Skip to main content Skip to search
16 Feb 2017
1 min 39 sec
Rating
0
No votes yet
Video Overview
Creators: 
Dawa Tshering

གློག་བརྙན་འདི་ནང་ གསར་སྤང་རྫོང་ཁག་ རི་ཏི་གཡུས་ཚན་ལས་ སེངྒེ་གིས་འབད་བ་ཅིན་ ཁོང་གི་མོན་ཁ་འདི་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ནང་ གོ་བ་བརྡ་སྤྲོད་ཚུ་ རྫོང་ཁ་ནང་འབད་དོ་ཡོདཔ་ལས་ མར་ཨེབ་བཞག་སྟེ་ཡོད་ཟེར་ ཁུངས་བཀལཝ་ཨིན་པས། སློབ་གྲྭ་ནང་ སློབ་དཔོན་ཚུ་ གཡུས་སྐད་མོན་ཁ་འདི་ ཧ་མ་གོཝ་ལས་ ཨ་ལུ་ཚུ་ རྫོང་ཁ་དང་ ཨིང་སྐད་སླབ་དགོཔ་སྦེ་ ཤུགས་སྟོན་མི་གིས་ མོན་ཁ་འདི་ རབས་ཆད་ནི་གུ་ ལྷོད་དེ་ཡོད་ཟེར་མས། ཨིན་རུང་ གཡུས་འདི་ནང་ལས་ རྟ་མགྲིན་གིས་འབད་བ་ཅིན་ མོན་ཁ་འདི་ ཁ་སྐད་གཞན་གྱིས་ མ་གནོད་པར་ཡོད་ཟེར་ སླབ་མི་གཉིས་ རྙོག་འཛིན་དུམ་གྲ་ཅིག་འདུག།

  • སེང་གེ།
    ད་ ང་བཅས་རི་ཏི་གི་མོན་ཁ་ དེ་སྦེ་ཉམས་དགོ་པའི་ཁུངས་འདི་ དང་པ་འདི།
  • སེང་གེ།
    དང་ཕུ་གི་ཁ་སྐད་ ཉམས་འགྱོ་མི་འདི་ ག་ཅི་སྦེ་ཨིན་ན་ཟེར་བ་ཅིན།
  • སེང་གེ།
    དང་པ་རང་ སློབ་ཕྲུག་ཚུ་གི་ ཨིས་ཀུལ༼སློབ་གྲྭ་༽ གི་སྐད་ཡིག་སླབ།
  • སེང་གེ།
    སློབ་གྲྭ་ནང་ལུ་ ཁ་སྐད་རྫོང་ཁ་ཤེས་ནིའི་དོན་ལུ་ མ་གཏོགས་ཅི་པུ་ལུ་ ནཱ་གཡུས་ཀྱི་ཁ་སྐད་ཤེས་མི་དགོ།
  • སེང་གེ།
    དེ་ལུ་བརྟེན་ ང་བཅས་ཀྱི་རིགས་བརྒྱུད་ཀྱི་ ཁ་ཉམས་འགྱོ་མི་འདི་ གཅིག་འདི་ཨིན།
  • སེང་གེ།
    དོ་རུང་ དེ་གིས་ཡང་མ་དོ་བར་ རང་གི་ཁ་འ་ནཱི་བཟུམ་ཉམས་འགྱོ་དགོ་མི་འདི་ སློབ་དཔོན་ཚུ་གིས་ ཁ་སྐད་སླབ་མ་བཅུག
  • སེང་གེ།
    དེ་ཡང་ སློབ་གྲྭ་འདི་ཁ་སྐད་ རྫོང་ཁ་དང་ གཞན་སླབ་ནི་ལུ་ལཱ་ཁག་བཏང་མས་ཟེར་ རང་ཁ་སླབ་ནི་མེད།
  • སེང་གེ།
    རང་གི་ཁ་འདི་སླབ་ནི་མེད་ ད་རིས་ནངས་པའི་ཨ་ལོ་ཚུ་གི་ཁ་སྐད་འདི་ མོན་ཁ་མེད་པར་ ཁ་རྫོང་ཁ་སླབ་མི་ལུ་བརྟེན།
  • སེང་གེ།
    ང་བཅས་ཀྱི་མོན་ཁ་ ད་རིས་ཉམས་དགོ་པའི་ཁུངས་འ་ནཱི་ཨིན།། །།