Skip to main content Skip to search
22 Jun 2018
2 min 31 sec
Video Overview
Creators: 
Sonam Chophel, Duptho

Kelzang Wangchuk of Lem village sings a traditional folk song called Zamling Yangpay. It is said that great spiritual master in their village composed this song based on religious liturgies. This song is usually sung during agricultural work. It can be performed both by individuals or groups. Kelzang Wangchuk also mentions that young people are not interested in singing this kind of song anymore due to the influence of modern music. The lyrics to the song contain deep spiritual connotations. People of Lem village consider this song and its slow pace and mellow melody as one of the earliest songs from their village. 

༉  སྔར་སྲོལ་རང་ལུགས་ཀྱི་གླུ་གཞས་ འཛམ་གླིང་ཡངས་པའི་གླིང་ལ་ཟེར་མི་འདི་ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་གླེམ་ལས་སྐལ་བཟང་དབང་ཕྱུག་གིས་འཐེནམ་ཨིན་མས། རང་ལུགས་ཀྱི་གླུ་གཞས་འདི་ གཡུས་ཚན་དེ་ནང་ལུ་སྔོན་མ་ལས་འཐེན་སྲོལ་ཡོདཔ་ཨིནམ་ད་ བླ་ཆེན་ཅིག་གིས་ཆོས་ཚིག་ཚུ་ལག་ལེན་འཐབ་སྟེ་བརྩམས་ཡོདཔ་ཨིན་མས། གླུ་གཞས་འདི་ གླང་རྨོ་བའི་སྐབས་དང་ལྕང་ལཱ་རྐྱབ་པའི་སྐབས་ དེ་ལས་བྱཱ་ལཱ་འབད་བའི་སྐབས་སུ་འཐེད་དོ་ཡོདཔ་མ་ཚད་ མི་རེ་རེ་འབད་དང་ དུས་སྟོན་ཚུ་གི་སྐབས་ལུ་ སྡེ་ཚན་འབད་ཡང་རྐྱབ་དོ་ཡོདཔ་ཨིན་པས། འ་ནཱི་གླུ་གཞས་འཐེན་མི་སྐལ་བཟང་དབང་ཕྱུག་ཁོ་ར་གིས་སླབ་མི་ནང་ ན་གཞོན་ཚུ་ ནུབ་ཕྱོགས་ཀྱི་གླུ་གཞས་དང་སྙན་ཆ་ཚུའི་དབང་དུ་ཐལ་ཡོདཔ་ལས་ སྔར་སྲོལ་གྱི་གླུ་གཞས་ཚུ་ལུ་སྤྲོ་བ་བསྐྱེད་མི་མིན་འདུག་ ཟེར་བཤདཔ་ཨིན་མས། གླུ་གཞས་ཀྱི་ཚིག་དོན་ཚུ་ཆོས་དང་འབྲེལ་བ་ཡོདཔ་མ་ཚད་ གླེམ་གྱི་མི་ཚུ་གིས་གླུ་གཞས་འདི་མ་དཔེ་འབད་ཆ་བཞག་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ཞབས་བྲོ་ཟེར་ཏེ་ མ་པ་རང་ ཧེ་མ་གཞོནམ་སྦེ་སྡོད་པའི་བསྒང་འཐེན་ཞིནམ་ལས་ བུཚ་དང་བུམོ་བཟུམ་སྡོདཔ་ད་ལུ་འཐེན་ཡི་ ད་རེས་ནངས་པར་འདིནི་ ག་ར་བརྗེད་སོང་ནུག་ ད་རེས་ནངས་པར་འདིནི་ ཞབས་བྲོ་སོ་སོ་རྐྱངམ་ཅིག་འཐེནམ་མས་ཏེ་ འ་ནཱི་འདི་ཚུནི་ ང་བཅས་ཀྱིས་མི་ཤེས་པས་ ཧེ་མ་གི་ཡང་བརྗེད་ཚར་ནུག་ད་ ཨིན་རུང་ཡང་ ཧ་ལམ་ཅིག་འཐེན་དགོ་པས།
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: འཛམ་གླིང་ཡངས་པའི་གླིང་ལ། །སྭོ་ མི་ལུས་གསེར་གྱི་རིན་ཆེན། །ད་རེས་དོན་དང་ལྡན་པ། །སྭོ་ མཚན་ལྡན་བླ་མའི་སྐུ་དྲིན། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: འཛམ་གླིང་ཡངས་ཀྱི་གསུང་བྱ། །སྭོ་ རྒྱལ་བ་རང་བཞིན་རྡོ་རྗེ། །སྤྱི་གཙུག་བདེ་ཆེན་འཁོར་ལོ། །སྭོ་ འབྲལ་བ་མེད་པ་བཞུགས་ཡོད། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: འཛམ་གླིང་གླིང་གི་རིན་ཆེན། །སྭོ་ སྟོང་གསུམ་ནོར་བུ་མེ་ཏོག །དད་པས་མཆོད་པ་ཕུལ་བས། །སྭོ་ ཆོས་ཀྱི་དངོས་གྲུབ་ཞུ་ཡོད། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: འ་ནཱིམ་ཅིག་རང་ཨིན་ལགས།། །།