Video Overview
Kuenzang Thrinley from Marangdued village speaks words of gratitude and praise for the kings and the elected governments in his mother tongue, the Khengkha language. At times, he also employs some Dzongkha terms. He describes Bhutan as a peaceful haven and credits the king for creating a peaceful and happy country. He also praises the developmental platforms implemented by elected governments that operate under the advice of kings. This video displays the manners in which an ordinary man offers words of praise and gratitude to rulers in his own local language and according to his own customs.
མ་རངས་འདུད་གཡུས་ཚན་ལས་ རྒས་ཤོས་ཅིག་གིས་ ཁོ་རའི་ ཁེངས་ཁ་ནང་སྦེ་ རྒྱལ་བརྒྱུད་དང་ བཙག་འཐུས་ལས་གྲུབ་པའི་གཞུང་ལུ་ ཁོ་རའི་ཧོངས་ལས་ བཀའ་དྲིན་དགའ་ཚོར་དང་ བསྟོད་པ་ཚུ་ཞུཝ་ཨིན་པས། དེ་བསྒང་ ཁོ་གིས་ རྫོང་ཁ་ཡང་ ཨ་ཙི་རེ་ལག་ལེན་འཐབ་ཨིན་པས། ཁོ་གིས་ འབྲུག་རྒྱལ་ཁབ་འདི་ དགའ་སྐྱིད་དང་ལྡན་པའི་ ཞིང་ཁམས་ཅིག་ཨིནམ་ད་ འདི་ཡང་ གཙོ་བོ་ར་ བརྒྱུད་འཛིན་གྱི་ རྒྱལ་པོ་རིན་པོ་ཚུའི་བཀྲིན་ཨིན་ཟེར་ ཞུཝ་མས། མི་དབང་རིན་བྱོན་ཚུ་གིས་ རྒྱལ་ཁབ་འདི་ ཞི་བདེ་གི་ངང་ལུ་ བཟོ་གནང་ཡོདཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཆབ་སྲིད་འོག་ལུ་ བཙག་འཐུ་ལས་གྲུབ་པའི་ གཞུང་གིས་ གོང་འཕེལ་གྱི་ཞབས་ཏོག་ཚུ་ གོ་ལེ་སྦེ་མཛད་གནང་དོ་ཟེར་ཨིན་པས། གློག་བརྙན་གྱི་ སྒྲ་བཟུང་ཐུང་ཀུ་འདི་གིས་ ཁོང་རའི་ཁ་སྐད་ཀྱི་ཐོག་ལས་ བསྟོད་པ་དང་ དགའ་ཚོར་ཚུ་ ཞུ་ཚུགས་པའི་ ལམ་སྲོལ་ཚུ་ འགྲེམ་སྟོན་འབདཝ་ཨིན།
- Zhemgang
- ཀུན་བཟང་འཕྲིན་ལས་ Kuenzang Thinleyལགས་སོ། མ་པ་ནཱ་ལས་ཆ་རོགས་(རིན་ཆེན་དཔལ་འབྱོར་)ཀྱིས་ གསལ་བཤད་ཕུལ་ཡི་ཟེར་ ཞུ་ནི་ཨིན། ངེའི་ཁ་ཐུག་ལས་རང་འབད་རུང་ ད་འཇིག་རྟེན་པའི་ ལམ་ལུགས་ར་འབད་དེ་འབད་རུང་།oky actually it was given a speech by friend (Rinchen Peljor) . from my point of view is also that the culture itself is
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་རའི་ བྱ་བ་ངན་པའི་ སྤྱོད་པ་འབད་དེ་ར་འབད་རུང་ ངེའི་ཆ་རོགས་ཀྱི་ཁ་ཐུག་ལས་ རྒྱས་ཤིང་རྒྱསཔ་ ཞུ་དོ་བཟུམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས།though it is our character of a bad deeds, it seems that it had been clearly shared by my friend.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་གིས་ཁ་གསལ་ཏེ་ ཞུ་སྟེ་ར་འབད་རུང་ ཤར་ལས་ཤར་བའི་ ཁྲི་གདུགས་ཉི་མ་དང་ ནུབ་ཀྱི་ཚེ་བའི་ ཚེས་ཅན་བཅོ་ལྔའི་ཟླ་བ་ཟེར་མི་འདི་ ད་སྤུན་ཆ་ཨིན་ཟེར་ ཞུ་ནི་ཨིན།now even if i tell you in detail, the sun that shines from the east and the moon that sets toward the west are the relatives
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདེ་གི་ནང་དོན་ཉིད་ལས་ ཆུ་རྒྱ་གར་ཆུ་དང་ བོད་པའི་ཆུ་ཨིན་ཏེ་འབད་རུང་ ཆུ་ན་ད་ར་?འཁྱིལ་ས་ད་ སྤུན་ཆ་ཨིན་ཟེར་ ཞུ་ནི་ཨིན་ལགས།moreover whether the river be it of tibet or india, when they gets togehter they are reletives.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་དཀྱིལ་འཁོར་གཅིག་གི་མར་མེ་ཨིན་ཏེ་འབད་རུང་ ད་ཚེ་སྔོན་གྱི་ལས་ཀྱིས་ འཛོམས་པའི་དབང་གི་ སྤུན་ཆ་ཨིན་ཟེར་ ཞུ་ནི་ཨིན་ལགས།butter lamp on one mandala was also gathered together as a fate of previous life thus they are said be relatives
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདེ་གི་ནང་དོན་ཉིད་ལས་ཡང་ ནཱ་ལས་ འཇིག་རྟེན་གྱི་ལམ་ལུགས་ བྱ་བ་གི་འཐད་ལུ་ལྷོདཔ་ད་ སྔར་སྲོལ་དང་ཕུ་ ཕ་མ་བཟང་པོ་མིན་པ་ སངས་རྒྱས་བཅོམ་ལྡན་འདས་ལས་འགོ་བཙུགས་ཏེ།moreover regarding our worly system and character, it was not stared by our fore fathers but it was started by the buddha.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyགོང་ས་མི་རྗེ་ཨོ་རྒྱན་དབང་ཕྱུག་གི་ལམ་ལུགས་སྲོལ་ལས་ ད་ལྟོ་གེ་སར་རྣམ་རྒྱལ་དབང་ཕྱུག་ཚུན་ཚོད་གནང་མི་འདི་ གཞི་མ་ཉམས་པ་ཅིན་ ང་བཅས་མི་སེར་ཉམས་ཆུང་ལུ་ཡང་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ནི་མས་ཟེར་ ཞུ་ནི་ཨིན་ལགས།i would say that if the system that had been given by Gongsa Ugyen Wangchuk till His majesty Jigme Khesar Namgay Wangchuk would sustain without any decline it will be great beyound the earth and sky for a submissive people like us.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyག་ཁྱབ་ཟེར་བ་ཅིན་ ང་བཅས་ འབྲུག་གི་རྒྱལ་ཁབ་ཟེར་མི་འདི་ ལྷ་ཡུལ་བཟུམ་སྦེ་ཨིན་ཟེར་ ཞུ་ནི་ལགས། ད་དགའ་ཏོག་ཏོ་སྐྱིད་ཏོང་ཏོ་ཟེར་མི་འདི།it is because our bhutanses country was like a haven, i would say. peace and happiness.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་རའི་ དང་ཕུ་ཕམ་ལས་འགོ་བཙུགས་ཏེ་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་སྦེ་སྡོད་ནུག། མ་འོངས་པའི་ བུ་བརྒྱུད་ཀྱི་སྐབས་ལུ་འབད་རུང་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་འདི་རང་ ཐོབ་ནི་ཡོད་པ་ཅིན།it had been happy and peaceful since ancient at the time of our parents. if our future child would also get the same peace and happiness we will be happy.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ གནམ་མེད་ས་མེད་ ག་ནི་བ་བཀའ་དྲིན་ཆེ་ནི་མས་ཟེར་ ཞུ་ནི་ལགས། ད་ནཱ་ལས་ མི་རྗེ་ཨོ་རྒྱན་དབང་ཕྱུག་ལས་འགོ་བཙུགས་ དམངས་གཙོ་གཞུང་ལས་འགོ་བཙུགས་ཏེ།i would say, we would be thankful more than anything beyound the earth and sky. starting from his majesty Ugyen Wangchck....beginigs of the political government.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ལུ་ རོགས་རམ་མ་གནང་ མ་བཟོ་ཟེར་ ཞུཝ་རྩ་ལས་མེན་ཟེར་ ཞུ་ནི་ཨིན་ལགས། དང་ཕུ་ སྔར་སྲོལ་གྱི་ལམ་ལུགས་ གཞི་མ་ཉམས་ཅིགi dont mean to say that it was helpless to us, the old system of our culture should not decline
- ཀུན་བཟང་འཕྲིན་ལས་ Kuenzang Thinleyསྔར་སྲོལ་གྱི་ལམ་ལུགས་ རང་སོ་རང་གཅིག་གིས་ རྟག་བུ་གནའ་བུ་ར་ ད་ནཱ་ལུ་ གཞི་བཙུགས་ཏེ་འབད་བ་ཅིན་ ང་བཅས་ལུ་ ག་ཅི་དེ་ཅིག་ར་ བཀའ་དྲིན་ཆེ་བས་ཟེར་ ཞུ་ནི་ལགས།if the our old culltural system was well settled by a individual, we will be grateful and thank you.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་བཀའ་དྲིན་ཆེ་བས་ཟེར་ ཞུ་བའི་ནང་ལས་ཡང་ ད་ང་གིས་ ཞུ་མི་འདི་ ག་དེ་སྦེ་སྨོ་ཟེར་ ཞུ་བ་ཅིན་ ཕ་མ་བཟང་པོ་ར་འབད་རུང་འདྲ་ཟེར།when i say thanks, more than that what i say is that its like a good parents
- ཀུན་བཟང་འཕྲིན་ལས་ Kuenzang Thinleyཕ་བཟང་གི་བུ་ གྱི་བཟང་གི་ཤུབས་ཀོ་ཟེར་ཡང་ རོགས་ཕམ་བཟང་པོ་གི་ བསླབ་བྱ་ཅིག་ཡང་ཡོད་ཟེར་ ཞུ་ནི་ལགས།there was a advice of our good parents, a child of a good parents and a sheath of a good sword
- ཀུན་བཟང་འཕྲིན་ལས་ Kuenzang Thinleyབདེན་ཟེར་ ཞུ་ནི་ཨིན། སྔར་སྲོལ་གྱི་ལམ་ལུགས་ཟེར་མི་དེ་ཡང་ དང་ཕུ་སྔར་སྲོལ་གྱི་ལམ་ལུགས་ཟེར་མི་ང་བཅས་ཀྱིས་ མ་ཉམས་པ་རང་ཡོད་ཟེར་ ཞུ་ནི་ལགས།i would say its true. old cultural system is a....we had not let the old cultural system decline.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་མ་ཉམས་པར་ཡོད་མི་འདི་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ ད་ཅི་གོང་ལས་ཞུ་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ཟེར་མི་འདི་ ལྷ་ཡུལ་གྱི་བསྟན་པ་བཟུམ་ཅིག་ཨིན་པ་ལུ་བརྟེན་ཏེ།the reason behind the non decline is like what i had already mentioned above. it is the because bhutan was like a doctrine of heaven
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཀྱིས་ རྩ་ལས་རང་མ་ཉམས་ཟེར་ ཞུ་ནི་ལགས། ལུགས་སོ་སོར་ཟེར་ ང་བཅས་ཀྱིས་ མ་པ་ལས་རང་ ནཱེམ་མ་འབད་ ང་བཅས་ཀྱིས།we never let it decline and we had never practiced others culture
- ཀུན་བཟང་འཕྲིན་ལས་ Kuenzang Thinleyགྱོན་ཆས་རང་འབད་རུང་ འབྲུག་གི་གྱོན་ཆས་ཟེར་ གྱོན་ཏེ་ཡོད་ཟེར་ ཞུ་ནི་ལགས། ལྷ་གསོལ་ཀླུ་གསོལ་ར་འབད་རུང་ ང་བཅས་ཀྱིས་ འབྲུག་རྒྱལ་ཁབ་ནང་ རང་སོའི་ ཕམ་གི་བསྟན་པ་མི་ཉམས་ནིའི་དོན་ལུ།even a dress code also we wear bbhutanese dress, i would say. And there was offering to the upper realm and to the lower realm that it was practice to sustain the system that our parents does.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདང་ཕུ་གོང་ས་ཨོ་རྒྱན་དབང་ཕྱུག་གི་ བསྟན་པ་གཞི་བཙུགས་མི་ལས་ ང་བཅས་ཀྱིས་ ད་ལྟོ་ཡང་ ང་བཅས་ཀྱིས་ ལྷ་གསོལ་ཀླུ་གསོལ་ཡང་ ནཱ་ལུ་ཆགས་རེ་ཆགས་ཚེ་ གསོལཝ་བཏབ་དོ་ཟེར་ ཞུ་ནི་ལགས།since it had been settled by Gongsa Ugyen Wangchuk we still practice the offering of prayer to every deites that land at our place.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་དེ་གི་ནང་དོན་ཉིད་ལས་ ནཱ་ལུ་ འབྲུག་རྒྱལ་ཁབ་ནང་ བསྟན་པ་མི་བདེ་བས་ལོ། མི་བཟོ་བས་ལོ་ཟེར་མི་ཚུ་ ང་བཅས་ཀྱིས་ རྩ་ལས་ར་ རྣ་བ་གིས་ཡང་མ་གོ་ཟེར་ ཞུ་ནི་ཨིན།more than there wasnt any unstable doctrine and unmade
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཟེར་མི་ ལྷ་ཡུལ་གྱི་ཞིང་ཁམས་བཟུམ་སྦེ་བཞག་མི་ ཡབ་སྲས་གཉིས་ཀྱི་བཀའ་དྲིན་དང་ དམངས་གཙོའི་གཞུང་གི་ བཀའ་དྲིན་ལས་བརྟེན་ཏེ།the credit for keeping us like in heavn goes to the father and son(king) and the political system
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་འབྲུག་རྒྱལ་ཁབ་ནང་ ག་ཅི་དེ་སྟབས་བདེ་ཏོག་ཏོ་ཡོད་ཟེར་ ཞུ་ནི་ལགས། ད་ད་ཅི་གོང་ལས་ ཞུ་མི་གི་འཐད་ལུ་ལྷོདཔ་ད་ ང་བཅས་ཀྱི་ ལུགས་སྲོལ་(གཉེན་སྒྲིག་གི་ལམ་ལུགས་)ཟེར་མི་ རྒྱ་གི་ལུགས་སྲོལ་ཨིན་ཟེར་ ཞུ་ཡང་ཞུ་དོ་ལགས།in our country bhutan everything is comfortable. And regarding that what i already mentioned is our culture of marriage ceremony is a indian culture.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཀྱིས་ ལག་ལེན་ཡང་འཐབ་དོ་ཟེར་ ཞུ་ནི་ཨིན་ལགས། དེ་མ་ཚད་ ད་ནཱ་གཞུང་གི་ཁ་ཐུག་ལས་འབད་དེ་འབད་རུང་ སྔར་སྲོལ་གྱི་ ལམ་ལུགས་ཉམས་མ་བཅུག་ཟེར་ ལྷ་ཁང་དགོན་ཁང་ཨིན་རུང་ཉམས་མ་བཅུགi would say that we are practicing and also from our government side also they insist us not to let our culture, monastries and holy places not to decline.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyམཆོད་རྟེན་འབད་རུང་ ཉམས་མ་བཅུག་ཟེར་ ནཱ་ལས་ བཀའ་རྒྱ་ཡང་ལས་ཡང་དུ་ ཕེབས་ཏེ་ཡོད། ང་བཅས་ཀྱིས་ཡང་ ཕྱག་ཞུ་དོ་ཟེར་ ཞུ་ནི་ལགས།and there was a government order also that we should not let the stupas decline and we are serving their order.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་མི་སེར་ཡོངས་ཀྱི་ ཁ་ཐུག་ལས་འབད་དེ་འབད་རུང་ འབྲུག་རྒྱལ་ཁབ་ཀྱི་འཐད་ལུ་ལྷོདཔ་ད་ སྤྱི་གཙུག་ཀྱི་ཉི་ཟླ་ ཕྱག་འཚལ་བའི་རྟེན་ རེ་སའི་གོངམ་ སྐྱིད་སྡུག་གི་ཕ་མ་ཟེར་མི་ འབྲུག་མངའ་བདག་རྒྱལ་པོ་གཙོས་པའི་from we the citizen's side also for the sake of our country bhutan, the crown of moon and sun, relic for seeking the blessing and the higher rank who parents of welfare is the king of the bhutan.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདམངས་གཙོའི་གཞུང་ལྷན་རྒྱས་གཞུང་ཚོགས་ ང་བཅས་ཀྱིས་ འགལ་རྐྱེན་བར་ཆད་མེད་པའི་ ང་བཅས་མི་ཡོངས་ཀྱིས་ཡང་ གསོལཝ་བཏབ་དོ་ཟེར་ ཞུ་ནི་ལགས།for the political government and cabinet we the citizen would pray for ward off all the misfotune and obstacles
- ཀུན་བཟང་འཕྲིན་ལས་ Kuenzang Thinleyནཱ་ལས་ཡང་ ང་བཅས་ལུ་ ཐུགས་ཀྱི་བཟོད་པ་ཅིག་བཞེས་ཏེ་གནང་དགོ་ཟེར་ ཞུ་ནི་ཨིན། ད་ང་བཅས་ཀྱིས་ ག་ཅི་སྦེ་ཟེར་ ཞུ་བ་ཅིན་ ང་བཅས་ཟེར་མི་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ཨིན་ལགས།i wpu;d say that you need to forgive us, we are the bhutanese and the people of bhutan
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཟེར་མི་ རྐངམ་འོག་གི་འབུཔ་བཟུམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས། ད་ཅི་གོང་ལས་ཞུ་མི་ སྤྱི་གཙུག་གི་ཉི་ཟླ་ ཕྱག་འཚལ་བའི་རྟེན་ རེ་སའི་གོངམ་ སྐྱིད་སྡུག་གི་ཕ་མ་ལས་ མ་ཞུ་བ་ཅིན།we are just like the insect under the foot. that i had mentioned above the crown of sun and moon, and the relic of seeking the blessing and the parents of welfare, if they were'nt here
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཐོབ་ནི་ཡང་ ག་ནི་ཡང་མེད་ལགས། ད་ང་བཅས་ཀྱིས་ ཐོབ་ཁུངས་ཡང་ ག་ནི་ཡང་མེད་ལགས། ང་བཅས་ལུ་ལགས་ ད་ང་བཅས་ཀྱིས་ རེ་སའི་ཕ་མ་དང་ སྐྱིད་སྡུག་གི་གོངམ་ལུ་མ་ཞུ་བར།wehave nothing to get. we wont get any thing. for us , if we dont ask from our welfare parents
- ཀུན་བཟང་འཕྲིན་ལས་ Kuenzang Thinleyཐབས་མེད་པའི་ བྱ་བ་མེན་པ་ལུ་བརྟེན་ཏེ་ ང་བཅས་ཀྱི་ དང་ཕུ་ལས་ར་ མི་རྗེ་གོང་ས་ཨོ་རྒྱན་དབང་ཕྱུག་གི་ངོ་བོ་སྐབས་ལས་ར་ ང་བཅས་མི་སེར་ངོ་མ་ཨིན་པ་ལུ་བརྟེན་ཏེ་ ང་བཅས་ཀྱིས།it is not just because it was a last option, it was from the time of his majesty ugyen wangchuk that because we are the real citizen of bhutan.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདང་ཕུའི་སྔར་སྲོལ་གྱི་ལམ་ལུགས་འབད་བ་ཅིན་ མ་ཉམས་པར་ ད་ནཱ་ར་ཕྱག་ཞུ་དོ་ཟེར་ ཞུ་ནི་ལགས།we havent let decline our old culture and we still serve to practice.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཀྱིས་ ག་ཅི་ར་ཕྱག་ཞུ་དོ་ག་ཟེར་བ་ཅིན་ ང་བཅས་ཀྱིས་ བཀབ་ནེ་བཀབ་ནི་དེནི་ ང་བཅས་ཀྱིས་ཤེས་ལགས། གྱོན་ཆས་གོ་རག་རོ་ཅིག་གྱོན་ནི་དེནི་ ང་བཅས་ཀྱིས་ཤེས།now what we had been serving mean we know how to wear the Kabney, and the dress we know how to wear the gho(but not in a good way)
- ཀུན་བཟང་འཕྲིན་ལས་ Kuenzang Thinleyའདི་རང་ལག་ལེན་འཐབ་དོ། དེ་ལས་ ང་བཅས་ཀྱིས་ ད་འབྲུག་རྒྱལ་པོ་གིས་གནང་བའི་ ས་ཟེར་མི་འདི་ ང་བཅས་ཀྱིས་ ལག་ལེན་འཐབ་དོ་ ལག་ལེན་འཐབ་དོ་ཟེརཝ་ད།we use this, then we use the land that had been given by the king, we use it, we use it.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཀྱིས་ ནགས་ཚལ་ནང་སོང་མི་ཡང་ ང་བཅས་ཀྱིས་ ལག་ལེན་འཐབ་དོ་ཟེར་ ཞུཝ་མེན་ལགས། མ་པ་ང་བཅས་ལུ་ བུ་གཞི་ཁག་མང་རབས་ཅིག་ ད་དཔྱེ་སྦེ་ཞུ་བ་ཅིན་ ང་ལུ་ ཨ་ལོ་དགུ་ཡོད་ཟེར་ ཞུ་ནི་ལགས།we use that at the forest also, actually if we have a lots of kids. for example if i have nine kids i would say.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ཨ་ལོ་དགུ་ཁག་ལེ་ཤ་ཅིག་ ད་ངེའི་ས་ཆ་གིས་ མ་ལངས་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་ ཁོ་ར་སྐུ་ངོ་བོ་ལུ་ར་ སྐྱིད་སྡུག་ཞུ་དགོ་ཟེར་ ང་ལུ་རེ་བ་ཡོད་ཟེར་ ཞུ་ནི་ཨིན་ལགས།nine kids and its toom any so if it was insufficent, i need to ask for the welfare from his majesty himse
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་ཟེར་མི་འདི་ མི་རྒས་ཤོས་ཅིག་ཨིན། ཚེ་ལུ་བརྟག་པ་མེད་པར་ ས་འོག་ལུ་ཚུད་དེ་འགྱོ་བ་ཅིན་ ད་ང་ར་གིས་ ལམ་སེལ་ཏེ་མ་བཞག་པ་ཅིན་ ཨ་ལོ་ཡང་ ཐོབ་ཐངས་ག་ནི་ཡང་མེད་ཟེར་ ཞུ་ནི་ཨིན་ལགས།i am a old person, our life is uncertain, and if i dont vainsh under the earth i would keep practicng our culture and and my kids own get any anything.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyནཱ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་མི་གཟིགས་ཟེར་བའི་ ཞུ་བྱ་རྩ་ལས་མེན་ཟེར་ ཞུ་ནི་ཨིན།from here, i would say that i doesnt mean that his majesty wont look after our welfare
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཀྱི་ དམངས་གཙོའི་གཞུང་ལུ་ ད་ང་བཅས་ཀྱི་ ཁ་བཏངམ་མེན་ཟེར་ ཞུ་ནི་ཨིན་ལགས། ད་ང་བཅས་ལུ་ གནམ་མེད་ས་མེད་ཕན་ཐོགས་དོ་ཟེར་ ཞུ་ནི་ལགས།i would say that i am not cursing our politician, they are very much helpful to us
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཡང་ བློ་ལས་དྲང་གསུམ་གཅིག་དཀར་རྩེགས་ཏེ་? ང་བཅས་ཀྱིས་ཡང་ ལགཔ་གཉིས་ཀྱི་གཅིག་བཟོ་སྟེ་ར་ ང་བཅས་མི་སེར་གྱིས་ཡང་ གསོལཝ་བཏབ་དོ་ཟེར་ ཞུ་ནི་ཨིན་ལགས།
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཀྱིས་ དང་ཕུ་གི་སྔར་སྲོལ་གྱི་ ལམ་ལུགས་ཀྱི་འཐད་ལུ་ལྷོདཔ་ད་ དང་པ་ང་བཅས་ལུ་ ལྷ་ཁང་ཟེར་ཡང་ཡོད་ཟེར་ ཞུ་ནི་ལགས།regarding our old tradition and culture firstly we have a monastry.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyལྷ་ཁང་ཡང་ ཉམས་བཅོས་འབད་དེ་གནངམ་མས་ བཀའ་དྲིན་ཆེ་ཟེར་ ཞུ་ནི་ཨིན། དེ་གི་ནང་དོན་ཉིད་ལས་ ང་བཅས་ལུ་ གསརཔ་བཞེངས་འབད་དེ་ཡང་ ང་བཅས་ལུ་ གནང་མས་ལགས།they had renovat our monastry more than that they constructed a new monastry for us.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyའདི་ཡང་ གནམ་མེད་ས་མེད་བཀའ་དྲིན་ཆེ་བས། ད་བཀའ་དྲིན་དགའ་འཚོར་ག་ཏེ་ལས་ཡར་རང་བསམ་ཨིན་ན་ཟེར་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་གི་གཞུང་མཇུག་? དམངས་གཙོའི་གཞུང་།it was also a very thank full. from where should i thank? to the end government of his majesty and the political government.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyཤར་གྱི་རྫོང་བདག་གི་དཔོན་ཁག། ཨ་ནཱི་ གཞུང་གི་ ཕྱག་ལཱ་གནང་མི་ཚུ་ལུ་ ང་བཅས་མི་སེར་ཉམ་ཆུང་གིས་ གསོལཝ་དེ་སྦེ་བཏབ་དོ་ཟེར་ ཞུ་ནི་ཨིན་ལགས།high official of the east, those who works for the government we the poor citizen would pray like this.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ལུ་ སྔར་སྲོལ་གྱི་ལམ་ལུགས་མ་ཉམས་ཅིག་ ནཱ་ལས་མཛད་ཡང་མཛད་དོ། ང་བཅས་ཀྱིས་ཡང་ ད་གསོལཝ་ཡང་ དེ་སྦེ་རང་བཏབ་དོ་ དེ་གི་ནང་དོན་ཉིད་ལས་ང་བཅས།you are doing to best not to decline our old tradition and culture and our wishes are also the same, more than this we
- ཀུན་བཟང་འཕྲིན་ལས་ Kuenzang Thinleyམི་སེར་ཡར་རྒྱས་མ་འགྱོ་མི་གི་འཐད་ལུ་ལྷོདཔ་ད་འདི་ ནཱ་ལས་ མ་འཐུས་འཐུསཔ་སྦེ་གནང་མི་འདི་ལུ་ ག་ཅི་དེ་ བཀའ་དྲིན་ཆེ་ ཐེམས་འཐད་ཁར་དུ་ ང་བཅས་ལུ་ ལྷ་ཁང་མགོན་ཁང་གནང་།i would thank you for doing your best to those people who was not well developed and also for giving us a monastrys place to place.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyདེ་ལས་ ཐེམས་འཐད་ཁར་དུ་ ཞིང་ལམ་གནང་ དེ་ལས་ སྣུམ་འཁོར་ལམ་ ཐེམས་འཐད་ཁར་དུ་གནང་སྟེ་ ག་ཅི་དེ་ང ་བཅས་ལུ་བཀའ་དྲིན་ཆེ་བས།then also for giving farm raod and a road from place to place, thank you very much
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ང་བཅས་ཀྱི་ དམངས་གཙོའི་གཞུང་གིས་ ང་བཅས་གྱི་་ཡང་ ཞུ་ནི་ག་ནི་ཡང་མེད་ དེ་ལས་ དེ་གི་ནང་དོན་ཉིད་ལས་ ང་བཅས་ཀྱིས་ དང་ཕུ་གི་སྔར་སྲོལ་ལམ་ལུགས་ཡང་ རྒྱས་ཤིང་རྒྱསཔ་སྦེ་ ཞུ་མ་ཚུགས་ཏེ་འབད་རུང་so now we dont have any to complian to politician and more than that though i couldnt share much detail on our old culture and tradition
- ཀུན་བཟང་འཕྲིན་ལས་ Kuenzang Thinleyད་ནཱ་ལས་ མ་མཁྱེནམ་དང་མ་བཅའཝ་ཟེར་ ད་གནམ་མེད་ས་མེད་ ག་ནི་ཡང་མེད་ཟེར་ ད་ཕ་བཟང་གི་བུ་ གྱི་བཟང་གི་ཤུབས་ཀོ་ཨིན་པ་ལུ་བརྟེན་ཏེ་ ནཱ་ལས་ རྒྱུ་མཚན་འདིནི་ ཁེངས་པའི་མི་ཨིན་པ་ལུ་བརྟེན་ཏེ།so from here there was nothing beyound i have known, because as being a kid of a good parents and the sheath of a good sword from here the reason could be that i am a pure khengpa.
- ཀུན་བཟང་འཕྲིན་ལས་ Kuenzang Thinleyང་བཅས་ཀྱིས་ ད་རེས་གསོལཝ་བཏབ་མི་འདི་ ང་བཅས་ཀྱིས་དེནི་ གསོལཝ་ཅིག་བཏབ་ཤེསཔ་མ་གཏོགས་ ད་དེ་སྦེ་མཛད་གནང་ བཟོ་གནང་ཟེར་ ང་བཅས་ཀྱིས་ ད་བཀའ་སློབ་བམ་སློབ་ཟེར་མི་ ང་བཅས་ལུ་ ཤི་ཀི་གཅིག་ཡང་མེད་ཟེར་ ཞུ་ནི་ལགས།the prayer we made is just a prayer we know nothing than that. so say do like this to us or construct, we dont even have a 25 chetrum worth adivec