Video Overview
སྤ་རོ་སྐྱི་ལ་དགོན་པ་ལུ་ ཨ་ནེ་ཚེ་རིང་ལྷམོ་གིས་ སྨྱུང་གནས་བཟུང་དགོ་པའི་སྐོར་ ཤེས་རྒྱུན་ལས་སྡེའི་ཞིབ་འཚོལ་པ་ རིག་འཛིན་སྒྲོལ་མ་དང་ཅིག་ཁར་དྲིས་ལན་བཟུམ་ཅིག་སྦེ་ གློག་བརྙན་སྒྲ་བཟུང་འབད་དེ་འདུག སྨྱུང་གནས་འདི་ ཨིན་ཅི་མིན་ཅི་ ཨ་ནེམོ་ཚུ་གིས་རྐྱངམ་ཅིག་ བཟུང་བཏུབ་ཨིན་ན་ ཟེར་དྲི་བའི་ལན་ལུ་ ཨ་ནེ་ཚེ་རིང་ལྷམོ་གིས་ སྦྱིན་བདག་གི་དད་མོས་ལུ་བརྟེན་མ་གཏོགས་ དགེ་སློང་ཚུ་གིས་འབད་རུང་བཟུང་མ་བཏུབ་མེད་ ཟེར་ཨིན་པས། སྔགས་སྲུང་པའི་ཚེ་ལུ་ བཞེས་སྒོ་ག་ཅི་ཡང་ཟ་མ་བཏུབ་མ་ཚད་ ཐ་ན་ ཁའི་ཚིལ་མ་ཡང་ལྐོལམ་བཏང་མི་བཏུབ་ ཟེར་ཨིན་མས།
- Hungrelkha
- རིག་འཛིན་སྒྲོལ་མ: Rigzin Dolma.ལགས་སོ། །ཨ་ཎི་གི་མཚན་ཅིག་གསུངས་ན་ལགས།
- ཚེ་རིང་ལྷམོ: Tshering Lham.ཚེ་རིང་ལྷམོ་སླབ་ཨིན་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.ཨ་ནི་ ད་རེས་ཨ་ནི་སྨྱུང་གནས་བསྲུང་དགོ་པའི་སྐོར་ལས་ ད་་་་་ད་ལྟོ་འ་ནེ་སྦེ་མཇལ་འབདཝ་ད་ ཨ་ནི་སྨྱུང་གནས་འདི་མ་འདྲཝ་ཅིག་སྦེ་ ཆོ་གུ་གཞན་མི་དང་ཕྱདཔ་ད་མ་འདྲཝ་ཅིག་ཨིན་མས་ལགས། ད་འ་ནི་སྐོར་ལས་ག་མཁྱེནམ་ཅིག་ཨ་ནི་གིས་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.ཨོ་ལགས་སོ་གནམ་མེད་ས་མེད་བཀའ་དྲིན་ཆེ་ལགས། ཏེ་ང་བཅས་སྨྱུང་གནས་གསེས་མི་འདི་ཏེ་ ཉིམ་གཅིག་འཛོམས་ལགས། ཉིམ་གཅིག་གི་ཚད་འཛོམས་སྨོ་ལགས། ཏེ་འདི་གི་ནངས་པར་འདི་འཛོམས་ ཏེ་འདི་གི་གནངས་ཚེ་གསེསཝ་ད་ངག་ འདི་གི་ཤུལ་མ་གི་ཉིམ་གསུམ་གསེསཝ་ད་ རྒྱབ་ཆོས་ཟེར་བརྩིཝ་ད་ འགྲོལཝ་ཨིན་གསེས་ཞུ་ནི་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.ཨ་ནི་ཉིམ་མ་འདྲཝ་མ་དྲཝ་སྦེ་ མིང་ཡང་མ་འདྲཝ་མ་འདྲཝ་སྦེ་འདུག ཨ་ན་ལུ་ག་དེ་སྦེ་ར་འབད་སྲོལ་ཡོད་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.ཟམ་ ཟམ་ཟེར་མི་འདི་ལུ་ ཨ་ནི་ང་བཅས་བཞེས་སྒོ་ཟ་ ཟ་ནི་གསེས་རུང་སྨོ་ དྲོ་པ་གསོལ་ཇ་ཅིག་སྨོ་ལགས། ཐུན་འགོ་བཙུགས་ཞིནམ་ལས་ག་ནི་ཡང་ཟ་མི་བཏུབ་གསེས་ཞུ་ནི་ཨིན་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.ཏེ་དེ་ལས་ དེ་ལས་ཨ་ནི་ངག་གསེས་གསེས་མི་ནང་ལུ་ ཚིལ་མ་ཅིག་ཡང་ལྐོད་མ་བཏང་མ་བཏུབ་སྦེ་ཨིན་མས་ཏེ་ ཨ་ནི་སྦེ་ཨིན་མས་གསེས་ཞུ་ནི་ལགས། ཚིལ་མ་ཡང་ལྐོད་མ་བཏང་མ་བཏུབ་པས་ དེ་ལས་ ཨ་ནི་མནོ་ཐག་འབྱུང་པ་ཅིན་(རབ་བྱུང་པ་ཅིན་) ཏེ་ང་བཅས་ཨ་ནི་དགུང་ཇ་གསེས་མ་གཏོགས་ ཉི་མ་གི་ལྟོ་ཡང་ཟ་ནི་མེད་ལགས་ བ་ཟ་(ཆུ་ཚོད་)བཅུ་གཉིས་ལུ་ ཏེ་འ་ནི་འདི་ལ་ལུ་ཅིག་ ཕོཝ་ན་ཚ་ལ་ལུ་ཅིག་འ་ནི་བཟུམ་སྦེ་ འབད་མི་ཚུ་གིས་ཟཝ་མས་ གཞན་འདི་མ་པ་ལས་ ཨ་ནི་ཟ་མི་བཏུབ་གསེས་ཞུ་ནི་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.སྨྱུང་གནས་འདི་ མ་པ་ལས་ཨ་ཎིམ་ཚུ་གིས་བསྲུང་དགོཔ་སྦེ་ཨིན་ན? ཨ་ནི་ཅིག་གསུངས་གནང་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.མེན་ལགས། མ་པ་དགེ་སློང་ཚུ་གིས་བསྲུང་རུང་བཏུབ་ནི་འདི་བཏུབ་སྨོ་ལགས། ཏེ་དེ་འབདཝ་ད་ལུ་ ཨ་ཎིམ་རྐྱངམ་ཅིག་འབད་བ་ཅིན་ ཨ་ཙི་ང་བཅས་ར་གི་ཨ་ཎི་འབད་ནི་འདི་གིས་ མི་འདི་ཚུ་གིས་ སྦྱིན་བདག་འདི་ཚུ་གིས་ཨ་ཎིམ་རྐྱངམ་ཅིག་ཞུ་མི་འདི་ ཨ་ཙི་ཨ་ནི་ཨ་ཎིམ་ཚུ་དགའ་བས་གསེས་སླབ་མས་ འ་ནི་ཨིན་མས་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.མ་པ་འདི་ དགེ་སློང་དང་ཨ་ནི་འདི་ཚུ་གིས་བསྲུང་མ་བཏུབ་གསེས་མེད་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.ཏེ་ ཉིམ་མཇུག་གི་འདི་ ཚེས་བཅུ་གསེས་ཞུཝ་ཨིན་ན་ལགས?
- ཚེ་རིང་ལྷམོ: Tshering Lham.ཨོང་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.ཚེས་བཅུ་འདི་ནང་ལུ་ག་དེ་སྦེ་རང་མཛད་ནི་ཡོདཔ་ཨིན་ན?
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.འུམ་་་་་ཚེས་བཅུ་ནང་ལུ་ དྲོ་པ་ཧེ་མ་ར་བ་ཟ་(ཆུ་ཚོད་)ལྔ་ལུ་ང་བཅས་ཀྱི་སྨྱུང་གནས་འདི་གྲོལ་འོང་བ་ལགས། འ་ན་ལས་ བ་ཟ་(ཆུ་ཚོད་)གཉིས་དང་ཕྱེད་ལུ་ལོང་ དེ་ལས་ གསུམ་ལུ་ཆོ་གུ་འགོ་བཙུགས་ ཏེ་ལྔ་ལུ་གྲོལཝ་མས་ ང་བཅས་སྨྱུང་གནས་འདི་ ད་འ་ནི་འདི་གྲོལ་བའི་འཕྲལ་ལས་ ཧེ་མ་རང་ཆུཚ་་་་ཧེ་མ་རང་ཁྲུས་ཆུ་ དེ་ལས་ ཆུ་ཚོད་ལྔ་དེ་ཅིག་ལུ་ ངག་བཏང་སྦེ་ དེ་ལས་ཐུདཔ་འཐུང་ ཏེ་དེ་བསྒང་ལས་ ཏེ་བདུན་སྒྲོལམ་འདི་གྲོལ་ཞིནམ་ན་ལས་ ང་བཅས་ཉིམ་ཅིག་གི་ཚེས་བཅུ་འདི་འགོ་བཙུགས་འོང་གསེས་ཞུ་ནི་ལགས།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.ད་ནི་ཁ་ལུ་ དེ་ལས་ད་རུང་ གསོལཝ་ཡར་བལྟབ་བཅུ་གཉིས་ ཡང་ཅིན་ གཅིག་ཡར་བལྟབ་འགྲོལཝ་ཨིན་གསེས་ཞུ་ནི་ཨིན།
- རིག་འཛིན་སྒྲོལ་མ: Rigzin Dolma.སྨྱུང་གནས་བླམ་འདི་གི་སྐོར་ལས་ཅིག་ ད་མཁྱེན་ག་ལགས་ན་གིས་ད་ བླམ་འདི་ མ་པ་ལས་ར་ ཨ་ཎིམ་གིས་མཛད་བཏུབ་ག་ལགས?
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.མ་པ་སྨྱུ་གནས་བླམ་འདི་འདི་ ཨ་ནི་་་་ཨ་ཎིམ་གྱིས་བླམ་འབདཝ་གསེས་འདི་མིན་འདུག་བ་ལགས། རོགས་ཨ་ནི་ བླམ་སོ་སོ་ཅིག་རང་ཞུ་དགོ་པས་བ་ལགས་ཞུ་ནི་འདི་ ཏེ་ང་བཅས་ར་ཨ་ནི་བླམ་འདི་ མ་ལས་ཨ་ནི་ཚུ་བླམ་འདི་མ་ཐོབ་ད་ལུ་ ཨ་ཎིམ་གིས་འབད་བཏང་འོང་ལགས། དེ་འབདཝ་ད་ཨ་ཎིམ་འདི་ཡར་བླ་མའི་ཁྲི་ཁ་འདི་བཞུགས་ནི་མེད་ སོ་སོ་སྦེ་བཞུགས་འོང་གསེས་ ཞུ་ནི་ལགས།
- རིག་འཛིན་སྒྲོལ་མ: Rigzin Dolma.འ་ནེམ་ཅིགཨིན་མས་སྨོ་ཨ་ནི།
- ཨ་ནི་ཚེ་རིང་ལྷམོ: Ani(nun) Tshering Lham.ཧེ་་་་་ལགས་སོ་ལགས།