Skip to main content Skip to search
15 Dec 2011
2 min 24 sec
Rating
0
No votes yet
Video Overview
Creators: 
Unknown

Two women discuss recent dreams

Show More

  • སྒྲུང་ཤོད་མཁན།
    ཨ་ཅག་བདེ་སྒྲོན་ལགས།
  • སྒྲུང་ཤོད་མཁན།
     ་མདང་དགོང་ང་གཉིད་ལམ་ཟེར་དུས་ཙམ་པར་དངངས་སྐྲག་ཚ་པོ་ཞེ་པོ་༼༔ཅིག༼ཞིག༽་བཏང་བྱུང་།
  • བདེ་སྒྲོན།
    ཨ་ནི།
  • སྒྲུང་ཤོད་མཁན།
    ང་དང་པོ་སྤང་ཟེར་དུས་ཙམ་པར་སྐྱིད་པོ་རྒྱ་པོ་ཅིག་མེ་ཏོག་ཁྲ་ཐིང་ངེར་ཤར་བསྡད་ཀྱོག་གཅིག་གི་སྒང་ལ་སླེབས་ཀྱིས།
  • བདེ་སྒྲོན།
    ཨ་ལས།
  • སྒྲུང་ཤོད་མཁན།
    ཨ་ནི་ང་མེ་ཏོག་དང་སྤང་ལ་སེམས་གཡེངས་བྱས་མེ་ཏོག་༼༔རེ་ཅིག་༽བཀོག་བསྡད་དུས་ཙམ་པ་འདི་འདྲས་༼༔ཅིག༼ཞིག༽་ལ་དྲག་ཆར་ཟེར་དུས་ཙམ་པ་ཆེན་པོ་ཞེ་པོ་ཅིག་བབས་སོ།
  • བདེ་སྒྲོན།
    ༼༔ཨོང་འོང་།༽
  • སྒྲུང་ཤོད་མཁན།
    ཨ་ནི་ང་༼༔ལམ་སང༼ལམ་སེང༽་རྒྱུགས་ཤར་ཁོ་རང་གློད་བྱས་༼༔བོས༼བྲོས༽་བྱས་ད་གབ་ས་རུ་ཅི་༼རེ་ཞིག༽འཚལ་དགོས་བསམ་གྱི་འདུག་ག
  • སྒྲུང་ཤོད་མཁན།
    དེ་འདྲས་༼༔ཅིག༼ཤིག༽་ལ་ཡར་བྲག་ཕུག་ཆུང་ཆུང་རེ་༼༔ཅིག༼ཞིག༽་བརྙེད་ཀྱིས་ང་ཡར།
  • བདེ་སྒྲོན།
    ༼༔ཨ་འང་།༽
  • སྒྲུང་ཤོད་མཁན།
    ཨ་ནི་བྲག་ཕུག་དེའི་ནང་གབ་བྱས་འགའ་རོའོ་རེ་ཅིག་བསྡད་དུས་ཙམ་པར་ཆར་པ་ཆད་སོང་ངཱ་།
  • བདེ་སྒྲོན།
    ༼༔ཨ་འང་།༽
  • སྒྲུང་ཤོད་མཁན།
    ཆར་པ་ཆད་ད་དེ་ནས་༼༔མིའི་༽ད་ང་མར་ནང་ལ་ལོག་དགོས་བསམ་གྱིས།
  • སྒྲུང་ཤོད་མཁན།
    དེ་འདྲས་ཅིག༼ཤིག༽་ལ་མར་དོན་དུས་ཙམ་པར་ནང་ལ་ལོག་སའི་ལམ་ཀག་བརླགས་བཞག
  • བདེ་སྒྲོན།
    འོང་།
  • སྒྲུང་ཤོད་མཁན།
    ཧིང་ང་ནི་སེམས་འཚབས་བྱས་སེམས་འཚབས་བྱས་ད་ག་ས་ག་ལ་ཕར་བཙལ་ཚུར་བཙལ་དེ་འདྲས་ཅིག༼ཤིག༽་ལ་ཡང་ནི་༼༔མིའི་༽ང་རི་གཅིག་གི་སྒང་ལ་༼༔འཛགས༼འཛེགས༽་འགྲོ་གིས།
  • བདེ་སྒྲོན།
    རང་དེ་དུས་རླུང་རྟ་སྐྱེས་ཀྱི་ཡོད་རེད།
  • སྒྲུང་ཤོད་མཁན།
    རེད་པས་ལཱ།
  • བདེ་སྒྲོན།
    འོང་། 
  • སྒྲུང་ཤོད་མཁན།
    ཧེན་ད་རི་དེའི་སྒང་ལ་ཡར་༼༔ཅིག༼ཞིག༽་༼༔འཛགས༼འཛེགས༽་འགྲོ་གིས།་རི་ནི་མཐོ་མདོག་ཁག་ཅིག་འདུག་གཅིག་འཛེགས་འགྲོ་གིས་གཅིག་འཛེགས་འགྲོ་གིས་ང་ནི་དཀའ་ལས་ཀྱིས་ལམ་ཁ་མ་བརྙེད་ཙང་སེམས་མང་ང་ཅིག༼༔མང་བ་ཞིག༽་འཚབ་ཀྱིས།
  • སྒྲུང་ཤོད་མཁན།
    ད་དེ་འདྲས་རེ་ཅིག་ལ་ཡང་ནི་དེ་འདྲས་རེ་ཅིག་ལ་རིའི་ཕར་ཕྱོགས་ངོས་ལ་ལམ་ཁ་རེ་༼༔ཅིག༼ཞིག༽ཡོད་པའི་༼༔བཟོ་ར་ཅིག༽་འདུག
  • བདེ་སྒྲོན།
    འོང་།
  • སྒྲུང་ཤོད་མཁན།
    ཨ་ནི་ཡང་ཕར་ཕྱོགས་ངོས་ལ་ཕར་ཕྱོགས་ངོས་ལ་སླེབས་དུས་ཙམ་པར་ལམ་ཁ་ཅི་དག་ག་པར་ཡོད་རེད།
  • སྒྲུང་ཤོད་མཁན།
    ཆུ་ཟེར་དུས་ཙམ་པར་དཔག་ཙ་ཞིག་འདུག
  • བདེ་སྒྲོན།
    ཨ་ནི།
  • སྒྲུང་ཤོད་མཁན།
    ཧད་ད་ང་ཆུ་དེ་ནས་ཕར་མ་ཕྱིན་པ་ལ་ནི་འདི་ནང་ལ་འགྲོ་ཐུབ་པ་མི་འདུག་གཱ
  • སྒྲུང་ཤོད་མཁན།
    བསམ་བློ་རེ་བཏང་ད་ང་རྐྱལ་རུ་དེ་བརྒྱབ་ཐུབ་ཀྱི་ཡོད་པའི་བཟོ་ར་རེ་༼༔ཅིག༼ཞིག༽
  • སྒྲུང་ཤོད་མཁན།
     ་ཐུབ་ཀྱི་མེད་པའི་བཟོ་ར།་ཨིན་འདྲས་རེ་༼༔ཅིག༼ཞིག༽་ལ་ང་མིའི་ཆུའི་ནང་ལ་མཆོངས་ཚར་ཤག
  • བདེ་སྒྲོན།
    ཨ་ནི།
  • སྒྲུང་ཤོད་མཁན།
    ཆུའི་ལ་རྐྱལ་༼༔ཅིག༼ཞིག༽བརྒྱབ་ཀྱིས་རྐྱལ་ཅིག་བརྒྱབ་ཀྱིས་རྐྱལ་ཅིག་བརྒྱབ་ཀྱིས།་རྐྱལ་བརྒྱབ་མ་ཚར་པ་བྱས་ཆུ་ཤུགས་ཆེ་ཐག་ཆོད་བྱས།
  • བདེ་སྒྲོན།
    ༼༔ཨོན་།༽
  • སྒྲུང་ཤོད་མཁན།
    ༼༔ག་ཚད༼ཚོད༽་བརྒྱབ་གག་བྱས་ནའི་ལས་ཡར་ཡར་མ་ཕྱིན་པ་བྱས།་རྦད་དེ་མར་འབུད་རྒྱག་བཏང་བྱས།
  • སྒྲུང་ཤོད་མཁན།
    དེ་འདྲས་ཅིག་ལ་ཡར་ང་ནི་ཀོང་སྟོང་ཟེར་དུས་དཔག་ཙ་ཅིག་གི་ནང་ལ་མར་དབྱུགས་ཀྱིས།
  • བདེ་སྒྲོན།
    འོང་།
  • སྒྲུང་ཤོད་མཁན།
    ཨཱ་ཟེར་སྐད་གཅིག་བརྒྱབ་དུས་ང་གཉིད་ཟེར་དུས་འཕགས་ཏེ་སྒང་ལ་ཡར་སད་བྱུང་ངས་ནི།
  • སྒྲུང་ཤོད་མཁན།
    གཅིག་ལྟ་དུས་ཙམ་པར་གཉིད་ལམ་རེད་བཞག
  • བདེ་སྒྲོན།
    ཧོ་ཧོ་།
  • སྒྲུང་ཤོད་མཁན།
    ང་ནི་རྦད་ཉལ་ཁྲིའི་སྒང་ནས་མར་ཟགས་བཞག
  • བདེ་སྒྲོན།
    འོ་ཙི། བརྡབས་མི་འདུག་གཱ
  • སྒྲུང་ཤོད་མཁན།
    སྐྱོན་མི་འདུག གའི་བརྡབ་མི་འདུག
  • སྒྲུང་ཤོད་མཁན།
    ད་ཨེ་འདྲས་རེ་ཅིག་བྱས་བསམ་བློ་གཏོང་དུས་ཙམ་པར་གཉིད་ལམ་ཡིན་ཙང་ང་ར་སེམས་ལྷོད་ཤིག་ཤིག་རེ་ཅི་བྱུང་།
  • བདེ་སྒྲོན།
    འོང་།
  • སྒྲུང་ཤོད་མཁན།
    ཨེ་ནས་ཡང་ཡག་པོ་བྱས་ཡར་ཞིག་ཉལ་དུས་ཙམ་པར།
  • སྒྲུང་ཤོད་མཁན།
    ཉི་མ་ཤར་ཤར་བར་དུ་གཉིད་ཤོར་བཞག
  • བདེ་སྒྲོན།
    འོ་ཙི་བྱས་ན་རང་གཉིད་ལམ་དངངས་སྐྲག་ཚ་པོ་༼༔ཅིག༼ཞིག༽བཏང་པ་རེད།་རེད་པཱ།
  • སྒྲུང་ཤོད་མཁན།
    དངངས་སྐྲག་གི་དངངས་སྐྲག་ང་ར་དངངས་སྐྲག་ཞེ་པོ་ལངས་པ་འདྲ་འདུག་གཱ
  • བདེ་སྒྲོན།
    འོང་རེད།
  • སྒྲུང་ཤོད་མཁན།
    འཕགས་ཚག་ཞེ་པོ་བརྒྱབ་ཙང་།
  • བདེ་སྒྲོན་དང་སྒྲུང་ཤོད་མཁན།
    བརྒྱབ་ཨ་ནི་ཉལ་ཁྲིའི་སྒང་ནས་ཟགས
  • བདེ་སྒྲོན།
    བྱས་ཙང་མཚམས་གཅིག་སྐབས་དུས་གཉིད་ལམ་དངངས་སྐྲག་ཚ་པོ་ཨེ་འདྲས་༼༔བརྒྱབ་༼བཏང་༽དུས་སྒང་ནས།
  • བདེ་སྒྲོན།
    སོ་སོ་རང་དབང་མེད་པར་སྐད་ཁོ་ར་ཤོར།
  • སྒྲུང་ཤོད་མཁན།
    འོང་། 
  • བདེ་སྒྲོན།
    འཕགས་ཏེ་འདྲོགས་ཀྱི་འདུག་གཱ
  • སྒྲུང་ཤོད་མཁན།
    ང་ཕལ་ཆེར་སོ་སོས་སོ་སོས་དངངས་སྐྲག་ལངས།་སྐད་བརྒྱབ་ཙང་ཨ་ནི་གཉིད་སད་པ་འདྲ་འདུག་གཱ
  • བདེ་སྒྲོན།
    འོང་རེད་ད།
  • བདེ་སྒྲོན།
    རེད།
  • སྒྲུང་ཤོད་མཁན།
    གཉིད་ཤོར་དུས་ཙམ་པར་ཨ་ནི་ཉལ་ཁྲིའི་སྒང་ནས་མར་ཟགས་བཞག
  • བདེ་སྒྲོན།
    ༼༔ཤེན༼གཞན༽་དངོས་གནས་བྱས་ན་རི་མཐོན་པོ་འཛེགས་པ་དང་།
  • བདེ་སྒྲོན།
     ཨེ་འདྲས་ཆུ་ཨེ་འདྲས་གཉིད་ལམ་བཏང་ན།
  • སྒྲུང་ཤོད་མཁན།
    འོང་།
  • བདེ་སྒྲོན།
    ༼༔གྲོགས་༽ཡོད་རེད་ཟེར་གག་བྱེད་ཀྱི་ཡོད་རེད་པཱ།
  • སྒྲུང་ཤོད་མཁན།
    ༼༔གྲོགས་༽རེད་པཱ།
  • བདེ་སྒྲོན།
    ད་ཡང་ཀོང་སྟོང་ནང་ལ་མར་ཟགས་པའི་བཟོ་རུ་བྱས་ན་ཡང་ཨ་ནི་རླུང་རྟ་ཆག་གི་ཡོད་ཟེར་གག་བྱེད་ཀྱི་རེད་པཱ།
  • སྒྲུང་ཤོད་མཁན།
    བྱས་ཙང་གཉིད་ལམ་ཟེར་དུས་ཁྱད་མཚར་ཚ་པོ་༼༔ཅིག༼ཞིག༽་བཏང་བཞག
  • བདེ་སྒྲོན།
    རེད་པཱ། ཨ་ནི་གང་འདྲས་རེ་༼༔ཅིག༼ཞིག༽་ཡིན་འགྲོ གཅིག་བྱས་ན་རང་གྲོགས་ཡིན་འགྲོ་ལཱ།
  • སྒྲུང་ཤོད་མཁན།
    ད་གྲོགས་རེ་༼༔ཅིག༼ཞིག༽ཡོད་རོགས་བྱས་ན་བསམ་གྱི་འདུག་གཱ
  • བདེ་སྒྲོན།
    རེད་པཱ། ད་འོང་རེད་རེད།
  • བདེ་སྒྲོན།
    འོང་།
  • སྒྲུང་ཤོད་མཁན།
    གསོལ་ཇ་གང་ཞུས་གཱ
  • བདེ་སྒྲོན།
    འོང་ད་མན་༼༔་མན༼མིན༽།