Skip to main content Skip to search
01 Sep 2018
3 min 35 sec
Rating
0
No votes yet
Video Overview
Creators: 
Monika Subba, Kencho Wangmo

གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ལས་ པདྨ་བདེ་སྐྱིད་ཀྱིས་འཐེན་མི་བོད་སྒྲའི་གླུ་གཞས་ ངེའི་ཕ་ཡུལ་གངས་རི་དཀར་པོ་འདྲ་ཟེར་མི་འདི་ ལེགས་ཤོམ་སྦེ་འཐེན་ཏེ་འདུག གླུ་གཞས་འདི་གི་ནང་དོན་འདི་ ཕམ་སྤུན་ཆ་དང་གཉེན་འགྲོགས་ཚུ་དྲན་པའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་གི་ཚིག་ཚུ་ག་ནི་བ་བྱ་ཆི་ཆི་སྦེ་ དཔེ་དང་དཔེ་ཅན་བཙུགས་ཏེ་འཐེན་དགོ་བདེ་ཏོག་ཏོ་སྦེ་བརྩམས་ཏེ་འདུག གླུ་གཞས་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ནང་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་པའི་ཡོངས་གྲགས་ཅན་གྱི་གླུ་གཞས་ཅིག་ཨིན།

Show More

  • པདྨ་བདེ་སྐྱིད་ Pema Deki
    ངེད་ཕ་ཡུལ་གངས་རི་དཀར་པོ་འདྲ་ལ།
    My village looks like a white mountain.
  • པདྨ་བདེ་སྐྱིད་ Pema Deki
    གངས་རི་དཀར་པོ་མཐོང་ཚེ་ཕ་ཡུལ་དྲན་ལ།
    Whenever I see White Mountain I miss my village.
  • པདྨ་བདེ་སྐྱིད་ Pema Deki
    ཕ་ཡུལ་དྲན་ལ། སྤང་ལ་གི་འོ།
    Miss my village.
  • པདྨ་བདེ་སྐྱིད་ Pema Deki
    ངེད་ཡབ་ཆེན་ཁྲི་གདུག་ལ་ཉི་མ་འདྲ་ལ།
    My father is like a glowing sun.
  • པདྨ་བདེ་སྐྱིད་ Pema Deki
    ཁྲི་གདུག་ལ་ཉི་མ་མ་མཐོང་ཚེ་ཡབ་ཆེན་དྲན་ལ།
    Whenever I see a glowing sun I miss my father.
  • པདྨ་བདེ་སྐྱིད་ Pema Deki
    ཡབ་ཆེན་དྲན་ལ། སྤང་ལ་གི་འོ།
    Miss father
  • པདྨ་བདེ་སྐྱིད་ Pema Deki
    ངེད་ཡུམ་ཆེན་ཞོ་ཤེལ་ལ་ཟླ་བ་འདྲ་ལ།
    My mother is like a full moon.
  • པདྨ་བདེ་སྐྱིད་ Pema Deki
    ཞོ་ཤེལ་ཟླ་བ་མཐོང་ཚེ་ཡུམ་ཆེན་དྲན་ལ།
    Whenever I see full moon I miss my moon.
  • པདྨ་བདེ་སྐྱིད་ Pema Deki
    ཡུམ་ཆེན་དྲན་ལ། སྤང་ལ་གི་འོ།
    Miss my mom.
  • པདྨ་བདེ་སྐྱིད་ Pema Deki
    ངེའི་སྤུན་ཆ་ནམ་མཁའི་ལ་སྐར་མ་འདྲ་ལ།
    My relatives are like a star in the sky.
  • པདྨ་བདེ་སྐྱིད་ Pema Deki
    ནམ་མཁའི་སྐར་མ་མཐོང་ཚེ་སྤུན་ཆ་དྲན་ལ།
    Whenever I see the stars I miss my relatives.
  • པདྨ་བདེ་སྐྱིད་ Pema Deki
    སྤུན་ཆ་དྲན་ལ། སྤང་ལ་གི་འོ།
    Miss my relatives.
  • པདྨ་བདེ་སྐྱིད་ Pema Deki
    ངེའི་གཉེན་གྲོགས་སྤང་གི་ལ་མེ་ཏོག་འདྲ་ལ།
    My marriage partner is like a lawn flower.
  • པདྨ་བདེ་སྐྱིད་ Pema Deki
    སྤང་གི་ལ་མེ་ཏོག་མཐོང་ཚེ་གཉེན་གྲོགས་དྲན་ལ། སྤང་ལ་གི་འོ།
    Whenever i see lawn flower i miss my husband.
  • པདྨ་བདེ་སྐྱིད་ Pema Deki
    གཉེན་གྲོགས་དྲན་ལ། སྤང་ལ་གི་འོ། ལགས་སོ།
    I miss my husband. Ok