Video Overview
Dorjé from Chakor village in Repgong tells the story of a clever daughter-in-law who saved her father-in-law from prison.
འདིར་བུ་མོ་བློ་རིག་ལྡན་པ་ཞིག་ཁྱིམ་ཚང་ཞིག་གི་ཆུང་མ་བྱས་པ་དང་ཨ་ཕ་བཙོན་ལ་བཟུང་བའང་བསྐྱབས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
འདིར་སྐྱེས་པ་ཞིག་རེ་ཞིག་ཨ་མས་ལུག་བརྒྱ་དང་མཛོ་བརྒྱ་དེད་ནས་ཚོང་རྒྱག་ཏུ་བཏང་། ཨ་མས་ཁོ་ལ་ཕྱིར་ཡོང་སྐབས་མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ནས་ལུག་བརྒྱ་ཕྱིར་དེད་དེ་ཡོང་དགོས་ཟེར། ལམ་ཁ་རུ་བུ་མོ་དག་དང་འཕྲད་པས་དེའི་ནང་གི་བུ་མོ་གཅིག་གིས་ལུག་གི་བལ་དང་རྭ་ཅོ་རྣམས་བཙོང་ན་མཛོ་ལ་ཁལ་བརྒྱ་ལོང་ནི་རེད་ཟེར། སྐྱེས་པ་དེས་བུ་མོ་དེ་ཚང་གི་སྒོ་ཁ་རུ་རྟགས་ཞིག་བརྒྱབ་ནས་བུད་སོང་། དངོས་ནས་ཁོས་བུ་མོས་བཤད་པ་ལྟར་བསྒྲུབས་པས་མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ནས་ལུག་བརྒྱ་དེད་ནས་ཕྱིར་ཁྱིམ་ལ་ལོག ཁྱིམ་ལ་ཐོན་རྗེས་བུས་འདི་ནི་བུ་མོ་ཞིག་གི་བཀོད་པ་བཤད་པས། རྗེས་ནས་བུ་མོ་དེ་ཁོ་ལ་མནའ་མར་བསླངས། ཡང་རེ་ཞིག་ཨ་ཕ་བཙོན་འཇུག་བྱས་པ་དང་གསང་ཚིག་ཞིག་བུ་ལ་བཤད་ཀྱང་བུས་མ་གོ་བ་དང་། ཆུང་མས་གོ་ནས་ཨ་ཕ་ཕྱིར་བཙོན་ཁང་ནས་བསྐྱབས་པའི་གཏམ་རྒྱུད་བརྗོད་ཡོད།
这段故事讲了一位聪明的姑娘当了别人家的媳妇,有一次父亲进了监狱也把他救了出来。
这段故事讲了有一次母亲让儿子带着一百只羊和一百头牦牛去做生意,并告诉他回来时要让在一百头牦牛背上一百个驮子。他路上遇到了几位姑娘,其中一位姑娘告诉他把羊毛和羊角卖后就有一百个驮跺,他按照的姑娘的意思去做了,确实到家的时候就按母亲的嘱咐做到了。他告诉家人其实是一位姑娘的法子,之后把那位姑娘娶过来了。又有一次父亲进了监狱,父亲传了几句秘语给儿子时他没懂,最后媳妇听懂后救了他的父亲。
- མི་གེ་ལོང་བ་ཞེས་པའི་ཞར་བ་ཞིག་ཡོད།
- དེས་བུ་ལ་བཤད་རྒྱུར།
- ཁྱོད་ཚོང་རྒྱག་ཏུ་སོང་།
- ཁྱོད་ཀྱིས་མཛོ་བརྒྱ་དེད་ནས།
- ལུག་བརྒྱ་དེད་ནས་ཕྱིར་ཡོང་སྐབས་མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ནས།
- ལུག་བརྒྱ་ཕྱིར་དེད་ནས་ཤོག་ཅེས་ཟེར།
- དེ་ནས་དེ་དག་དེད་དེ་འགྲོ་སྐབས།
- ལམ་བར་དུ་བུ་མོ་ཆུ་ལེན་དག་ཆུ་ཁར་འགྲོ་རུ་ཡོད།
- ཨ་རོག་ཚོང་བརྟེན་མང་པོ་ཡོད་ག་ཞེས་བཤད་པར་ཚོང་བརྟེན་ཅི་ལྟར་མང་ངམ།
- མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ནས་ཕྱིར་ཡོང་དགོས།
- ལུག་བརྒྱ་ཕྱིར་དེད་ནས་ཡོང་དགོས།
- ང་ལ་ཚོང་བརྟེན་མེད་གོ་ཞེས་བཤད་པ་ན།
- ཚོང་བརྟེན་ཅིའི་ཕྱིར་མེད་དམ།
- ལུག་བརྒྱ་ཡི་བལ་བྲེགས་ནས་ལུག་བརྒྱ་ཡི་རྭ་བཅད་ནས་བཙོང་རྗེས།
- ཁྱོད་ལ་ཁལ་བརྒྱ་མེད་དམ་ཞེས་བཤད།
- ཨོ་་་་་དེ་རེད།
- དེ་ནས་ཆུ་ལེན་དེ་ཚོའི་འགྲམ་ནས་ཁལ་མ་རྣམས་ལ་རྩྭ་ཟ་རུ་བཅུག་སྟེ་བསྡད་པ་ན།
- ཆུ་ལེན་ཚོ་སྡེ་བ་ཞིག་གི་ནང་དུ་སོང་།
- ཁོ་ལ་སྐད་ཆ་བཤད་པའི་བུ་མོ་དེའི་རྗེས་དེད་ནས་སྒོ་ཁར་རྟགས་ཤིག་བརྒྱབ་ནས།
- དེ་ནས་བཟུང་ཚོང་ལ་སོང་།
- ལུག་བརྒྱ་ཡི་བལ་བྲེགས་པ་དང་རྭ་བཅད་རྗེས།
- ཁལ་བརྒྱ་བཀལ་ནས་ལུག་བརྒྱ་ཕྱིར་དེད་ནས་ཕྱིར་ཁྱིམ་ལ་ཐོན་དུས།
- ཁྱོད་ལ་འདི་མི་ཞིག་གིས་བཤད་པ་ཡིན་ཏེ་ཁྱོད་ཀྱིས་མི་ཤེས།
- ཁྱོད་ལ་སུས་བཤད་པ་ཡིན་ཞེས་དྲིས་པ་ན།
- ང་ལ་བུ་མོ་ཞིག་གིས་བཤད་པ་ཡིན་ཟེར།
- བུ་མོའི་ཡུལ་ཤེས་སམ་ཞེས་དྲིས་པ་ན་ཡུལ་ཤེས་གི་ཟེར།
- དེ་ནི་ཁྱོད་ཀྱི་ཆུང་མ་ཡིན་ཏེ་འུ་གཉིས་སོང་ནས་སློང་དགོས་ཟེར།
- ངའི་བུའི་ཆུང་མ་ལ་ཁྱེད་ཚང་གི་བུ་མོ་སྟེར་དགོས་ཞེས་ནས་བྱིན་པ་ཡིན།
- དེ་ནས་རྒད་པོས་བུ་མོ་ལ་ཁྱོས་ཁྱི་དེ་དག་ལ་ཆུ་བླུད་ཟེར།
- བུ་མོས་ཨ་ཕ། ཁྱོས་མགོ་ལོ་བྱས་དང་ང་ཡོང་གི་ཡོད་ཟེར།
- དེ་ནས་རྒད་པོས་ཅུང་ཞེས་ཟེར། ཅུང་ཟེར་བ་ནི་ཁྱོས་དེ་རེད་ཅེས་པ་དེ་རེད།
- དེ་ནས་ཡང་མནའ་མ་ལ་ཁྱོས་ཐལ་གྱི་ཐག་པ་ཞིག་རྒྱུས་དང་ཟེར།
- ཨོ་ཡ་ཞེས་རྩྭའི་ཐག་པ་ཞིག་རྒྱུས་ནས་དེ་ལ་མེ་སྒྲོན་ནས་ཐང་ལ་བཞག་པ་ན།
- ཨ་ཕ་ལ་ངས་རྒྱུས་ཚར་སོང་བས་ཁྱོས་དེ་ཤག་སྐྱུས་བྱས་དང་ཟེར།
- ད་བཀོད་མ་མེད་སོང་བ་རེད། ཐབས་མེད་ཀ
- དེས་རྗེས་ན་རྒད་པོ་དེ་རྒྱ་ཡིས་བཟུང་བ་རེད། རྒྱ་ཡིས་བཟུང་རྗེས།
- རྒྱ་གཉིས་ཡོད་པ་ལས་གཅིག་ནི་རྒྱ་རྩལ་བ་ཡིན་པ་དང་གཅིག་ནི་རྒྱ་དཀར་གཞས་ཞིག་རེད་ཟེར།
- དེ་གཉིས་ཀྱིས་ངེད་གཉིས་ཁྱེད་ཚང་ལ་འགྲོ་དགོས་པས་སྐད་གཏོང་དགོས་སམ་ཞེས་དྲིས་པ་ན།
- བཙོན་ཁང་ནང་དུ་ཡོང་ནས། རྒད་པོར་ལྕགས་སྒྲོག་བརྒྱབ་ཡོད།
- ང་ལ་སྐད་ཅིག་གཏོང་རྒྱུ་ཡོད།
- ཁྱོད་ཀྱིས་ངའི་བུ་ལ་ར་རྒྱ་རྒྱ་དེ་བཤས་ནས་འགྲུལ་བ་གཉིས་ལ་མགྲོན་བྱོས།
- ར་དཀར་གཞས་དེ་ཐོགས་ནས་ཞོག
- མི་ཤེས་ན་གོ་ཁའི་རྡ་ར་ངོ་ལོང་ཞེས་པ་བཤད་དགོས་ཟེར།
- དེ་ནས་རྒྱ་གཉིས་ཀྱིས་བུ་ལ་དེ་ལྟར་བཤད།
- དེ་ནས་ལུག་དང་ར་མ་བཀག་ཡོད་པ་དེའི་ནང་དུ་རྒྱུགས་ཁྱི་ལྟར་རྒྱུགས་ནས།
- ཆུང་མས་ཆུ་ཁུར་ནས་ཡོང་ནས་ཁོ་ལ།
- ཁྱོད་འདིར་ཤོག་དང་ཨ་ཕས་སྐད་འདྲ་བཏང་ཡོད་དམ་ཞེས་དྲིས་པ་ན།
- ཨ་ཕས་སྐད་བཏང་ཡོད་གི
- ར་རྒྱ་རྒྱ་དེ་ཤོས་ཟེར། འགྲུལ་བ་གཉིས་ཀ་མགྲོན་བྱོས་ཟེར།
- ར་དཀར་གཞིས་བོ་ཐོགས་ནས་ཞོག་ཟེར།
- ཁོ་རང་ཧ་ཅང་སྐྱིད་ཀི
- ཉི་མཚན་གཉིས་ཀ་ཇ་ཤ་རོ་མེད་ནོ་འཐུང་བཞིན་ཡོད།
- ཤ་རིད་པ་མེད་ནོ་བཟའ་བཞིན་ཡོད།
- ཉིན་མཚན་གཉི་ཀ་རྟ་སྔོ་སྔོ་ཞིག་ལ་ཞོན་ནས་བསྡད་ཡོད་ཟེར།
- ཨ་ཕ་སྐྱིད་ཀི་ཟེར།
- ཁྱོད་འདིར་ཤོག་དང་ཞེས།
- ཅི་ཞིག་བཤད་ཀི་ཞེས་དྲིས་པ་ན་དེ་ལྟར་ལན་བཏབ།
- ཨ་གླེན་རྒན།
- རྟ་སྔོ་སྔོ་ལ་ཞོན་ནས་བསྡད་ཡོད་ཞེས་པ་ནི་ལྕགས་སྒྲོག་བརྒྱབ་ཡོད་ཞེས་པའི་དོན་རེད།
- ར་རིད་པ་མེད་ནོ་ཟ་བཞིན་ཡོད་ཞེས་པ་ནི་རློན་ཚལ་མ་གཏོགས་ཟ་རྒྱུ་མེད་ཞེས་པའི་དོན་རེད།
- ཇ་ཤ་རོ་མེད་ནོ་འཐུང་བཞིན་ཡོད་ཞེས་པ་ནི་ཆ་ཁོལ་མ་གཏོགས་འཐུང་རྒྱུ་མེད་ཞེས་པའི་དོན་རེད།
- ཁྱོས་མི་ཤེས་ན་གོ་ཁའི་རྡ་ར་ངོ་ལོང་ཞེས་པ་ང་ལ་དྲིས་ཞེས་པའི་དོན་ཡིན།
- ར་རྒྱ་རྒྱ་བཤས་ཟེར་བ་ནི་རྒྱ་རྒྱ་རྩལ་བ་ཞིག་ཡོད་དམ་ཞེས་བཤད་པར་ཡོད་གི་ཞེས་བཤད།
- དེ་ཁྱོས་སོད་དགོས་ཞེས་པའི་དོན་ཡིན།
- ར་དཀར་རྒྱོ་ཐོགས་ཟེར་བ་ནི་དེ་ཐོགས་ནས་ཞོག་ཞེས་པའི་དོན་ཡིན།
- དེ་ནི་འདང་ཆེན་ཞིག་ཡིན་ནི་རེད།
- དེའི་ཨ་ཕ་བརྗེ་ཐུབ། ཞེས་བཤད་པ་ན།
- དཔའ་བོ་ཞིག་ཡིན་པ་འདྲ་སྟེ་དེ་ནས་རྒྱ་རྩལ་བ་བསད་ནས།
- རྒྱ་དཀར་གཞས་དེ་དེ་ནས་བཀྱིགས་རྗེས།
- དེ་ནས་ཁྱིམ་ཚང་དེ་ཚང་གི་གོ་ནས།
- རང་གི་བུ་མ་བསད་ན་གཞན་པ་དེ་ཅི་བྱུང་ན་བྱུང་ཞེས།
- རྒད་པོ་དེ་ལྟར་སྐྱོབ་ཐུབ་སོང་ཞེས་པའི་བཤད་ཚུལ་ཡོད།