05 Jan 2016
2 min 31 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "This White Cloud in the Open Sky." This song is part of a collection of folk songs from the Rebgong cultural area.
འདི་ནི་རྟགས་དང་མཚན་མ་ཡ་མཚན་འབྱུང་བ་ནི་དོན་ཁྱད་པར་བའམ་དོན་བཟང་འབྱུང་བའི་རྟེན་འབྲེལ་ཡིན་པར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་ཨ་སྔོན་མཁའ་རུ་སྤྲིན་དཀར་པོ་འཁྲིག་པ་དང་། སྤྲིན་དཀར་པོའི་ནང་དུ་འབྲུག་ཆུང་འཁྱིལ་བ་འབྲུག་ངར་སྐད་ཆེ་བའི་རྟེན་འབྲེལ་ཡིན་པ་དང་། རྫ་ཁྲ་ཡག་མགོ་ལ་གངས་ཀྱིས་གཡོག་པ་དང་གངས་དཀར་པོའི་སྟེང་དུ་སེང་གེ་འགྱིང་བ་སེང་གཡུ་རལ་རྒྱས་པའི་རྟེན་འབྲེལ་ཡིན་པ། རི་མཐོན་པའི་སྟེང་དུ་ནགས་ཀྱིས་བཀང་བ་དང་ནགས་རྒྱ་རྫོང་ནང་དུ་རྒྱ་སྟག་འགྱིང་བ་སྟག་རྩལ་དྲུག་རྒྱས་པའི་རྟེན་འབྲེལ་ཡིན་པ་བརྗོད་པའི་གླུ་ཞིག་ཡིན།
- ༼ ཡེ་་་་་་་་ཡ་རེ་་་་ཡེ་ན་ཟླ་ཡ་ར་ལེན། ༽
- དགུང་ཨ་སྔོན་མཁའ་རུ་སྤྲིན་གྱིས་བཟུང།།
- སྤྲིན་དཀར་པོའི་འཁོར་ཁ་འབྲུག་གིས་བཟུང་།།
- འབྲུག་ངར་སྐད་ཆེ་བའི་རྟེན་འབྲེལ་རེད།།
- རྫ་ཁྲ་ཡག་ཁ་རུ་གངས་ཀྱིས་བཟུང་།།
- གངས་དཀར་པོ་འཁོར་ཁ་སེང་གིས་བཟུང་།།
- སེང་གཡུ་རས་རྒྱས་པའི་རྟེན་འབཻལ་རེད།།
- རི་མཐོན་པོའི་ཁ་རུ་ནགས་ཀྱིས་བཟུང་།།
- ནགས་རྒྱ་རྫོང་འཁོར་ཁ་སྟག་གིས་བཟུང་།།
- སྟག་འཛུམ་དྲུག་རྒྱས་པའི་རྟེན་འབྲེལ་རེད།།
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།