Skip to main content Skip to search
15 Jun 2018
3 min 25 sec
Video Overview
Creators: 
Sonam Tobgye

"Hingri Lamo," performed by Ugyen Chozang from Jang village, is a song about losing and finding things. The lyrics say someone has left his hat at the place where he had his morning tea earlier. He is going back to retrieve his hat, this time leaving behind his tent and wood. Fortunately, he finds his hat and comes back full of joy. Along the way, he also finds a “bell of joy” which he began wearing around his neck. This is a song about happiness. 

༉  ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ བྱང་གཡུས་ཁ་ལས་ཨིན་མི་ཨོ་རྒྱན་ཆོས་བཟང་གིས་ ཧིང་རི་ལ་མོ་ཟེར་མི་གླུ་གཞས་ཅིག་འཐེན་ཏེ་འདུག གླུ་གཞས་འདི་གི་ཚིག་ལྟར་དུ་འབད་བ་ཅིན་ ཅ་ལ་ཚུ་བྱང་ཞིནམ་ལས་ ལོག་འཚོལ་ཐོབ་སྟེ་སེམས་དགའ་བའི་སྐོར་ལས་འཐོནམ་ཨིན་མས། དེ་ཡང་ ཞྭམོ་གི་ཇོ་བདག་འདི་དྲོ་པ་ཁོ་རང་ཇ་འཐུང་སྡོད་སའི་ས་གནས་འདི་ནང་ཞྭམོ་ལུས་སྦེ་ འཚོལ་བར་སོང་སྦེ་ལོག་ཐོབ་ སེམས་དགའ་སྟེ་དགའ་སྤྲོ་འབད་སྡོད་སར་ ད་རུང་དྲིལ་བུ་བྱང་ད་ནུག ཨིན་རུང་ དྲིལ་བུ་དེ་ཡང་ལོག་ཐོབ་སྟེ་སེམས་དགའ་ དེ་ལས་དྲིལ་བུ་དེ་སྐེ་ཁ་ལུ་བཏགས་ད་ཡི་ ཟེར་འཐོནམ་ཨིན་པས། གླུ་གཞས་འདི་དགའ་བ་དང་ལྡན་པའི་གླུ་གཞས་ཅིག་ཨིནམ་ད་ ཡོངས་གྲགས་ཡང་མེད་པའི་ཁ་ལུ་ ག་གིས་ནམ་བརྩམས་བརྩམས་ཨིན་ན་ཡང་མི་ཤེས་པས།

Transcript search
No results found for this search
0 of 0
  • ཨོ་རྒྱན་ཆོས་བཟང་།
    Ugen Chozang: ཧིང་རི་ལ་མོ། །དྲོ་པའི་ཚ་བུ་རྒྱབ་ས། །ལེགས་འོ་ན་ཞྭ་མོ་ལ་ལུས་ནས་མིན་འདུག །ལེགས་འོ་ན་ཞྭ་མོ་ལ་ལུས་ནས་མིན་འདུག །
  • ཨོ་རྒྱན་ཆོས་བཟང་།
    Ugen Chozang: ཧིང་རི་ལ་མོ། །གུར་དང་གུར་ཤིང་བཞག་ནས། །ལེགས་འོ་ན་ཞྭ་མོ་ལ་འཚོལ་ལ་འགྲོ་སོང་། །ལེགས་འོ་ན་ཞྭ་མོ་ལ་འཚོལ་ལ་འགྲོ་སོང་། །
  • ཨོ་རྒྱན་ཆོས་བཟང་།
    Ugen Chozang: ཧིང་རི་ལ་མོ། །ཞྭ་མོ་མཐོང་ཡང་མཐོང་སོང་། །ལེགས་འོ་ན་དགའ་སྤྲོ་ལ་བྱེད་ནས་ཕེབས་ཤོག །ལེགས་འོ་ན་དགའ་བྲོ་ལ་བྱེད་ནས་ཕེབས་ཤོག །
  • ཨོ་རྒྱན་ཆོས་བཟང་།
    Ugen Chozang: ཧིང་རི་ལ་མོ། །དགའ་སྤྲོ་ག་ཏེ་མཛད་ས། །ལེགས་འོ་ན་དྲིལ་བུ་ལ་ལུས་ནས་མིན་འདུག །ལེགས་འོ་ན་དྲིལ་བུ་ལ་ལུས་ནས་མིན་འདུག །
  • ཨོ་རྒྱན་ཆོས་བཟང་།
    Ugen Chozang: ཧིང་རི་ལ་མོ། །དྲིལ་བུ་མཐོང་ཡང་མཐོང་སོང་། །ལེགས་འོ་ན་སྐེ་ལུ་ལ་བཏགས་ཡང་བཏགས་སོང་། །ལེགས་འོ་ན་སྐེ་ལུ་ལ་བཏགས་ཡང་བཏགས་སོང་། །