Video Overview
This is a video of Drolle from Serchen, Amdo singing a song called "Wish for the Happiness of Your Parents." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་་ཡ་རེ་ཡ་རེ་་་་ངས་ཡ་རེ་ཡང་ལེན་དགོ ཨ་གླུ་བ་ལོ་ལོ་གླུ་ཞིག་ལེན༽
- སྤྲིན་དཀར་ནག་གཉིས་ཀྱི་ཁ་མཚམས་ན། །
- དགུང་འཛམ་གླིང་ཉི་མ་ནུབ་ལ་ཁད། །
- ངས་ནུབ་ན་མ་འདོད་བསྡད་ན་འདོད། །
- བསྡད་ནས་དྲོད་ཁོལ་འཛོམས་ན་འདོད། ། ༼ཨ་གླུ་བ་ལོ་ལོ་གླུ་ཞིག་ལེན༽
- རྩྭ་སྐྱ་སྔོན་གཉིས་ཀྱི་ཁ་མཚམས་ན། །
- འདི་ཐོལ་དཀར་འབྲི་མོ་སྐམ་ལ་ཁད། །
- སྐམ་ན་མ་འདོད་བསྡད་ན་འདོད། །
- བསྡད་ནས་འོ་ཐོག་བླངས་ན་འདོད། །
- ལོ་དྲུག་ཅུ་བདུན་ཅུའི་ཁ་མཚམས་ན། །
- དྲིན་ཆེན་ཕ་མ་འགྲོ་ལ་ཁད། །
- ངས་འགྲོ་ན་མ་འདོད་བསྡད་ན་འདོད། །
- བསྡད་ནས་སྐྱིད་ཅིག་རིག་ན་འདོད། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །
- ངས་འདིར་ཚོགས་ཁྲོམ་པ་གླུ་ཞིག་ལེན་ཡ། །