Video Overview
Famous Tibetan comics Tupten and Mikmar perform their act "The Word 'A': The Supreme of all Syllables". Using "A" as one example, they are talking about the richness of the Tibetan language. There performance also involves a critique of the ignorance of the people who don't appreciate the richness of the Tibetan language. Just the letter "A" itself has many meanings, implications, and so forth.
- ་
- ཀད་འ། གཤམ་ལ་ང་གཉིས་གཉིས་ཀྱི་ཞུ་ཡས་དེ་ཡིན་ན། ཨ་ནི། ང་ཚོ་བོད་ཀྱི། ཀ་མད་སུམ་ཅུའི་ནང་གི་ཡི་གེ་ཨ་ཟེར་ཡས་དེ། ཨ་ནི། གནས་ཚུལ་ཅིག་༼ཞིག་༽ངོ་སྤྲོད་ཞུ་ཡས་ཡིན་ཟེར། ཨཱ། ཨཱ། དེའི། ཁོའི།ཁོ་རའི་༼གི་༽དཱ། གཏམ་གླེང་ཁོ་རའི་མིང་ལ་ག་རེ་ཟེར་གྱི་ཡོའོ་རས་ཟེར་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཟེར། ད་དེ་ང་རང་ཚོའི་སྐུ་ཞབས་རྣམས་པ་ཚོས་ཀྱི་ཕལ་ཆེར། དེ་གསལ་པོ་མཁྱེན་གྱི་རེད། ང་ཚོས་འཇམ་དཔལ་མཚན་བརྗོད་ནང་ལ་ཡིན་ན། དེའི་ནང་དོན་དའི། ཕལ་ཆེར། ད་གསལ་པོ་ཡོའོ་རེད། བྱས་ཙང་དེ་འདྲས་སོང་ཙང་༼ཡིན་པར་བརྟེན་༽། ཝ་དེའི། ད་ཁོ་ཡི་གེ་ཨ་ཟེར་ཡས་དེའི་ཁྱད་ཆོས་ཆེན་པོ་ཡོད་པ་ད། བེད་སྤྱོད་མང་རྒུ་ཡོད་པ་དེ། དེ་འདྲས་ཅིག་༼ཤིག་༽གི་གནས་ཚུལ། མར། ཞུ་ཡས་ཡིན་ཟེར། ཨ་ནི་གཤམ་ལ་འགོ་བཙུགས་༼གཟུག་༽ཀྱི་ཡིན།
- ཀམིག་དམར་ལགས།
- ཁལགས།
- ཀདེ་རིང་ཁ་ས་དུས་ཚོད་རིང་པོ་ཅིག་༼ཞིག་༽ནངལ། ཁྱེད་རང་མཇལ་ཡས་རྩ་ནས་༼རྩ་བ་ནས་༽མི་འདུག། ག་རེ་གནང་གི་བཞུགས་པ་ལཱ།
- ཁཧེ་་་་། ང་རྒན་ཡོལ་ཞུས་ནང་ལ་བསྡད་བྱས།
- ཀའོ།
- ཁསློབ་སྦྱོང་འདྲ་གཅིག་བྱེད་ཀ་བྱེད་ཀྱི་ཡོད། ད།
- ཀག་རེ་སློབ་སྦྱོང་།
- ཁལགས།
- ཀཨས། དབྱིན་ཇི་སྦྱངས་གནང་གི་ཡོད་པས་༼ཡོད་དམ་༽།
- ཁདབྱིན་ཇེ། ཧེ་་་དགོངས་པ་མ་ཚོམ།
- ཀའོང་།
- ཁཨ་ལེའེ། ང་རའི་བོད་ཡིག་དེའི། མར་ཁུངས་བྱེད་ད་༼མ་༽འཁྱོལ་དུས། དབྱིན་ཇེ་ཅིག་དག་སྦྱངས་ཡས་སེམས་ཐག་རེད་ཞག།
- ཀཨ་ཡི། བོད་ཡིག་སྦྱངས་གནང་གི་ཡོའོ་རེད། རེད་པས་༼རེད་དམ་༽།
- ཁབོད་ཡིག། རྩོམ།
- ཀཨ་འ། ག་རེ་རྩོམ་རྒྱག་༼རྒྱབ་༽ཡས་སྦྱངས་གནང་གི་ཡོད་པས་༼ཡོད་དམ་༽།
- ཁརྩོམ་ཏས་ཙ་༼ཏིག་ཙམ་༽ཏས་ཙ་༼ཏིག་ཙམ་༽སྦྱངས་ཀའ་བྱེད་ཀྱི་ཡོད།
- ཀཨ་ཙི། ཨ་ནི་ད། ཡག་པོ་ཞེ་པོ་ཅིག་༼ཞིག་༽བྱུང་སོང་།
- ཁའོང་།
- ཀངས་དེ་རིང་ཁ་ས་ཡི་གེ་གཅིག་ལ་ཉམས་ཞིབ་བྱེད་བཞིན་པའི་གང་ཡིན།
- ཁག་རེ་ཁྱེད་རང་གིས་ཡི་གེ་གཅིག་ལ་ཉམས་ཞིབ་ཨས།
- ཀད་བྱས་ན། དེ་རིང་ངས་ཉམས་ཞིབ་བྱས་པའི་ཡི་གེ་དེ། མར་རེ་རེ་བྱས། ཁྱེད་རང་ལ་ཞུ་གི་ཡིན།
- ཁཨ་ནི།
- ཀཁྱེད་རང་གི་དེའི། རེ་རེ་བྱས་རྩོམ་ཅིག་༼ཞིག་༽བསྐྱོན་རོགས་གནང་ཞུས་ན་ག་འདྲས་འདུག།
- ཁཁྱེད་རང་གི་ཉམས་ཞིབ་བྱས་པའི་ཡི་གེ་དེའི་ངས་རྩོམ་བརྒྱབ་ཟེར་ཨས།
- ཀའོང་། ཡོང་གི་རེད་པས་༼དམ་༽།
- ཁཧེ་་་་ད་ག་འདྲས་ཞུ་གོ་༼དགོས་༽རས།
- ཀའེ།
- ཁམ་གཞི་བྱས་ན། རྣམ་ཀུན་ང་རས་ང་རང་བལྟས་ནའི། ང་རང་ཨའོ་ཙམ་འདྲ་གཅིག་ཡོད་བསམ་གྱིས།
- ཀཝའོ་ཙི། ཡིན་ད་མན་༼མིན་༽ཟེར་རེ། ཨོང་།
- ཁཡིན་ནའི་དེ་རིང་དེའི། ཀུན་བདེ་གླིང་དགོན་པའི་སྐུ་ཞབས་ཚོའི་མདུན་ལ་སླེབས་པ་རེད་པཱ།
- ཀའོང་།
- ཁཡང་། ཏིག་ཙ་༼ཙམ་༽འདར་ཀའ་འདྲ་གཅིག་བྱེད་ཀྱི་འདུག་ག།
- ཀཨེ། ག་གའི་༼གང་ཡང་༽གནང་གི་མ་རེད།
- ཁཧེ་་་་་་་་་ཧེ་་་་་་་།
- ཀཁྱེད་རང་གསུངས་ཀྱང་གནང་ཞིག། རྩོམ་ཡག་པོ་ཅིག་༼ཞིག༽བསྐྱོན་ཞིག།
- ཁལགས།
- ཀཨེ། ཁྱེད་རང་ནོར་གནང་སོང་ན། ངས་ལྷན་རྒྱས་ཚོར་དགོངས་འགལ་མེད་པ་ཅིག་༼ཞིག་༽ཞུས་གོ།
- ཁཧེ་། གལ་སྲིད་ངས་ནོར་སོང་ན། ཡང་ལྷན་རྒྱས་ཚོས། རྦད་དེ་བཟོ་བཅོས་གནང་རོགས་གནང་།
- ཀཝ་འ། ཡོང་ང་ཡོང་ང་།
- ཁལགས།ལགས།ལགས།
- ཀད་འོ་ན་ཡིན་དཱ།
- ཁལགས།ལགས།ལགས།
- ཀད་ངས་ཉམས་ཞིབ་བྱས་པའི་ཡི་གེ་དེ། མར་རེ་རེ་བྱས་ཞུ་གི་ཡིན།
- ཁལགས་སོ། ག་ལེ་ག་ལེ་གསུངས།ཨ།
- ཀའོང་། རྩོམ་འདི་ཡག་པོ་ཅིག་༼ཞིག་༽བསྐྱོན་ཨ།
- ཁལགས་ཟེ་ལགས་ཟེ།
- ཀད་གསན་རོགས་གནང་།
- ཁལགས་ལགས།ལགས།
- ཀཨ་འ། ཨ། ཨ། ཨ།
- ཁཨ། ཨ། ཨ།
- ཁཏག་ཏག་རེད།
- ཀའོང་།
- ཁགསན་ཨ།
- ཀའོང་།
- ཁཨ་མའི་སྦགས་ཁུག་༼དངུལ་ཁུག་༽རྐུ་མ་རྐུས། ཐུབ་བསྟན་ལགས་ཀྱིས་ཚང་མ་གཏོར།ཟེར་ན།
- ཀཧེ། ཨ་གི་གུ་ཨི་ཨི་ཨི།
- ཁཨི་དང་ཨ་རག་མཆོད་ཤེས་ན། ལུས་ལ་ཕན་པའི་སྨན་ཡང་རེད།
- ཀཨ་ཞབས་ཅུ་༼ཀྱུ་༽ཨུ་ཨུ་ཨུ།
- ཁཨུ། ཨུ་ཚུགས་ཞབས་ཐག་བརྒྱབ་དྲག་ན། གློའོ་དང་མཆིན་པར་སེར་ཁ་ཤོར།
- ཀཨ་འགྲེང་གོ་༼པོ་༽ཨེ་ཨེ་ཨེ།
- ཁཨམ་ཅིས་སྨན་ཁུག་སྒེར་གཙང་བྱས། ནད་པའི་སྦགས་ཁུག་མྱང་རྒྱུ་རེད།
- ཀཨ་ན་རོ་ཨོམ་མ་ཨོམ། ཨོམ་ཨོམ།
- ཁཨོཾ་མ་ཎི་པདྨེ་ཧཱུྃ། སེ་ར་ཤག་ལ་ཕེབས་རྩིས་དང་།
- ཀའོ་ཛི་ལགས། དཔེ་བསགས་པ་རེད། ཁོང་།
- ཁཨན། ཡག་པོ་བྱུང་མ་སོང་ངས།
- ཀཨ་ཧ། མ་རེད། མ་རེད། དངོས་གནས་ཁྱེད་རང་གི་རྩོམ་ད་ཡག་པོ་ཞེ་པོ་ཞུ་གི་འདུག་གཱ།
- ཁརྩོམ་ཡག་པོ་འདུག་ཨས།
- ཀཨོའོ།
- ཁཨན། འདི་ད་ག་ཟེ་༼ཟེར་༽འདིའི་༼འདི་ལ་༽ཨོ་ལོའི་མ་ལོའི་ར་༼འདྲ་༽ཅིག་བྱེད་ག་བྱས་པ་རེད།
- ཀག་རེ། ཨོ་ལོའོ་མ་ལོའི།
- ཁའན།
- ཀཨོའོ། ད་དུང་འདི་ལས་ཡག་པ་འདི་འདྲས་རྒྱག་ཡས་ཡོད་པ་རེད།
- ཁརེད་ཨཱ་ཧ། ཨ་ཙི།སྐུ་རྩེད་ཞུས།སྐུ་རྩེད་ཞུས། ངས་སྐུ་རྩེད་ཞུས་པ་ཡིན། ད་ལྟ་རྒན་ལགས་ཁྱེད་རང་གིས་བོད་ཡིག་གཅིག་ལ་ཡ་ཉམས་ཞིབ་གནང་གི་ཡོད་ཟེར་གྱི་རེད་པཱ། ངས་བྱས་ན་ཡི་གེ་དེ་ང་ཚོའི་བོད་ཡིག་ཀ་མད་སུམ་ཅུའི་ནང་ནས་ཨ་ཟེར་འདི་འདྲ་རེད་པས།
- ཀད་ག་རང་རེད། ང་ཚོ་བོད་ཀྱི་སྐད་ཡིག་ནི་ཆ་ཚང་བ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཆགས་དེ། བརྡ་སྤྲོད་ཀྱི་གཞུང་ལུགས་གཏིང་ཟབ་པ་དང་རྗོད་བྱེད་ཀྱི་ནུས་པ་ཆེན་པོ་ཡོད་ཙང་། ངས་བོད་ཡིག་ཀ་མད་སུམ་ཅུའི་ནང་ནས། ཡི་གེ་ཨ་དེ་ལ་ཞིབ་འཇུག་བྱེད་བཞིན་པའི་གང་ཡིན།
- ཁཨོ། ད་བྱས་ན་ཁྱེད་རང་གི་ཀ་མད་སུམ་ཅུ་ཐམ་པའི་ནང་ནས། ཨ་གཅིག་གོའོ་ལ། ཞིབ་འཇུག་གནང་དགོས་དོན་དེ་ག་རེ་ཡིན་ན།
- ཀཡི་གེ་ཨ་ཡིག་དེ་ནི། ཀ་མད་སུམ་ཅུའི་ནང་གི་རྩ་བ་ཞིག་རེད། ཡི་གེའི་བཤད་པ་རྣམས་ཀྱི་སྒོ་ཕྱེད་ན། ཨ་ནི་ཡི་གེ་ཀུན་གྱི་མ་ཡིན་ནོ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན། གསུངས་སོ།
- ཁཨོའོ། ཡི་གེ་ཨ་ཟེར་ཡས་དེ་དངོས་ནས། ཀ་མད་སུམ་ཅུའི་ནང་ནས་འགལ་ཆེན་པོ་ཞེ་དྲག་ཅིག་རེད་ཞག།
- ཀཨ་འ། ད་དུང་ཡི་གེ་ཨ་ཡིག་དེ། མིང་ཚིག་ཁ་ཤས་ད་༼དང་༽ཚིགས་བཅད་ཁ་ཤས་༼ཀྱི་༽སྔོན་དུ་སྦྱར་བ་ཡིན་ན། གོ་དོན་དེ་ལས་མང་པོ་རྟོགས་ཐུབ་ཀྱི་རེད།
- ཁཨོ། ཚིགས་བཅད་ཁ་ཤས་ད་༼དང་༽སྦྱར་པ་ཡིན་ན། གོ་དོན་མང་པོ། ཡོང་ང་ཡོང་ང་ཡོང་ང་། ད་འོ་ན། ཁྱེད་རང་གས་༼གི༽དཔེ་སྟབས་བདེ་པོ་ཞིག་བཞག་བྱས། ལྷན་རྒྱས་ཚོར་ངོ་སྤྲོད་ཅིག་གནང་ན་ཡོང་འདུག་གས་༼གམ་༽།
- ཀཨ། འགྲིག་གི་རེད། འགྲིག་གི་རེད། ངས་ཨ་ཡོད་པའི་དྲི་བ་ཅིག་༼ཞིག་༽བཏོན་༼གདོན་༽སོང་ན། ཁྱེད་རང་ངའ། ཨ་ཡོད་པའི་ལན་ཅིག་༼ཞིག་༽བརྒྱབ་ཐུབ་འདུག་གས།
- ཁཁྱེད་རང་གི་ཨ་ཡོད་པའི་དྲི་བ་ཅིག་༼ཞིག་༽བཏོན་པ་ཡིན། ངས་ཨ་ཡོད་པའི་ལན་ཅིག་༼ཞིག་༽བརྒྱབ་ཟེར། ཨས།
- ཀའོང་འོང་འོང་། བརྒྱབ་ཐུབ་ཀྱི་རེད་པས།
- ཁདེ་བརྒྱབ་མ་ཐུབ་ག་རེ་ཡོའོ་རས།
- ཀའོང་།
- ཁལགས།
- ཀའོང་།
- ཁཧེ་། ལྷན་རྒྱས་གཟིགས་ད། མི་ང་རྒྱུན་ལྡན་ནས། ཨ་རང་འབྱོན་གསོན་པའི་བཟོ་འདྲ་ཅིག་༼ཞིག་༽འདིའི།
- ཀཨོ་ཙི། ཁོ་རང་ཚོ་གཟིགས་ད་༼དང་༽མིག་དམར་ལགས་ཀྱི་བཟོ་བལྟ་དེ། ཨ་རང་བྱོན་གསོན་པ་འདྲ་པོ་འདུག་གས། ངས་ནི་ཚལ་ཞིང་ནང་ལ་བྱེའུ་ཀྲུངས་༼སྲུང་༽མཁན་གྱི། ཨ་ལད་པད་ཀོག་བཟོ་འདྲ་ཅིག་༼ཞིག་༽མཐོང་གིས། འདིའི། ཨ་ཧེ་་་་།
- ཁགཡུག་བཞག་གནང་། ཁྱེད་རང་མི་ལ་འཕྱ་སྨོད་བྱེད་གོ་༼དགོས་༽བྱུང་ན། ཡོང་ང་ཡོང་ང་ཡོང་ང་། ད་ཁྱེད་རང་འཕྱ་སྨོད་གནང་གོ་མ་རེད། འོ་ན་ཁྱེད་རང་དྲི་བ་བཏོན༼འདོན་༽ད། དྲིས། ངས་ལན་བརྒྱབ་གོ།
- ཀཨ། ཨ་ཡོད་པའི་ལན་བརྒྱབ་ཐུབ་ཀྱི་རེད་པཱ།
- ཁའོང་། ངས་ཨ་ཡོད་པའི་ལན་བརྒྱབ་གོ་
- ཀཨ། འགྲིག་གི་རེད། འགྲིག་གི་རེད། ད་འོ་ན་ཡིན་ད།
- ཁལགས་ཟེ། རྣམ་དག་
- ཀཨ་ཡོད་པའི་ལན་རེད་ད།
- ཁཨོང་། ཨ་ཡོད་པའི་ལན།
- ཀཨེ། ཨ་མ་ལགས།
- ཁཨ་ཏོ་ལ།
- ཀག་རེ། ཨ་ཏ་ལ་ཟེར་ག་རེ་ཟེར་གྱི་རས། ཨ་ནི།
- ཁཧེ་་་་་་་་། མཁྱེན་གྱི་མི་འདུག་ག།
- ཀའོང་།
- ཁང་རང་ཚོ་བོད་རིགས་ཀྱི་པཱ་ལགས་ཟེར་གྱི་རེད་པ།
- ཀའོང་རེད།
- ཁཡིན་ནའི་ཧུད་རིགས་ཡིན་ན། ད་ལྟ་མཐེ་བོང་ཁ་ལ་ཡོད་པའི་ཧུད་རིགས་དེ་ཚོ་ཡིན་ན། པཱ་ལགས་ཟེར་གྱི་མ་རེད།
- ཀཨ་ནི།
- ཁཔཱ་ལགས་ཟེར་ཡས་དེའི། ཨ་ཏ་ལ་ཟེར་གྱི་རེད།
- ཀཨ། ཧུད་རིགས་ཀྱི་པཱ་ལགས་ལ། ཨ་ཏ་ལ།
- ཁའོང་། ཨ་ཏ་ལ་ཟེར་གྱི་རེད། མགོ་དེ་ག་ཨ་འདུག་ག།
- ཀཨོང་།
- ཁཝའོ་ཧས་ཡི། ཨ་ཏ་ལགས་
- ཀཨ་ཁུ་ལགས་
- ཁཨ་ཞང་ལགས།
- ཀཨ་ནེ་ལགས།
- ཀག་རེ། ཨ་ཡེ་ལགས་ཟེར། ག་རེ་ཟེར་གྱི་ཡོའོ་རས་ཨ་ནི།
- ཁཨ་ཡེ་༼རྒྱ་སྐད་ཨ་ཅག་༽ལགས
- ཁདེ་ཡང་ཁྱེད་རང་གི་མཁྱེན་གྱི་མི་འདུག།
- ཀའོང་།
- ཁདེ་ཞག། བར་བསྐོར་ནང་ལ་ཡ། རྨོའོ་ལགས་དགོང་ལོ་བགྲེས་པོ་དེ་འདྲས་ཀས། རྒྱ་མོ་གཏས་ཟེ་དེའི། ཨ་ཡེ༼རྒྱ་སྐད་ཨ་ཅག་༽ད་༼དང་༽ཨ་ཡེ་གསུང་ཀའ་བྱེད་ཀྱི་མི་འདུག་གས།
- ཀཨ་ལས།ཧེ་་་། ཨ་ཁུ་གཅིག་པུས།
- ཀཨ་ཁུ་སྟོན་པ།
- ཁཨ་ཁུ་མཆུ་ཏོ་
- ཁགྲུ་གུ་ཏོག་ཏོག།
- ཀག་རེ་གྲུ་གུ་ཏོག་ཏོག་ཟེ།༼ཟེར།༽། ཨ་ཡོད་པའི་ལན་གོ་༼དགོས་༽རེད་པ།
- ཁཨ།ཨ་ལི་ཏོག་ཏོག། ཨ་ལི་ཏོག་ཏོག།ཨ་འདུག་གཱ། ཨ་ལི་ཏོག་ཏོག།
- ཀའོའོ།མ་མདོའོ། ཨ་ཡོད་པའི་ལན་གོ་༼དགོས་༽རེད་དཱ།
- ཁཨ་ཡོད་པས།ཨ་ལི་ཏོག་ཏོག།
- ཀའ། ཨ་ཇོ་ཐུབ་བསྟན།
- ཁཨ་ཡུའོ་མགོ་དཀར་ར།
- ཀག་རེ་ང་ལ་ཟེར་གྱི་ཡོའོ་རེད་པས། ཨ་ཡུའོ་མགོ་དཀར་ར། ག་རེ།
- ཁངས་ཡག་ག་༼པ་༽གཅིག་ལབ་གོ་༼དགོས་༽བསམ་བྱུང་།
- ཀའོ།ཡག་ག་༼པ་༽ག་རེ། ཡག་ག་༼པ་༽ག་རེ།
- ཁཨ་ཡོད་ནང་གི་ད་ཡོད།
- ཀའོའོ།མ་མདོའོ་གཅིག་གི། འན། ཨ་ཕོ་མིག་དམར།
- ཁཨ་ཡོའོ།ལོངས།
- ཀཨ་ཡོའོ་ལོངས།
- ཁདེ་ཨ།ཨ།མ་རེད།མ་རེད། ཨ་ཡོའོ་ཧྲི་ཧྥོ་༼རྒྱ་སྐད་རྒན་ལགས་༽ ཨ་ཡོའོ་ཧྲི་ཧྥོ་༼རྒྱ་སྐད་རྒན་ལགས་༽ ཨ་ཡོའོ་ཧྲི་ཧྥོ།
- ཀཤ་ཁྱི་ཨ་མ་མཆོངས།
- ཁའདོག་ཁྱི་ཁ་ལྷུག།
- ཀག་རེ་འདོག་ཁྱི་ཁ་ལྷུག་ཟེ།༼ཟེར།༽ ག་རེ་ཟེར་གྱི་ཡོའོ་རས། ཨ་ཡོད་པའི་ལན་གོ་༼དགོས་༽རེད་པོ་ཨ་ནི།
- ཁདེའི། ཨ། འདོག་ཁྱི་ཨ་བུ་ཨ་བུ་ཨ་བུ། འདོག་ཁྱི་ཨ་བུ།
- ཀཨ་འ། མིག་དམར་ལགས་ཨང་ཀོག།
- ཁང་ཐུབ་བསྟན་ལགས་ཨ་ཡིན། ཟ་རི་ཟ་རི་ཟ་རི་ཟ་རི།
- ཀཨ་ཆུ་ཆུ་ཆུ་ཆུ་ཆུ་ཆུ། དེ་འདྲའི་མིག་མར་ལགས་ཀྱི་རྣམ་འགྱུར་དེ་གྲང་ང་ལ་ཨ།
- ཁཨ་ཚ་ཚ་ཚ་ཚ། ད་ག་འདྲ་པའི་ཐུབ་བསྟན་ལགས་ཀྱི་མིག་སེརེར་ཚ་ལ་ཨ།
- ཀཨ་རེ་རེ། ཁྱེད་རང་འདིའི་གཅིག་གཟིགས་ད། ངའི་རྩིབ་མག་དེ་ག་གའི་ཙ་༼ཙམ་༽ཅིག་བཅག་འདུག་ག།
- ཁཨ་བོ་བོ་བོ། ད་ག་འདྲ་པོའི་རྡོག་གྲོད་ཆེ་ལ་ཨ།
- ཀཨ་ཁ་ཁ་ཁ། ད་ཡིན་ན་མིག་དམར་ལགས་ཀྱི་རྦད་དེ་རྫུན་རྐུབ་ལུ་ཀའ་ཡོང་གི་འདུག་གོའོ།
- ཁཨ་ཙི་ལ། ད་དེ་འདྲས་བྱུང་ན་ཕན་པོ་ཞེ་པོ་ཅིག་ཡོང་ང་ལ།
- ཀཨ་ལེའེ་ལའོ་ལེ་ཟེ། ཕན་པོ་བྱུང་ན་སྨན་ལ་རྒྱབ། ང་རའ་རྒྱབ་རྟགས་ཨ་འགྲེང་པོ་ཨེར་ཀ་ཡོའོ་རེད།
- ཁག་རེ། ཁྱེད་རང་ལ་རྒྱབ་རྟགས་ཨེར་ཀ་ཡོའོ་རེད་པས།
- ཀཝའ་ཧ་ཡེ།
- ཁད་བྱས་ན། ཁྱེད་རང་ཚོ་ཚང་མ་ལོག། གོས་ཐུང་གཅིག་ནང་ལ་རྐང་པ་རྒྱུ་མཁན་ཆ་རེད་ཞག།
- ཀཝའ་ཧ་ཡེ། ཐབས་ཤེས་མི་འདུག་ག།
- ཁཨ་གཡུག་ཞོག་གཡུག་ཞོག།
- ཀད་འོ་ན་ཁྱེད་རང་གསན་ཨ། གཤམ་ལ་ངས་ཁྱེད་རང་ལ་ཨ་ཡོད་པའི་ཚིགས་བཅད་ཀྱི་དྲི་བ་ཅིག་༼ཞིག་༽བཏོན་༼འདོན་༽གྱི་ཡིན།
- ཁཨ་ཡོད་པའི་ཚིགས་བཅད་ཀྱི་དྲི་བ་ཅིག་༼ཞིག་༽།
- ཀའོང་། ཁྱེད་རང་གི་ངའ་ཨ་ཡོད་པའི་ཚིགས་བཅད་ཀྱི་ལན་བསྐྱོན་ཐུབ་པ།
- ཁཨོང་། ཁྱེད་རང་གི་ཨ་ཡོད་པའི་ཚིགས་བཅད། ངས་ཕར་ཨ་ཡོད་པོའི་ཚིགས་བཅད་ལན་བརྒྱབ་ཟེར།
- ཀཨོང་། ཝའ་ཧ་ཡེ།
- ཁའགྲིག་གི་རེད།
- ཀའོང་། ཡིན་ད།
- ཁའགྲིག་གི་རེད། ལགས་ཟེ་ལགས་ཟེ།
- ཀམཇལ་དར་ཨ་ཤི་དཀར་གཙང་། ལྷན་རྒྱས་ཚོ་ལ་འཕུལ།
- ཁཨ་ཤི་རིང་པོ་མེད་དའི། ང་རའི་སེམས་པ་མཚོན་ཡོད།
- ཀམཆོད་ཆང་ཨ་ཞིམ་རྒུན་འབྲུམ། ལྷན་རྒྱས་ཚོ་བཀྱག་ཡོད།
- ཁཨ་རག་ཕེ་བྱེའུ་མ་གཏོགས། ཆོས་ཆང་ཞུ་ལོང་མི་འདུག་ལ།
- ཀཤིང་རྡོག་ཨ་མའི་ཞལ་ཏོག། ལྷན་རྒྱས་ཚོ་ལ་འཕུལ་ཡོད།
- ཁཨ་འ་ཤིང་རྡོག་ཨ་མ་མོ་གོ།༼མི་དགོས་༽། འགྱིག་བྱི་རིལ་བྱུང་ན་འགྲིག་པ།
- ཀཨ་ཅག་ཡིད་འཕྲོག་ལྷ་མོའི་ཞལ་རས་མཇལ་འདོད་འདུག་རྐྱང་།
- ཁཨ། ཨམ་མཆོད་ཧ་རུ་ནག་པོའི་སྣ་ཁུག་དེ་ལ་ཞེད་ཀྱིས།
- ཀཨ་ཤེལ་ལགས་ཀྱི་ཁོག་པ། ཟླ་ཤེལ་ལགས་ཀྱི་བརྒྱངས་སོང་།
- ཁང་རའི་ཨ་ཅེའི་ཁོག་པ་ཐུབ་བསྟན་ལགས་ཀྱི་བརྒྱངས་སོ།
- ཀཨེ་གསར་རྟ་ལས་མགྱོགས་ལ་གཞུ་གུ་ལུག་ལས་ཐུང་བ།
- ཁཨེ་གསར་མ་ཡོལ་གོང་ནས་སྤང་པོ་སྤང་རྐྱང་༼སྤྲང་པོ་སྤྲང་རྐྱང་༽བཟོས་བྱུང་ལ།
- ཀཧེ་་་་་། ཧེ་ད་འོ་ན་ད་ག་གཡུག་བཞག་གནང་།
- ཁཧེ་་་། ད་ག་གཡུག་བཞག་གནང་།
- ཀགཤམ་ལ་ངས་ཁྱེད་རང་ལ། ཨ་མེད་པའི་དྲི་བ་ཅིག་༼ཞིག་༽བཏོན་གྱི་ཡིན།
- ཁཨ་ལས། ད་གིན་དེ་ཨ་ཡོད་པའི་དྲི་བ་རེད་པཱ། ད་ཨ་མེད་པའི་དྲི་བ། དེ་གང་འདྲས་ཟེ་༼ཟེར་༽།
- ཀཨ་ཁྱེད་རང་གི་ངའ་ཡང་བསྐྱར་ལན་བསྐྱོན་ཡས་དེ་ཨ་ཡོད་པའི་ལན་ཅིག་༼ཞིག་༽བསྐྱོན་ཐུབ་འདུག་གས།
- ཁལགས།
- ཀངས་ཁྱེད་རང་ལ་ཨ་མེད་པའི་དྲི་བ་ཞིག་བཏོན།
- ཁའོང་འོང་།
- ཀཁྱེད་རང་ངའ། ཨ་ཡོད་པའི་ལན་ཅིག་༼ཞིག་༽བསྐྱོན།
- ཁཁྱེད་རང་གི་ཨ་མེད་པའི་དྲི་བ་བཏོན། ངས་ཕར་ལན་བརྒྱབ་དུས་ཨ་ཡོད་པའི་ལན་བརྒྱབ།
- ཀཨོའོ་ལས་ཟེར། ཨོང་།
- ཁའདི་རྙོག་གྲོ་ཚ་ཟེར་བྱུང་ང་། ཡོང་ང་ཡོང་ང་། གལ་ཏེ་རྒན་ལགས་ཁྱེད་རང་གི་ཞལ་ནས་ཨ་འདོན་སོང་ན་ག་རེ་གནང་ག།
- ཀངའི་ཁ་ནས་ཨ་ཟེར་ཡས་འདི་ཚིག་གཅིག་འདོན་སོང་ན། ཁྱེད་རང་ག་རེ་བྱེད་ཟེར་ནའི་ངས་བྱེད་གོ།
- ཁག་རེ་བྱེད་ཞིག་ཟེར་ནའི་ཨས།
- ཀཝའ་ཧ་ཡེ།
- ཁདེའི་ལྷན་རྒྱས་ཚོས་གསན་བྱུང་ང་། ཨ་ལའི་བཞུགས་ཞིག། ཨ་ལའི་བཞུགས་ཞིག། གལ་སྲིད་ཁྱེད་རང་གི་ཞལ་ནས་ཨ་ཟེར་ཡས་ཚིག་གཅིག་འདོན་པ་ད་ག། ལམ་སང་གསུང་བཤད་གནང་གོ་༼དགོས་༽ཡོད་ད།
- ཀཨ། བཤད་གཏང་གོ་རེད་ཟེར། འགྲིག་གི་རེད། འགྲིག་གི་རེད། གལ་སྲིད་ཁྱེད་རང་ཞལ་ནས་ཨ་འདོན་མ་སོང་ན་ག་རེ་བྱེད་ག།
- ཁཝ་ད། གཅིག་པ་གཅིག་རྐྱང་། ག་རེ་བྱེད་གསུང་ནའི་བྱེད་ཀྱི་ཡིན།
- ཀཨ། གཞས་བཏང་གནང་གི་རེད་པ།
- ཁགཏང་རྐྱང་ཡིན།
- ཀཨོའོ་ཡོང་ང་ཡོང་ང་ཡོང་ང་། ད་འོ་ན་ཡིན་ད།
- ཁལགས་ཟེ། ཨ་མེད་པ་རེད་ད།
- ཀཨ་ཡོད་པའི་ལན་རེད་ད།
- ཁཨ། རྣམ་དག།
- ཀའོང་།
- ཁཨ་ཡོད་པའི་ལན། ཨ་ཡོད་པའི་ལན། ཨ་ཡོད་པའི་ལན།
- ཀབུ་མིག་དམར་ལགས། ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད།
- ཁངའི་མིང་ལ་ཡ་ཨེ་་་་་་་་། ཨ་བ་མིག་དམར་ལགས། ཨ་བ་མིག་དམར་ལགས། མགོ་དེ་ག་ཨ་འདུག་ག། ཨ་བ་མིག་དམར་ལགས།
- ཀཁྱེད་རང་ཕྱག་ལས་ག་པར་གནང་གི་ཡོའོ་༼ཡོད་དམ་༽།
- ཁལས་ཀའ། ཨར་བོའོ། ཨར་བོའོ་འགྲོ་གི་ཡོད། ཨ་འདུག་ག། ཨར་བོའོ།
- ཀཁྱེད་རང་བཞུགས་ས་ག་པར་ཡོའོ་རས།
- ཁཨ་འ་་་་། ང་བསྡད་ས་ཨ་ནེའི་ཚང་ཁུའུ་ནང་།
- ཀཚང་ཁུའུ་ནང་ལ་ག་རེ་གནང་གི་ཡོད།
- ཁམ་བྱས་མ་བྱས། ཨ་ནེའི་ཚན་ཁུའུ་ཁྲིད་དའི་༼འགྲམ་དུ་༽རྭ་རྐོག་ལིད་ཙ་༼ཏིག་ཙམ་༽ཞིག་བརྡར་པ་ཡིན། དེའི་རྭ་རྐོག་གླིང་གའི་ནང་ལ།
- ཀཨེ་ཧེ་་་་་། ཁྱེད་རང་ནང་ལ་པུ་གུ་༼ཕྲུ་གུ་༽ག་ཚོད་ཡོའོ།
- ཁག་པའ། ངའི་ནང་ལ། ཨ་ཕྲུག་གཅིག་དང་ཕྱེད་ཀ།
- ཀགཅིག་ད་༼དང་༽ཕྱེད་ཀ་ཟེ་༼ཟེར་༽ ག་རེ་ཟེར་གྱི་ཡོའོ་རས། ཨ་ནི།
- ཁགཅིག་དང་ཕྱེད་ཀའ་ཨས།
- ཀའོང་།
- ཁཨོང་། ངའི་ཨ་ཕྲུག་རྒན་པ་དེ་ལོ་གཅིག་རེད། ཨ་ཕྲུག་ཆུང་བ་དེ་ངོ་ཚ་འདྲ་གཅིག་བྱས། མར་གདོན་རོགས་བྱེད་ཀྱི་ནི་འདུག། ཨ་ཧ། ཕལ་ཆེལ་ལོ་ཕྱེད་ཀའ་སླེབས་ཡོད་པ་འདྲ། ཧེ་་་།
- ཀཨེ། ཁྱེད་རང་ཞལ་ལག་ག་པར་མཉེས་པོ་ཡོའོ།
- ཁཞལ་ལག། ཨ་ཤོམ་རྡོག་བཙོས་རྒྱབ་པ་དེའི།
- ཀཨ་འ་་་། ཁྱེད་རང་གཟིགས་མོ་ག་པར་མཉེས་པོ་ཡོའོ།
- ཁཨ་འ་་་། ཨ་ཅེ་ལྷ་མོ་ལ། ཨ་འདུག་ག། ཨ་ཅེ་ལྷ་མོ།
- ཀཁྱེད་རང་སྐུ་རྩེད་ག་པར་མཉེས་པོ་ཡོའོ།
- ཁཨ་འ། ངའ་་་་་། ཨ་ཅུག་རྒྱབ་ཡས་ད་༼དང༽ཨབ་རྡོའོ་རྒྱབ་ཡས་དེའི། དགའ་པོ་ཡོད། ཨ་འདུག་ག། ཧེ་་་།
- ཀཁྱེད་རང་ཨེ། བཞེས་ཐག་ག་པའ་མཉེས་པོ་ཡོའོ།
- ཁཨ་འ་་། ཨ་སེ་མ་ལ། ཨ་སེ་མ།
- ཀཁྱེད་རང་ནང་ལ་བུ་མོ་ག་ཚོད་ཡོའོ།
- ཁངའི་ནང་ལ་ཨ་ཅེ་བཞི།
- ཀག་རེ། ཁྱེད་རང་ནང་ལ་ཨ་ཅེ་བཞི། དཔེ་སྲིད་གཏོགས་མེད། ཝའོ་ཙི་ལ། ལགས།
- ཁད་ལྟ་ག་རེ་གསུངས་པ།
- ཀའོང་། ག་རེ་ཟེར་གྱི་འདུག།
- ཁའད་ལྟ་ག་རེ་གསུངས་པ། ངའི་ལན་ཟློས་གནང་སོང་ང་། ཁྱེད་རང་གི་ད་ལྟ།ཧེ་་།
- ཀཨ། ཁྱེད་རང་ནང་ལ་ག་རེ་བཞི་ཡོད་ཟེར།
- ཁད་ལྟ་ག་རེ་གསུངས་པ། ཨ་ལེའེ།
- ཀའོང་།
- ཁངའི་ནང་ལ། ཁྱེད་རང་གི་ང་ལ་ག་བཙུགས་༼གང་འདྲས་༽། ངའི་ནང་ལ་ཨ་ཅེ་བཞི་ཟེར་དུས། ག་རེ། ཁྱེད་རང་ནང་ལ། ཨ་ཅེ་བཞི་ཟེར། ཁྱེད་རང་ཁ་ནས་ཨ་གདོན་སོང་ངོ་དེའི།
- ཀག་རེ།
- ཁཁྱེད་རང་། ད་གིན་བྱས་སོང་ངོ་ནི།ཧེ་་་་་་་་་།
- ཀཨ་གདོན་སོང་། ཨས།
- ཁགདོན་སོང་ངོ་དེའི། ཧེ་་་་་་་།
- ཀགདོན་སོང་ངས་༼ངམ་༽། ལོ།
- ཁདྲང་པོ་གསུངས། སྐུ་ཞབས། གདོན་སོང་གདོན་མ་སོང་ཡ། ལགས། ཨ་ལེའེ་དྲང་པོ་གནང་རོགས་གནང་། ངའི་ལན་ཟློས་གནང་སོང་གནང་མ་སོང་། ཨེ། ཨེ་ཕྱག་ཅིག་༼ཞིག་༽བརྡབ་རོགས་གནང་། ཨ་བཏོན་འདུག་ན། ཕྱག་ཅིག་བརྡབ་རོགས་གནང་། ཕྱག་ཅིག་བརྡབ་རོགས། ཐག་་་་་་། དེའི། ད་ང་ལ་ཐོབ་སོང་།
- ཀཨ་འ། ད་བྱས་ན་ང་རས་གཞས། གསུང་བཤད་འབུལ་གྱི་ཡིན། རེད་པ།
- ཁཡིན་གོ་༼དགོས་༽བྱུང་། དེ་ཤོར་པོ་རེད་པ། རེད་པ་ཡང་།
- ཀད་ཁྱེད་རང་ནང་ལ། མ་གཞི་ནས་ཨ་ཅེ་བཞི། ཟེར། ག་རེ་ཟེར་གྱི་ཡོའོ་རས་ཨ་ནི།
- ཁདེ་ངས་ཁྱེད་རང་། ཨ་དེ་གདོན་རོགས་བྱས་ན་བསམས། ཞུས་པ་ཡིན།
- ཀའོང་།
- ཁགསན་ཨ།
- ཀའོང་།
- ཁཁྱེད་རང་ག་རེ་རས་ཟེར་ན། ཨ་མེད་པ་གསུངས་གོ་རེད་པ། ངས་ཨ་ཡོད་པ་ལབ་གོ་རེད་པ།
- ཀཝའོ་རེད་པ།
- ཁབྱས་ཙང་ཁྱེད་རང་གི། ཨ་གདོན་ཡས་ཀྱི་ཆེད་དུ། ངས་ཡིན་ན། དེ་ཞུས་པ། ཆ་འདྲ་གཅིག་བཞག་པ་ཡིན་ན། ཨ་ཅེ་བཞི་ཨས། ང་རའི་ཨ་ཅག་ལགས་ཀྱི་གཅིག་བྱས། ཨ་ཡུའོ་སྒྲོན་མས་གཉིས་བྱས། བྱ་མོ་ཨ་ནན་གྱི་གསུམ་བྱས། ཞི་མི་ཨང་ཀོ་གིས་བཞི་བྱས། ཚང་མ་ལོག་གི་༼ཡོངས་རྫོགས་༽བུ་མོ་རྐྱང་རྐྱང་རེད།
- ཀདེ་གས་ཚང་མ་ལོག་གི་བུ་མོ་ཡིན་ནའི། ཚང་མ་ལོག་གི་ཁོ་རང་གི་ཨ་ཅེ་མ་རེད་པོ། རེད་པ་ཡང་། གལ་སྲིད་ཁོ་རང་ནང་ལ་ཨ་མ་བཞི་ཡོད་ཟེར་ན། ང་རྦད་དེ་ཤོར་པོ་རེད། ཨ་ནི་ངས་ཁས་ལེན་གྱི་རེད།
- ཁདེ་གང་འདྲས་ཟེར། ཨ་མ་བཞི་གང་འདྲས་ཟེར།
- ཀཡིན་དགོས་བྱུང་།
- ཁའོང་།
- ཀཁྱེད་རང་གི་གསུང་ན། འདུག་བཟོ་གསུངས་ན། རེད་པ། ངའི་ནང་ལ་པུ་གུའི་༼ཕྲུ་གུའི་༽ཨ་མ། ཞི་མོའི་ཨ་མ། བྱ་དེའི་ཨ་མ། ཨ་ཡུའོ་ཨ་མ། ཟེར་ཀའ་བྱས་ན་ཡག་པོ་ཡོའོ་རེད་པ། ངའི་ནང་ལ་ཨ་ཅེ་བཞི་ཟེར་དུས་ཨཅེ། ཁྱེད་རང་ཨ་ཅ་ལགས་ཕར་ཕུད་པས། གཞན་དག་དེ་གས་ཚང་མ་ལོག་མ་རེད་པ།
- ཁཨ་འ་་། ལགས་དགོང་དག། ལགས་ལགས།
- ཀཁྱེད་རང་ཡའི་ཤོར་པོ་རེད།
- ཁཨོའོ། ད་བྱས་ན་ངའི་ཤོར་པ་ཆ་ཞོག། ལགས་ལགས་ལགས།
- ཀཨ།ཡིན་ནའི། སྔན་ལ་ང་རས། གསུང་བཤད་ཅིག་༼ཞིག༽འཕུལ་གྱི་ཡིན། རེད་པ།
- ཁརེད་རེད་རེད། ཨ་ནི་རྒན་ལགས་གསུང་བཤད་གནང་།
- ཀགཞས་ཀྱི་ཚིག་ལ་ཨ་གོ་ཡོའོ་རེད་པས།
- ཁའ་ཙི། གོ་ད་གོ་༼དགོས་དང་དགོས་༽།
- ཀའོང་། ཚིག་ལ་ཨ་དགོས་པ་མ་ཚད། གཞས། གཏང་གནང་དུས། འགོ་དེ་ག་ཨ་ཡིག་དགོས།
- ཀག་རེ་མགོ་དེ་གའ་ཨ་གོ་༼དགོས་༽རེད་ཟེར།
- ཁཨ། ཁྱེད་རང་མགོ་ལ་ཟེར་གྱི་མེད་ད།
- ཀཨ་ནི།
- ཁགཞས་ཀྱི་ཚིག་གི་འགོ་དེ་ག། ཨ་ཡོད་པ་ཅིག་༼ཞིག་༽།
- ཀཨ། གཞས་ཀྱི་ཚིག་གི་འགོ་དེ་ག་ཨ་ཡོད་པ།
- ཁདང་པོ་ཁོ་ར། ཨ་ཟེ་༼ཟེར༽ཡོད་པ་ཅིག་༼ཞིག་༽།
- ཀདང་པོ། ཨ་དང་པོ་ཁོ་ར། ཨ་ཟེར་ཡོད་པ།
- ཁཨ་ཟེར། ཨ་ཡོད་པ་ཅིག་༼ཞིག་༽།
- ཀཨ་པོ། དང་པོ་ཁོ་ར་ཨ།
- ཁཨ་འ། དང་པོ་ཁོ་ར་ཨ་ཡིན། ཡིན་ད། ད་ཡིན་ད།
- ཀགཞས་ཀྱི་འགོ་དེ་ག་ཨ་རེད་པ།
- ཁའོང་། ངས་རོགས་པོ་ཞུ་གི་ཡིན་ད།
- ཀདང་པོ་ཁོ་ར་ཨ། ག་རེ། དང་པོ་ཁོ་རའ་ཨ། གཞས་ཀྱི་དང་པོ་ཁོ་ར་ཨ་གོ་རེད་ཟེར།
- ཁདང་པོ་ཁོ་རའ་ཨ་ཟེར་ན། ག་རེ་གཏང་གནང་ནའི་ཨ་ཡོད་པ་ཅིག་༼ཞིག་༽གོ་༼དགོས་༽གི་ཡོའོ་རེད། ད་དེའི་ཡ།
- ཀདང་པོ་ཁོ་ར་ཨ།
- ཁདང་པོ་ཁོ་རའ་ཟེར་ཡས་ཅིག་༼ཤིག་༽གདོན་པ་ཅིག་༼ཞིག་༽།
- ཀཨ་པོ།
- ཁད་ཡིན་ད་ཡིན་ད།
- ཀལས་ཟེ། དང་པོ་ཁོ་རའ་ཨ་རེད་པ། དང་པོ་ཁོ་རའ་ཨ་ཡོད་པ་ཅིག་༼ཞིག་༽།
- ཁད་ང་ཚོའི་རྒན་ལགས། ཨ་དེ་རྩིག་མག་སྲིངས་ལ་རོང་རྒྱབ་བྱས་ཡར་གདོན་ཐུབ་ཀྱི་མེད་པ་འདྲ།
- ཀཨ། མ་རེད་མ་རེད་མ་རེད། ཡོའོ་རེད་ཡོའོ་རེད།
- ཁལས་ཟེ།
- ཀཡོའོ་རེད་ཡོའོ་རེད། ད་ཡིན་ན་བསྒུག་གནང་ཨ།
- ཁཨ་ངས་གཏང་ག། དང་པོ་ཁོ་རའ་ཨ་ཡོད་པ་ཅིག་༼ཞིག་༽།
- ཀདང་པོ་ཁོ་རའ་ཨ་ཡོད་པ་ཅིག་༼ཞིག་༽།
- ཁཨ།
- ཀཨ་ལས་ཟེ། ཨ་། ཨ་། ཨ་ལཱ་དཀར་ཡོལ་ལ། དཀར་བཟང་གཅིག་ལ། རི་མོ་ལ་བཀྲ་ཤིས་དར་ལ་རྒྱས། དེ་འདྲས་ལ་སོ། དཀར་ཡོལ་ལ་གྲུབ་ཀྱང་། སྙིང་རྗེ་མོ་ལ། རི་མོ།
- ཁགྲུབ་ས་མ་རེད། ཨའ།
- ཀཨ་ལ་ཐ་ལ། ཐ་ལ་དུ་རེད་ཡཱ། ཡ་ཐ་ལ་གླུ་ཡི།
- ཁལེན་ལུགས་ད་རེད། ས་དེ་ས་ང་ངོ་མ་ཤེས་ན་ཡཱ། ང་མི་དཀར།
- ཀཨ་ལག་སྤྱི་ལག་རྐྱང་དེ་འཁྲུངས་པ་ལ་ཉ་རེ་ཡ། སྐྱིད་ལ་ནི་སོའོ་ཡ་ལ།
- ཁཨ་ལ་གཞོན་པ་འདུག་ན། གཞས་ལ་རམ་བཏེག་བསྐྱོར་གནང་ག། ཕེབས་ཡ་ལ་ད། ཡ་ཟེར་ན།
- ཀཨ་ཅག་ལ་ཡག་པོ། ཡག་པོ་ཞེ་དྲག་འདུག།
- ཁཨ་ཁུ་ཐུབ་བསྟན་ལགས། ཤི་ཤི། ཤི་ཤི་ལའ་ལའ་༼རྒྱ་སྐད་ཆོ་མེད་པ་༽རེད་ཟེར།
- ཀཨ་ཁུ་དོམ་ཐག། ཐག་པ་བློས་ཤོག། ཉི་མའི་དགོང་ལ། རྐུ་མག་ཡོང་གི་འདུག་གོ།
- ཁད་རྣ་བ་མི་འགྲོའི་སྐད་ཆ། ཉི་མའི་གོང་ལ་མི་སྟོང་རྣམས་དེ་གས་༼མང་པོ་དེ་རྣམས་༽མདུན་ལ། རྐུ་མག་ཅིག་ད། གོ་པའ་ཡོང་ནུས་ཀྱི་རས།
- ཀརྐུ་མག་ཡོད་གོ་བྱུང་།
- ཁའོང་།
- ཀངའི་གཞས་ཀྱི་གཞུ་གུ་ཚང་མ་ལོག། ཁྱེད་རང་གིས་རྐུ་མག་རྐུ་དུས། དི་རྐུ་མག་མན་༼མིན་༽ན་ག་རེ་རས་ཨ་ནི།
- ཁངས་རྐུ་གིས་ཟེ་༼ཟེར་༽ལགས།
- ཀའོང་། ཁྱེད་རང་གཞས་གཏང་གོ་ཡོད་ན། གཞས་འགོ་ནས་མར་གཏང་གོ་རེད། ད་ངས་ཨ་ཡོད་པའི་གཞས་བཞི་གཏང་སོང་ང་། ད་ཡིན་ན་ཁྱེད་རང་གཏང་ད།
- ཁང་ཨས།
- ཁཡ། འགྲིག་གི་རེད། འགྲིག་གི་རེད།
- ཀཁྱེད་རང་གས། གཞས་ཀྱི་འགོ་དེ་ག་ཨ་གོ།༼དགོས་༽།
- ཁངའི་གཞས་ལའི་འགོ་ད་ཀའ། ཨས།
- ཀའོང་། འགོ་ད་ག་ཨ་གོ་༼དགོས་༽ འོང་།
- ཁལས་ཟེ།ལས་ཟེ། འགྲིག་གི་འགྲིག་གི་རེད། ཡིན་ད། ཨའ། འགོ་དེ་གའ་ཨ་ཡོད་པ་ཅིག་༼ཞིག་༽།
- ཀའོང་།
- ཁཨ་ཁུ་པོ་རོག་༼ཕོ་རོག་༽ལ། ཨ་ཁུ་པོ་རོག་ལ། ང་དེ་ནས་བསྣམས་ནས་གོ་པར་གནང་གའ། ཨ་ཁུ་པོ་རོགས་ལ། ཨ་ཁུ་པོ་རོགས་ལགས་ཟེར།
- ཀཨར་ཁང་ནང་ལ་བསྐྱལ་གོ།
- ཁཨར་ཁང་ནང་ལ། དགའ་ལ། དགའ་ལ་ངའི་ཨ་ཁུ་ལགས་ཨར་ཁང་ནང་གི་ཆང་མཛོད་རེད་བཞག། དགའ་ལ་དགའ་ལ་
- ཀད་བྱས་ན། ཁྱེད་རང་རྒྱགས་ཚད་མཆོད་ཞིག་༼ཅིག་༽།
- ཁཨ་ཁུ་པོ་རོག་ལ། ཨ་ཁུ་པོ་རོག་ལ། ང་ར་བཟི་ན་ག་པར་བསྐྱལ་གནང་ག། ཨ་ཁུ་པོ་རོག་ལ་ཨ་ཁུ་པོ་རོག་ལ།
- ཀར་བཟི་བྱས་ན། ངས་བདེ་འཇགས་ལ་རྩིས་རྒྱབ།
- ཁའ་ཙི། རྡུགས་ཀའ་ལ། རྡུགས་ཀའ་ལ། ང་བདེ་འཇགས་ལ་རྩིས་སྤྲད་ན། ངོ་ཚ་པོ་ག་ཚོད་བཟོ་གི་རས། རྡུགས་ཀའ་ལ།
- ཀཨ་མ། ང་ཚོའི་སྐུ་ཞབས་མིག་དམར་ལགས་ལ། ཨ་ཅེ་བཞི་ཡོད་ཟེར་གྱི་འདུག་གོ།
- ཁཐུགས་རྗེ་ཆེ། ཨ་མ་ལགས། འགྲོ་ཁར་ར་ཨ་མས། ཨ་རག་གང་བླུགས། ལུས་པོ་ཡོངས་ལ། སྟོགས་ཤུགས་སྐྱེད། བྱེའུ་ཧྲན་༼རྒྱ་སྐད་མིའི་མིང་༽ཟེར་ཡན་ཁོས། ང་དང་གྲོགས་པོ་འགྲིག་དགོས་ཟེར་གྱིས། ཨ་རག་ག་ཚོད་བླུགས་ཀྱང་། ང་ཡི་ཁ་ཐེབ་བཅག།
- ཀན་ཆུང་ཚེ་རིང་།
- ཁཨ་ལེ། ཨ་ལེ་པ་པ། ཨ་ལེ་པ་པ་ཁྱེད་ར་ག་རེ་བྱས་པ་རས།
- ཁསྡུག་རུས་བརྒྱབ་ད། སྡུག་རུས་བརྒྱབ་ད། ཨོ་ཙི་ཨོ་ཙི་ཙི་ཨོ་ཙི། ཕེའུ་བྱེའུ་བླུགས་གོ། ཕེའུ་བྱེའུ་བླུགས་གོ། ཨོ་ཙི་ཨོ་ཙི་ཨོ་ཙི་ཨོ་ཙི། ཨ་ལི་བཅག་པ་ཧའི་ཧའི། ཕ་ཡུལ་དེ་ལས་དགའ་བ་མི་འདུག། ཕ་ཡུལ་དེ་ལས་སྐྱོ་བ་མི་འདུག། གཞོན་པ་ང་ལས་དགའ་བ་མི་འདུག། གཞོན་པ་ང་ལས་སྐྱོ་བ་མི་འདུག། ཚེ་རིང་བཤད་པ་དེ་ལ་ཟུག་སོང་། ཁམ་བུའི་མེ་ཏོག་དེ་ལ་ཤར་སོང་། སྟག་ཤར་པ་ཚེ་རིང་ལགས། སུམ་བཀྱག་ཡོད་ལ། དེ་རིང་བྱས་པ་ཤགས་ཤགས་། དེ་རིང་བྱས་པ་ཤགས་ཤགས། དེ་རིང་བྱས་པ་ཤགས་ཤགས།