུང་ འདི་གི་ཚབ་ང་གིས་ཞུ་མི་འདི་ མ་པ་ཚགས་ཁར་མི་ཚུད་ མ་ཚུད་དེ་འབད་རུང་ང་རའི་ཁ་ཐུག་ལས་འབད་ དེམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • དང་པ་རང་ ངེའི་ཁ་ཐུག་ལས་ ག་ཅི་ཞུ་ནི་ཟེར་བ་ཅིན་ ད་རེས་ང་བཅས་ཀྱི་བུ་ལི་མཆོད་པ་ལུ་ ལྷ་གསོལ་ཀླུ་གསོལ་འབད་དེ་ ལྷ་ཁང་ནང་ལུ་ བླམ་ཆོསཔ་ཚུ་གིས་ གསུང་ཆོག་གནང་ དེ་ལས་ ང་གིས་བོན་པོ་གི་ ལྷ་འདི་དུས་དང་ཕུ་ཕ་མའི་སྐབས་ལུ་རང་ ལྷ་བྲང་ལུ་ ལྷ་ཅིག་གསོལ་ཏེ་སྡོད་ནུག
  • འདི་གི་རྒྱུན་མ་ཉམས་པར་ ད་བོན་པ་ཟེར་ ང་གིས་གསོལཝ་མས་ བོན་གསོལ་དགོ་པའི་རྒྱུ་མཚན་ ག་ཅི་སྨོ་ཟེར་བ་ཅིན་ དང་པར་དུ་ཏེ་ ཞབས་དྲུང་བོད་ལས་བྱོན་པའི་ དུས་ཚོད་ལུ་ཏེ་ ཆིབས་ཁ་ལྷོ་ལུ་བསྒོར་བའི་ དུས་ཚོད་ལུ།
  • བོན་པོ་ཤེས་རབ་བསྟན་པ་གིས་ བཀའ་དང་ལུང་ཅིག་བརྩམས་ཏེ་འདུག་ ང་བཅས་རའི་འཛམ་བུ་གླིང་ལུ་ དེ་གིས་འབད་ བོན་པོའི་བསྟན་པ་ཅིག་ ནཱ་ཡང་གནས་ཏེ་སྡོད་ནུག་ དེ་ལས་བརྟེན་ཏེ་ ང་གིས་ཤེསཔ་མཐོངམ་ག་ནི་ཡང་མེད།
  • མེད་དེ་འབད་རུང་ ང་གིས་ཨ་ཙི་རེ་ ད་ མེདཔ་བ་འདི་ ཡོདཔ་དྲག་ཟེར་ཏེ་འབད་ གསོལ་ཁ་ཅིག་ང་གིས་ཕུལ་དོ་ལགས་ ལྷའི་རྒྱལ་པོ་འོད་དེ་གོང་རྒྱན་ཟེར་ གནམ་རིམ་པ་བཅུ་གསུམ་ལས་ ཞུ་སྟེ་དེ་ལས་ བཤགས་པ་ང་གིས་ཕུལ་དགོ་ འདི་ག་ཅི་འབད་ཟེར་བ་ཅིན།
  • ང་བཅས་ཀྱིས་ ལོ་ཐོག་ས་ཁར་བཙུགས་ཏེ་ རྟ་ནོར་སེམས་ཅན་འདི་ཚུ་ལུ་ ལོག་ཐོག་ས་ཁར་བཙུགས་ཞིནམ་ལས་བཤགས་པ་ ཨ་ནཱི་ལོ་གཅིག་གི་བཤགས་བཟུམ་ཅིག་ཨིན་པས་ལགས།
  • ང་གིས་འབད་ ང་བཅས་རའི་དམངས་ཀྱི་སྡེ་ཁར་ འ་ནཱི་འབད་དེ་ ཏེ་ དམངས་ཀྱི་རྒྱུ་སྟོང་ལོག་མ་འགྱོཝ་ཅིག་ ང་གིས་ཕྱག་ཞུ་སྟེ་ འབད་མི་འདི་ཨིན་ ཨིནམ་བཞིན་ད་ ངེའི་འོག་ལས་གཡོག་རྐྱབ་མི་ རྟ་འཚོ་ཟེར།
  • ཏེ་ རྟ་འཚོ་ཟེར་ བརྩིས་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ སྔར་སྲོལ་གྱི་ལམ་ལུགས་ ང་བཅས་རའི་ཕ་མའི་སྐབས་ལུ་ ཡར་གཞལམ་སྒང་རྫོང་ནང་ དཔོན་ཁག་གི་སྐུ་མདུན་ལུ་ རྟ་འཚོ་མི།
  • རྟ་འཚོ་འབད་མི་ རྟ་གསོ་མི་འབད་ ཁོང་སྐོར་རྒྱབ་འབད་དེ་ ཁྲལ་པ་བཞི་ ཁྲལ་པ་གུང་བཞི་གིས་ཏེ་ རྟ་གསོ་བར་འགྱོ་སྟེ་སྡོད་སྡོདཔ་མས་ དེ་ལས་དང་ཕུ་ བུ་ལི་དཔོན་པོ་ཟེར་ བཞུགས་ནུག་ བུ་ལི་དཔོན་པོ་ཟེར་ བཞུགས་པའི་སྐབས་ལུ་ཏེ།
  • བུ་ལི་དཔོན་འདི་ཁོ་ནཱ་ སྐུ་མགྲོན་གཙོ་བོ་བཟུམ་ཅིག་ ཁོ་ནཱ་བཞུགས་པ་ལས་བརྟེན་ཏེ་ དེ་ལས་ བུ་ལི་དཔོན་པོ་གི་འོག་ལས་ གཡོག་རྟ་འཚོ་གི་རྐྱབ་སྟེ་སྡོད་ནུག་ འདི་དང་འབྲེལ་ཏེ་ འ་ནི་གི་རྒྱུན་མ་ཉམས་པར་ ཁོང་རྟ་འཚོ་གིས་ ངེའི་འོག་ལས་ གཡོག་རྐྱབ་མི་ཁོང་རྟ་འཚོ་ཨིན་དགོ་མི་འདི་ འདི་ལས་ཨིན་ལགས།
  • ད་ སྦང་ཆང་ཏོག་ཤིང་དགུ་(ཏོག་ཤིང་ཟེར་མི་འདི་ ཁེངས་ཀྱི་ཁ་སྐད་ནང་ལས་ ཤིང་ལས་བཟོ་བའི་ ཆང་གི་སྦངམ་བསྣད་སའི་ཧོད་ཅུང་ཅིག) གི་རིམ་པ་ དེ་ལས་ ང་ལྷ་ཁང་ནང་འོང་རུང་ ལྷ་ཁང་ནང་ལུ་ ཁོང་རྟོ་འཚོ་གིས་ བཅའ་སྒྲིགས་རྐྱབ་སྟེ་ ཏེ་ང་རྟ་འཚོ་དང་ འབྲེལ་བ་འཐབ་སྟེ་སྡོད་དགོ་མི་དེ་ འདི་ཨིན་ལགས།
  • ད་ གནམ་མེད་ས་མེད་རྒྱས་ཤིང་རྒྱསཔ་འབད་ཞུ་ནི་ག་ནི་ཡང་མེད་ འ་ནེམ་ཅིག་ཨིན་ བཀའ་དྲིན་ཆེ།
  • ད་རེས་ང་བཅས་ ནཱ་ལོ་འཁོར་ཟླཝ་ ༡༢ ཞག་ཀེ་ཕྱེད་ད་བཅོ་བརྒྱད་ཀྱི་ མཆོདཔ་འདི་ སྤྱི་ལོ་ ༢༠༡༤ འབྲུག་ཟླ་བཅུ་པའི་གི་ ཚེས་ ༡༣ ནང་ལས་འགོ་བཙུགས་ཏེ་གིས་འབད་ མཁན་སྤྲུལ་རིན་པོ་ཆེ་ ཁྲི་ཐོག་གུ་བཞུགས་སྦེ་
  • ཏེ་ ང་བཅས་རའི་མཆོདཔ་འདི་ ག་ནི་བ་བྱིན་རླབས་ཆེ་ཏོག་ཏོ་ ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ མཁན་སྤྲུལ་རིན་པོ་ཆེ་ཁོ་རའི་ཐུགས་སྨོན་ལས་བརྟེན་ཏེ་སྦེ་ ལེགས་ཤོམ་ཡར་སོང་ཡི་ཟེར་ ཞུ་ནི་འབད་ཨིན་ལགས།
  • འདི་དང་འབྲེལ་ཏེ་གིས་འབད་ ང་བཅས་ར་རྡོ་རྗེ་སློབ་དཔོན་ བསོད་ནམ་འབྲུག་རྒྱལ་ དེ་མ་ཚད་ང་བཅས་ཉི་མ་ལུང་གི་ དབུ་མཛད་བགྲེསཔ་སློབ་དཔོན་ཤཱ་རིའི་བུ་ དེ་ལས་ ང་བཅས་རའི་ཞལ་གྲངས་ རིན་པོ་ཆེ་ལས་དབུ་གཙོས་ཏེ་གིས་ ཏེ་ནཱ་མཁན་པོ་ཀུན་ལེགས་ ད་མ་ཚད་ང་བཅས་རའི་གཞུང་གཡོགཔ།
  • ད་དྲགོས་ལས་དབུ་གཙོས་ཏེ་ འགོ་དཔོན་ཆེ་འབྲིང་ཆུང་གསུམ་ག་ར་ དེ་མ་ཚད་ང་བཅས་ར་ ནཱ་ཞབས་བྲོ་ཕུལ་མི་གི་ མཆོད་པའི་ལྷམོ་འདི་ཚུ་གིས་ གནམ་མེད་ས་མེད་དུས་ནམ་དང་ཡང་ བརྗེད་པར་ཕངས་པའི་ དུས་གསུམ་གྱི་སངས་རྒྱས་ འབད་རུང་དྲག་ མཁན་སྤྲུལ་རིན་པོ་ཆེ་གིས་ མཛད་གནང་སྟེ་སྦེ།
  • གནམ་མེད་ས་མེད་སེམས་དགའ་ཡི་ཟེར་ ཞུ་ནི་འབད་ཨིན་ལགས་ ད་ འདི་བཟུམ་གྱི་དགའ་སྤྲོ་འདི་ ད་ ཧེ་མ་ཕམ་ཚུ་གིས་ བསམ་བཞག་ནུག་ ཧེ་མ་ཕམ་ཚུ་གི་འདི་ ཉིནམ་གསུམ་ཨིན་པས་ ད་དུས་ཅི་འབདཝ་ད་ མཁན་སྤྲུལ་རིན་པོ་ཆེ་གིས་ ཚེས་བཅུ་གཉིས་ལས་རང་ འགོ་བཙུགས་ཏེ་གིས་འབད།
  • ཚེས་བཅུ་གཉིས་ལུ་གཏོརམ་བཞེངས་ ཚེས་བཅུ་གསུམ་ལྷ་མོའི་ཚོགས་འབུམ་གནང་ ཚེས་བཅུ་བཞི་ལུ་ ང་བཅས་རའི་མཆོདཔ་གནང་ ཚེས་བཅོ་ལྔ་ལུ་ ཁ་ཙ་ང་བཅས་ར་བཙན་དང་སྨནམ་ དེ་ལས་ དཀར་ཕྱོགས་སྐྱོང་བའི་གཞི་བདག་འདི་ཚུ་ མ་ཚང་ཚངམ་འབད་ ད་གསུང་ཆོག་ཕུལ་ དེ་ལས།
  • ད་རིས་ང་བཅས་ར་གྲོལ་པའི་ཉིནམ་འདི་ལུ་ གནམ་མེད་ས་མེད་ཕངས་སི་སི་ འ་ནཱི་བཟུམ་གྱི་དུས་ཚོད་འདི་ དུས་ནམ་ཡང་ བརྗེད་པར་ཕངས་པའི་གི་དུས་ཚོད་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ཡི་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ད་ ང་བཅས་ར་མཁན་སྤྲུལ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་ ཏེ་ ང་བཅས་ར་གོང་ལུ་བཞུགས་མི་ མཚམས་པ་ང་བཅས་ར་རྡོ་རྗེ་སློབ་དཔོན་ བསོད་ནམས་འབྲུག་རྒྱལ་ ཉི་མ་ལུང་གི་སློབ་དབུ་མཛད་ དེ་ལས་ གྲྭ་ཚང་གི་མཁན་པོ་ཀུན་ལེགས་ཀྱི་ དབུ་གཙོས་པའི་ཞལ་གྲངས་ག་ར་སང་ཕོད་འ་ནེམ་ཅིན་ལུ་ དེ་མ་ཚད།
  • ང་བཅས་ར་གི་ནཱ་མཆོད་པའི་ལྷམོ་ ང་བས་རའི་གཉེར་པ་ ཀུན་དགའ་དང་ ལྷམོ་ཆོས་རྒྱལ་ ག་ར་ང་བཅས་བུ་ལི་གཡུས་ཚན་ནང་ འཛོམས་བཞུགས་མི་ཚུ་ ད་ མཁན་སྤྲུལ་རིན་པོ་ཆེ་སྐུ་ཚེ་ཉི་ཟླ་དང་མཉམ་ མཛད་པ་འཕྲིན་ལས་ གོང་ལས་གོང་དུ་དར་བཅུག་ཟེར་ སྐུ་ཚེ་ཞབས་པད་བརྟན་བཅུག་ཟེར་ ང་ར་གིས་གསོལ་འདེབས་བཟུམ་ཅིག་འབད་ཞུ་བ་ཅིན།
  • ཏེ་ དེ་མ་ཚད་ང་བཅས་ར་ ག་ར་འདི་ནང་འཛོམས་པའི་མི་སེར་ཚུ་ སྐུ་མི་བསྒྱུར་ གསུང་མི་དགག་ ཐུགས་མི་འཁྲུལ་ ང་བཅས་ར་མི་གནགཔ་འབད་རུང་ ཕོ་དྲེལ་གཡས་ལས་མ་ཡལ་ མོ་དྲེལ་གཡོན་མ་ཡལ་འབད་ ཧིང་སང་ས་འབད་སང་ཕོད་འ་ནེམ་ཅིག་ལུ།
  • གཉེར་པ་ལས་འགོ་བཙུགས་ཏེ་གིས་འབད་ མི་ཆེ་འགན་ཆེ་དཔོནཔོ་ག་ར་སང་ཕོད་འ་ནེམ་ཅིག་ལུ་ ལྷ་ཁང་འདི་ནང་ལུ་ མཁན་སྤྲུལ་རིན་པོ་ཆེ་གིས་ ཁྲི་ཐོག་ལུ་བཞུགས་ ང་བཅས་ར་གཡས་གཡོན་ལུ་བཞུགས་མི་གི་ སློབ་དཔོན་ཆ་ཁྱབ་ག་ར་ ལེགས་ཤོམ་འབད་མཇལ་ནི་གི་ སྨོན་འདེབས་འདི་ང་གིས་ཕུལ་བ་ཡིན་ཟེར་མི་ཅིག་ཞུ་ནི་ཨིན་ལགས་ བཀའ་དྲིན་ཆེ་ལགས།
  • མཁན་སྤྲུལ་དགའ་རབ་རྡོ་རྗེ་ Khentrul Garab Dorji
    ཡ་ རྟ་འཚོཔ་གི་ཧོངས་ལས་ཡོད་ག་ རྟ་འཚོཔ་ཞུ་ཤིག་ ཡ་གཞན་ག་དེ་སྦེ་ཡར་སོང་ཡི་ ཁྱོད་རྟ་འཚོཔ་ ༤ འབད་མི་འདི་ ད་ ཁྲལ་པ་ཨིན་པས་ ཁྲལ་པ་བཞི་གི་གྲས་ལས་གསུམ་མིན་འདུག་ ཚབ་ཁྱོད་ཨིན་པས་ད་ ང་བཅས་རའི་མཆོད་པའི་སྐོར་ལས་ ཁྱོད་ཚུ་གིས་ ཆང་སྐོལ་བཙོ་མི་འགོ་བཙུགས་ཏེ་ ལཱ་འབད་ཐངས་ཚུ་ ལམ་འགྲོ་ག་དེ་སྦེ་འགྱོ་ཡི་གོ?
  • ང་བཅས་རའི་རྩིས་ལས་འདི་ ལེགས་ཤོམ་འབད་ར་ཡར་སོང་ཡི་ཟེར་ཨིན་ ག་དེ་སྦེ་ཡར་སོང་ཡི་ག་མ་ཤེས་ལགས།
  • ཡ་ཡ་ཏེ་ད་ཁྱོད་ཀྱི་ ཆ་རོགས་གསུམ་གྱིས་ག་ཅི་སླབ་དེས་ ལེགས་ཤོམ་ཡར་སོང་ཡི་ཟེར་སླབ་དེས་ག?
  • སླབ་མས་ལགས་སླབ་ནི་འདི་ ཧི་ཧི་་་།
  • ཏེ་ ཁྱོད་རའི་བསམ་འཆར་ག་ཅི་ཞུ་ནི་ཡོད་གོ་ གསུང་ཆོག་པ་དང་ མཆོད་པའི་ལྷ་མོ་གི་གདོང་ཁར་ ཞུ་ཤིག་རྟ་འཚོ་པའི་ཧོངས་ལས།
  • ཨ་ལའུ་་་་མི་ཤེས་སྨ་རེད་ད་ང་གིསནི་ ངོ་ཚ་སྟེ་མི་ཚུགས་་laughs་་་་་་
  • ཡ་་་་་་claps
  • མཁན་སྤྲུལ་དགའ་རབ་རྡོ་རྗེ་ Khentrul Garab Dorji
    ཡ་ད་ ཆད་བཀལ་དགོཔ་འབད་ཨིན་པས་སྦ་སྨོ་ ཡ་མཆོད་པའི་ལྷ་མོའི་ཧོངས་ལས་ ཞུ་ནི་ཡོད་ག་ཞུ་ཤིག་ ད་ཁྱོད་ར་ཚུ་གིས་ག་དེ་སྦེ་ཨིན་ན་ ཁྱོད་ཆ་ཁྱབ་ཀྱིས།
  • དང་ཕུ་ཕ་མ་གིས་བརྩམས་པའི་ མཆོད་པ་ལགས་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ཡི་ཟེར་ ཞུ་ནི་ཨིན་ལགས་ དུས་ཅི་ལོ་གཅིག་བ་ལོ་གཅིག་གནམ་མེད་ས་མེད་གོང་འཕེལ་ཡར་སོང་ཡི་ལགས་ དེ་ལས་ ན་ཧིང་ལས་འབདཝ་ད་ དུས་ཅི་འདི་ གནམ་མེད་ས་མེད་ བརྒྱ་ཆ་ལས་ལྷག་སྟེ་ རིན་པོ་ཆེ་བྱོན་ དེ་ལས།
  • གཞུང་གཡོགཔ་ཚུ་གིས་་འགོ་འདྲེན་འཐབ་འབད་དེ་ གནམ་མེད་ས་མེད་སྤྲོ་བ་ སྤྲོ་བ་བརྒྱ་ཆ་ལས་བརྒྱ་ཆ་འབད་དེ་ སྤྲོ་བ་གནམ་མེད་ས་མེད་ཐེབས་འབྱུང་ཡི་ལགས་ དེ་ལས་ནཱ་ མཚམས་པ་ དེ་ལས་ སློབ་དཔོན་ཤཱ་རི་ ང་བཅས་ར་ཡར་དགོན་པ་གི་མཁན་པོ་ཀུན་ལེགས།
  • ང་བཅས་རའི་ཞལ་གྲངས་འདི་ཚུ་ཡང་ག་ར་ དགའ་ཏོག་ཏོ་ སྐྱིད་ཏོག་ཏོ་འབད་དེ་ གསུང་ཆོག་ལུ་བྱོན་ཏེ་ ང་བཅས་མཆོད་པའི་ལྷ་མོ་འདི་ཚུ་ཡང་ གནམ་མེད་ས་མེད་སྤྲོ་བ་བརྒྱ་ཆ་ལས་བརྒྱ་ཆ་ ཐེབས་བྱུང་ཡི་ཟེར་ ཞུ་ནི་ཨིན་ལགས།
  • དང་ཕུ་ཕ་མའི་སྐབས་ལས་རང་ མཆོད་པའི་ལྷ་མོ་ ཞབས་བྲོ་ཕུལ་ཏེ་ སྡོད་ནུག་ཟེར་ ཞུ་ནི་ཨིན་ལགས་ དང་ཕུ་རོགས་ཨང་རྒས་ཚུ་གིས་ གནམ་མེད་ས་མེད་ཞབས་བྲོ་གཞུང་སྒྲ་ གནམ་མེད་ས་མེད་ཚིག་ ལེགས་ཤོམ་ཙང་ཙ་ཕུལ་ཏེ།
  • དེ་གི་ཤུལ་ལས་ ད་རུང་ཞབས་བརྟན་བར་དགོན་ཞབས་བརྟན་འཐེན་ཏེ་ ད་རུང་འདི་ཡང་ ལོ་དང་ན་ཚོད་གི་མ་ལྕོགས་པར་ དེ་གི་ཤུལ་ལས་ ང་བཅས་ཚུ་གིས་རྐྱབ་སྟེ་ ཏེ་ ང་བཅས་ཀྱིས་ཡང་ ཞབས་བྲོ་ང་བཅས་རའི་བསམ་པ་ལས་འབད་བ་ཅིན་འདི་ འཐུས་མ་ཤོར་ཟེར་ མནོ་བཏང་ཡི་ལགས།
  • ད་ ནཱ་རིན་པོ་ཆེ་གི་ ཁ་ཐུག་ལས་འབད་བ་ཅིན་མ་ཤེས་ལགས་ ལགས་སོ་ལགས་ བཀའ་དྲིན་ཆེ་ crowds claps