Skip to main content Skip to search
01 Sep 2018
10 min 15 sec
Video Overview
Creators: 
Duptho, Sonam Chophel

Yeshey Dorji presents handmade bowls, which is slowly becoming a rarity as a result of the development of the country. Dinner plates can easily be imported from other countries. Yet this causes a part of the Bhutanese culture and tradition to be lost and so Yeshey continues making bowls and wants to teach this tradition to the youth, though they show very little interest.

༉  ང་བཅས་ར་གཤག་བཟོ་རྐྱབ་ནི་དེ་ བཟོ་རིག་བཅུ་གསུམ་གྱི་སླ་ཁ་ལས་གཅིག་ཨིནམ་ད་ མི་ལ་ལུ་གཤག་བཟོ་ལས་བརྟེན་ཏེ་དངུལ་གྱི་འོང་འབབ་བཟོ་སྟེ་འཚོ་སྐྱོང་འཐབ་སྟེ་སྡོདཔ་ཨིན། ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ག་ནི་བ་ཁག་ཆེ་བའི་རང་གི་ཕམ་གི་མཛད་ཤུལ་བཟངམོ་ ལམ་དང་ལུགས་སྲོལ་འདི་བདག་འཛིན་འཐབ་སྟེ་ མི་ཉམས་གོང་འཕེལ་གཏང་དགོཔ་དེ་ཡང་ཁག་ཆེ་ཟེར་ བཤདཔ་ཨིན་མས། ད་རེས་ནངས་པ་ གཤག་བཟོའི་ལཱ་འབད་མི་དེ་ཡང་གནམ་མེད་ས་མེད་ཅིག་མེདཔ་ཨིནམ་ད་ མང་ཤོས་ཅིག་ཕྱི་ཁ་ལས་འཐོན་པའི་ཕོརཔ་དང་སྡེརམ་ཚུ་ར་ལོངས་སྤྱོད་ནི་དེ་གིས་ གཤག་བཟོའི་ལཱ་ལུ་སྤྲོ་བ་བསྐྱེད་མི་ཅིག་མེདཔ་ཨིན་པས། གཤག་བཟོ་ལུ་ དབྱེ་བ་བཅུ་དྲུག་དེ་ཅིག་ཡོདཔ་ད་ ཡེས་ཤེས་རྡོ་རྗེ་གིས་ གཤག་བཟོའི་ལཱ་དེ་བཀོ་མ་བཞག་པར་འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ང་ར་གི་ཨ་ནཱི་འདི་ གཤག་བཟོ་ ད་ང་བཅས་ཀྱི་ཁ་ལས་ ཧྲུབ་ཀང་ཟེར་ཞུ་ནི་ཨིན་ལགས། ད་གཤག་བཟོ་ཟེར་མི་འདི་ རྫོང་ཁ་ལས་ཨིན་ལགས། ད་ཨ་ནཱི་ཨིནམ་ལས་བརྟེན་ཏེ་ ད་ཨ་ནཱི་འདི་ ང་གིས་ལགཔ་གིས་བཟུང་ཏེ་ཡོད་མི་དེ་ རྩང་ཧྲུབ་ཟེར་ཞུ་ནི་ཨིན་ལགས། ད་དོན་ཚན་གཉིས་པ་ གཉིས་པ་འདི་ ཨ་ནཱ་ཁ་ཐུག་ [ལྷམ་ཧྲུབ་?] ཟེར་ཞུ་ནི་ཨིན།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཏེ་དང་པ་དང་པ་ར་ ག་ཅི་འབད་དོ་ཟེར་བ་ཅིན་ ༼ལྦཝ་༽ ཤིང་ལས་སྤོགས་ཏེ་ གྱི་ཅུང་གིས་བཟོ་ ༼ཀོབ་རྩེ་༽ གིས་དོང་སྤེད་སྦེ་ དེ་ལས་ཏེ་ ཨ་ནཱི་བཟོཝ་ད་ལུ་ ཏེ་ཆུ་ནང་ཟླཝ་གཉིས་བཞག་དགོ་ ཟེར་ཞུ་ནི་ཨིན་ལགས། ཆུ་ནང་ཟླཝ་གཉིས་སྡོད་འོང་ སྐམ་ད་ལུ་ཟླཝ་གཅིག་སྡོད་འོང་། ཨ་ནཱི་ལུ་ ལོ་གཅིག་ནང་ ཚར་གཅིག་ལས་ བཟོ་མི་ཚུགས་ཟེར་ཞུ་ནི་ཨིན་ལགས།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཨ་ནཱི་ འགོ་ནམ་བཙུགསཔ་སྨོ? ཟེར་བ་ཅིན་ ཟླཝ་གཉིས་པ་ལས་འགོ་བཙུགསཔ་ཨིན་ཟེར་ཞུ་ནི་ཨིན། ཟླཝ་གཉིས་པ་གསུམ་པ་ལས་ཡར། ཨ་ནཱ་ལས་ཡར་འགོ་བཙུགས་ཞིནམ་ལས་ བསེ་འབད་བ་ཅིན་ ཟླཝ་ལྔ་པ་ལས་ཡར་འགོ་བཙུགས་འོང་ ཟེར་ཞུ་ནི་ཨིན་ལགས། ད་ཟླཝ་ལྔ་པ་འགོ་བཙུགས་ཞིནམ་ལསནི་ ལྔ་པ་ དྲུག་པ་ བདུན་པ་ བརྒྱད་པ་ཚུན་ཚོད་ལས་[ཡར་སྐྱེ་?]མི་བཏུབ་ཟེར་ཞུ་ནི་ཨིན་ལགས།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཏེ་ད་ [སེ་སྐྱོ་?] ཨ་ནཱི་ཅིག་བྱིན་ནི་ཨིན། ཏེ་ད་ ཨ་ནཱ་ལས་ ཧེ་མ་ཧེ་མ་ ང་བཅས་ལཱ་འབད་བའི་དུས་ཚོད་ལུ་ ང་བཅས་ལུ་ལྦཝ་མིན་འདུག ཏེ་ཤིང་གདུང་ཅན་མ་ཐོག་ལས་སྦེ་ [འོ་ནོང་ཤིང་གི་ལང་?]དང་ གཅིག་[རྟག་ཀྱ་ཤིང་?] གཅིག་[པལང་མ་ཤིང་?] གིས་བཟོ་ཡི་ཟེར་ཞུ་ནི་ཨིན།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ད་གཤག་བཟོ་ཟེར་སླབ་མི་འདི་ ཏེ་ཕོརཔ་དང་དཱ་པ་ཟེར་མི་འདི་ གནམ་མེད་ས་མེད་ ནད་གཞི་མི་འོང་ནི་གི་ འཕགས་པ་འཇམ་དཔལ་དབྱངས་ཀྱི་བསྟན་པ་ཨིནམ་ལས་བརྟེན་ ༼ད་ཀ་༽གིས་ ༼དཀར་རྒྱན་༽ ཕོརཔ་བཟུམ་མེན་པར་ དང་ཕུ་གི་ས་ཆགས་གནམ་ཆགས་ ཏེ་ད་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་གདན་ས་ལས་ར་ ད་ཨ་ནཱི་བཟུམ་ནང་ཟ་འཐུང་སྤྱོད་དེ་ ནད་གཞི་ཨིསི་ཐོབ་པས་ལོ་ ག་ཅི་ཐོབ་དོ་ལོ་ ཟེར་མི་ཚུ་ རྩ་དང་སྤུ་ལས་མེད་མི་ ཤིང་གི་ཧིང་བསང་ས་ ད་རང་ལག་ལེན་འཐབ་རུང་ག་ཅི་ར་འབད་རུང་ ཏེ་ དོགས་པ་མེད་པ་ལེགས་ཤོམ་འདུག་ཟེར་ཞུ་ནི་ཨིན།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཏེ་ ང་བཅས་ཀྱི་ཁ་ལས་ ཀར་ཤུབས་ཟེར་ ཏེ་ང་བཅས་ཀྱི་ འབྲུག་རྒྱལ་ཁབ་ནང་ན་གི་ལམ་ལུགས་སྲོལ་གྱི་ཐད་ཁ་ལུ་འབད་བ་ཅིན་ ཏེ་ད་ དཔྱེ་འབད་བ་ཅིན་ ཟླ་པ་ཟེར་ ཟླ་པ་ཚོདམོ་ཟླ་པ་ཟེར་ ཏེ་ཨ་ནཱི་བཟུམ་སྦེ་བཟོ་ནི་ཨིན། མ་གཞི་ ཨ་ནཱི་ནང་ན་ལས་ ཅ་ལ་ལྷམ་པ་འབད་བ་ཅིན་ ད་རེས་ནངས་པར་ འདྲཝ་མ་འདྲཝ་འབདཝ་ད་ལུ་ ལྷམ་པ་ལྔ་བཅུ་དྲུག་ཅུ་དེ་ཅིག་བཟོ་འོང་ཟེར་ཞུ་ནི་ཨིན།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ད་ཨ་ནཱི་འདི་ ཀར་ཤུབས་ཟེར་མི་འདི་ ཏེ་ད་ ལམ་ལུགས་ཁུངས་ག་ཅི་ཨིན་ན་ཟེར་བ་ཅིན་ ང་བཅས་འབྲུགཔ་གིས་ ལག་ལེན་རྩ་ལས་མི་འཐབ་ ཟེར་ཞུ་ནི་ཨིན། ད་བོད་ལུ་འབད་བ་ཅིན་ ལག་ལེན་ག་དེ་སྦེ་འཐབ་དོ་ ཟེར་བ་ཅིན་ ད་བོད་ལུ་འབད་བ་ཅིན་ དགའ་ལྡན་ སེ་ར་ འབྲས་སྤུངས་ཀྱི་གྲྭ་པ་འདི་ཚུ་གིས་ ཐུགཔ་བཞེས་ནི་དང་ ཏེ་ད་ ཨ་ནཱི་ནག་ཕྱེ་བཞེས་ས་ཨིན་ཟེར་ཞུ་ནི་ཨིན་ལགས།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཨ་ནཱི་འབདཝ་ལས་བརྟེན་ ད་ལྟོ་ང་བཅས་ཀྱི་རྒྱལ་ཁབ་དང་ རྒྱ་གར་རྒྱལ་ཁབ་ ནེ་པལ་རྒྱལ་ཁབ་ ཡར་བོད་རྒྱལ་ཁབ་ ད་ཨ་ནཱི་བཟུམ་ ཏེ་མར་ཁམས་པ་ ཏེ་ཨ་ནཱི་བཟུམ་ ཏེ་གནམ་མེད་ས་མེད་ ཁོང་ཚུ་གིས་ ཏེ་ཨིན་རུང་ར་ བླམ་ལེགས་ཤོམ་ཚུ་གིས་གསུངས་ཏེ་ཡོད་ ཏེ་ད་རོགས་གཞན་ མར་ལུ་འབད་བ་ཅིན་ སི་ཀིམ་ལུ་ བླམ་རྡོ་སྒྲུབ་རིན་པོ་ཆེ་གིས་གསུངས་ཏེ་ཡོད། བླམ་མཁས་མཆོག་ཡོད་ཚད་ཅིགཔོ་གིས་ར་གསུངས་ཏེ་ཡོད།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ད་ག་དེ་སྦེ་གསུངས་ཏེ་ཡོད་ཟེར་བ་ཅིན་ འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ འབྱུང་བ་གཅིག་ཤིང་ཨིནམ་པ་ལས་བརྟེན་ ད་གནམ་མེན་ས་མེན་ནད་གཞི་མེད་མི་ ཧིང་སང་ས་ དྭངས་འཕྲོས་འཕྲོས་སྦེ་ཡོདཔ་ལས་བརྟེན་ཏེ་ ང་བཅས་མི་ལུ་འབད་བ་ཅིན་ ནད་གཞི་གི་སྐོར་ལས་འབད་བ་ཅིན་ ནད་གཞི་འོང་ ཤི་འོང་ཟེར་བའི་དོགས་པ་བསགས་དགོཔ་ག་ནི་ཡང་མེད།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    འབྱུང་བ་གཅིག་གིས་ཐོག་ཁ་ ཨ་ནཱི་ལུ་ཟ་བ་ལས་ ང་བཅས་ཀྱི་འབྲུག་རྒྱལ་ཁབ་ནང་ ད་ལམ་ལུགས་སྲོལ་ སྒྲིག་ལམ་རྣམ་གཞག་ཟེརཝ་ད་ལུ་ ཏེ་ད་ ག་ཅི་ར་འབད་རུང་ར་ ཏེ་ད་ [ད་ཀ་?]གི་ཕོརཔ་གིས་ཡང་མི་བཏུབ་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཨིན་ཅི་མིན་ཅི་ར་ འབྲུག་རྒྱལ་ཁབ་འདི་ ཨ་ནཱི་ཅིག་ སྒྲིག་ལམ་རྣམ་གཞག་གི་ ད་མར་ལུ་བྱིནམ་ད་ལུ་ ང་བཅས་ ཕོརཔ་ཆུང་ཀུ་ཨ་ནཱི་བཟུམ་ ཆུང་ཀུ་ཅིག་བཟོ་ཏེ་
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ད་དྲི་མ་དྲི་བཟང་བཀང་ནི་གི་ འབྲུག་རྒྱལ་ཁབ་ཀྱི་ ང་བཅས་ད་ཕྱིའི་དཔྱེ་སྟོན་ས་དང་ ནང་ལྟར་ལམ་ལུགས་ ག་དེ་སྦེ་འབད་དོ་ག་ཟེར་བ་ཅིན་ ཏེ་ད་ཕོརཔ་ཨ་ནཱི་བཟུམ་ཆུང་ཀུ་སྦེ་ ངོ་བོ་ར་ ཞབས་དྲུང་ངག་དབང་རྣམ་རྒྱལ་འདི་ འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ འཕགས་པ་འཇམ་དཔལ་དབྱངས་ཀྱི་ ཨ་ནཱི་སྦེ་འབྱུང་བ་ཤིང་ཨིནམ་ལས་བརྟེན་ ཏེ་ད་ ག་ཅི་ར་ ཆོས་སྒྲིག་ལུ་བྱིན་རུང་ སྒྲིག་ལམ་རྣམ་གཞག་གི་ཕོརཔ་ཟེར་ ཆུང་ཀུ་སྦེ་ ཏེ་ད་འཇའ་ཆི་ཆི་སྦེ་འགྱོ་མིའི་ལམ་ལུགས་འདི་ ཁུངས་ཨ་ནཱི་ཨིན་ཟེར་ཞུ་ནི་ཨིན།
  • ཡེ་ཤེས་རྡོ་རྗེ་ Yeshi Dorji
    ཏེ་ད་ ང་བཅས་བླམ་ལེགས་ཤོམ་ཚུ་གིས་གསུངས་ ཏེ་ང་བཅས་ཀྱིས་འབད་རུང་ ཞིབ་འཚོལ་འབད་ ང་བཅས་ཀྱིས་མནོ་བསམ་བཏང་རུང་ ཏེ་ད་ཨིན་པས། ཨ་ནཱི་ཤིང་ ནད་གཞི་འོང་ནི་ཡང་མིན་འདུག ཏེ་འབྱུང་བ་ཐོག་ཁ་ ལཱ་ཡང་ ང་བཅས་ཀྱིས་ང་བཅས་ར་མཁས་མཆོག་འབད་ ང་བཅས་ལཱ་འབད་ ཏེ་ལཱ་འབདཝ་ད་ལུ་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་པས་ཟེར་ མནོ་བསམ་བཏངམ་མས།
  • ཚེ་རིང་དོན་གྲུབ་ Tshering Dhendup
    ལགས་སོ། ཨ་ནཱི་ ཨ་ནཱི་ཤིང་འདི་ ཡར་དབང་འདུས་ལས་འབག་འོངམ་ཨིན་པས། མ་གཞི་ ང་བཅས་ཀྱིས་འབད་བ་ཅིན་ མིང་གུ་ལ་ཟེར་སླབ་འོང་ལགས། མིང་གུ་ལ་ཤིང་ཟེར་མི་འདི་ཨིན། འབད་ཐངས་འདི་ ཨ་ནཱི་སྦེ་ཨིན། ཧེ་མ་འདི་ ལྷམ་ཧྲུབ་ཟེར་བཏང་འོང་།
  • བདེ་ཆེན་རྡོ་རྗེ་ Dechen Dorji
    སྐྱོན་བསུབ་ནིའི་དོན་ལུ་བླུགསཔ་ཨིན། ཨ་ནཱི་འདི་ ཨེ་རི་དྲེད་ཟེར་ ཨ་ནཱི་ནང་ན་རྩིས་ལྷམ་པ་གཉིས་འདུག་ལགས། རྩིས་ལྷམ་པ་གཉིས་འདུག ཨ་ནཱི་འདི་ཚུ་བླུགས་ཏེ་ དེ་ལས་ཨ་ནཱ་སྡེརམ་ནང་བླུགས་ཏེ། དེ་ལས་ སྡེརམ་ནང་བླུགས་ཚར་ཞིནམ་ལས་ ད་ཆུ་དམརཔོ་ཅིག་ཡོད་ལགས། ཨ་ནཱི་བླུགས་ཏེ་ ཨ་ནཱི་[ནེས་?]འདི་ ཆུ་ནང་ག་དེ་ཅིག་བཏུབ་པས་ག་ དེ་ལས་སེརཔོ་བླུགས།
  • བདེ་ཆེན་རྡོ་རྗེ་ Dechen Dorji
    དེ་ལས་ཏེ་ མང་མ་དྲག་ཉུང་མ་དྲགཔ་སྦེ་བླུགས་ཏེ་ ཚད་ལྡན་ཏོག་ཏོག་སྦེ་ དེ་ལས་ཨ་ནཱི་ལས་སྦོམ་ཨིན་པ་ཅིན་ ལྟེམ་ལྟེ་བླུགས་དོ་ལགས། སྐྱོན་བསུབ་ཆུང་ཤོས་ཨིན་པ་ཅིན་ མར་ད་ཕྱེ་བླུགས་དོ་ལགས། ཏེ་ཨ་ནཱི་བླུགས་ཏེ་ ཨ་ནཱི་སྦེ་ ནང་ན་གི་ དང་པ་ནང་ན་ཆུང་ཀུ་ཆུང་ཀུ་ཀྲེག་བཀོཝ་སྦེ་སེལ་ དེ་ལས་ཏེ་ དེའི་ཐོག་ཁ་སྦྱར་ཏེ་སྐམ་ཞིནམ་ལས་ ཀོཔ་ཙ་གིས་ བཏོག་བཀོ་ ཨ་ནཱི་ཐོག་ཁ་ལས་བཏོག་བཀོཝ་སྦེ་ [སེག་སེག་པ་?]གིས་འབད་དབུར་ཏེ་བཏོག་དོ།། །།