Skip to main content Skip to search
19 Jun 2018
1 min 48 sec
Video Overview
Creators: 
Sonam Tobgye

Sangay Dema from Serphu village a boedra that praises a sacred place in Paro called Dorje Pakmo, or Vajravārāhī (The Diamond Sow), which is the name of a deity in Tibetan Buddhism. According to Loden Foundation researcher Sonam Chophel, oral tradition says that Bhutanese used to go on pilgrimage to a Vajravārāhī-related site in Tibet. However, after the Chinese annexation of Tibet in 1950, the Bhutan-Tibet relations changed the pilgrimage patterns. It is said that if one visits Vajravārāhī in Paro, one can accumulate the same amount of merit that one would if visiting the one in Tibet. At Vajravārāhī in Paro, there is a crystal clear holy water and the dwarf bamboo that is considered very sacred.

༉  ལྷུན་རྩེ་རྫོང་ཁག་གསེར་ཕུག་གཡུས་ཚན་ལས་སངས་རྒྱས་སྒྲོལ་མ་གིས་ ཁང་པ་ཁང་བཟང་ལེགས་སོ་ཟེར་བའི་གླུ་གཞས་འདི་འཐེན་ཏེ་འདུག གླུ་གཞས་འདི་རང་ལུགས་འབོད་སྒྲའི་གླུ་གཞས་ཀྱི་དབྱེ་ཁག་ནང་ཚུད་དེ་ཡོདཔ་ཨིན། བློ་ལྡན་གཞི་ཚོགས་ཀྱི་འོག་ལུ་ཡོད་པའི་ ཤེས་རྒྱུན་འབྲུག་གི་ལམ་སྲོལ་ཕབ་བཟུང་དང་ཞིབ་འཚོལ་ལས་སྡེ་ནང་ལས་ཞིབ་འཚོལ་པ་བསོད་ནམས་ཆོས་འཕེལ་དང་འཁྲིལ་བ་ཅིན་ གླུ་གཞས་འདི་གིས་ སྤ་རོ་མཆིམས་ཕུ་ལུ་ཡོད་པའི་རྡོ་རྗེ་ཕག་མོའི་གནས་ལུ་བསྟོད་བསྔགས་བརྗོདཔ་ཨིནམ་སྦེ་བཤདཔ་མ་ཚད་ དང་ཕུ་འབྲུག་པའི་མི་ཚུ་གིས་ བོད་ལུ་ཡོད་པའི་རྡོ་རྗེ་ཕག་མོའི་གནས་ངོ་མ་དེ་ནང་ གནས་བསྐོར་འགྱོ་ནི་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༩༥༠ ལུ་བོད་རྒྱལ་ཁབ་འདི་ རྒྱ་ནག་རྒྱལ་ཁབ་ཀྱི་མངའ་འོག་ལུ་ཚུད་ཞིནམ་ལས་ བོད་འབྲུག་གཉིས་ཀྱི་མཐུན་འབྲེལ་དེ་ཡང་ཉམས་པ་ལས་བརྟེན་ ཚོང་འབྲེལ་དང་ཆོས་ཀྱི་འབྲེལ་མཐུད་ཚུ་ཡང་བཀག་ཡོདཔ་ཨིན་མས། འདི་ལུ་བརྟེན་ ང་བཅས་ར་སྤ་རོ་མཆིམས་ཕུ་ལུ་ཡོད་པའི་རྡོ་རྗེ་ཕག་མོའི་གནས་དེ་མཇལ་བ་ཅིན་ བོད་ལུ་ཡོད་པའི་རྡོ་རྗེ་ཕག་མོའི་གནས་ངོ་མ་མཇལ་དོ་བཟུམ་གྱི་ཕན་ཡོན་ འདྲ་མཉམ་འཐོབ་དོ་ཡོདཔ་སྦེ་བཤད་སྲོལ་ཡོདཔ་མ་ཚད་ གནས་དེ་ནང་ག་ནི་བ་གཙང་བའི་སྒྲུབ་ཆུ་དང་སྦ་གི་རིགས་ཚུ་ཡང་ཡོདཔ་ཨིན་པས། དེ་ནང་སྐྱེས་ཏེ་ཡོད་པའི་སྦ་རིགས་གཅིག་དེ་ ཙཱ་རི་ལས་འབག་འོང་པའི་ཙཱ་རི་སྨྱུག་མ་དང་དབྱེ་བ་མེདཔ་སྦེ་བརྩིས་ཏེ་ ཚེ་དར་དང་གཡང་དར་ཚུ་བཟོ་སྟེ་ རྩ་ཅན་ཅིག་སྦེ་བརྩིས་དོ་ཡོདཔ་ཨིན་མས། དེ་ཡང་ གླུ་གཞས་ཀྱི་ཚིག་དང་འཁྲིལ་རུང་ མ་དང་མཁའ་འགྲོའི་བྱིན་རླབས། །སྨྱུག་མའི་ཚིགས་ལ་ཞུགས་ཡོད། །ཟེར་གླུ་ཚིག་ནང་ལས་ཡང་དེ་སྦེ་འཐོན་ནི་འདུག

Transcript search
No results found for this search
0 of 0
  • སངས་རྒྱས་སྒྲོལ་མ་
    Sangay Dolma: ཁང་པ་ཁང་བཟང་ལེགས་སོ། །དར་ཅུང་རྒྱང་བསྒྲགས་ཆེ་སོང་། །སོ་ཡ་ དར་ཅུང་རྒྱང་བསྒྲགས་ཆེ་སོང་། །
  • སངས་རྒྱས་སྒྲོལ་མ་
    Sangay Dolma: ཙཱ་རི་གནས་ཀྱི་བདག་པོ། །སྤྱི་ཁྱབ་རྡོ་རྗེ་ཕག་མ(མོ)། །སོ་ཡ་ སྤྱི་ཁྱབ་རྡོ་རྗེ་ཕག་མ(མོ)། །
  • སངས་རྒྱས་སྒྲོལ་མ་
    Sangay Dolma: མ་དང་འགྲོའི་སྦྱིན་རླབས། །གཉུག་མའི་ཚིག་ལ་བཞུགས་ཡོད། །སོ་ཡ་ གཉུག་མའི་ཚིག་ལ་བཞུགས་ཡོད། །
  • སངས་རྒྱས་སྒྲོལ་མ་
    Sangay Dolma: [བདག་པ་ཤེས་རིག་གངས་ཆུ།?] །གླུ་འདི་རྡོ་རྗེ་ཕག་མ(མོ)། །སོ་ཡ་ གླུ་འདི་རྡོ་རྗེ་ཕག་མ(མོ)། ། [ལེགས་པུ་མ་རག་པ་ཤོ་ལ]