Skip to main content Skip to search
18 Jun 2018
7 min 2 sec
Video Overview
Creators: 
Sonam Tobgye

Tshering Dema from Khoma village sings "Khoma Aloo," a local song. This is basically an inspirational song for practicing the Dharma, but it can also be interpreted as being quite sentimental since it describes the different courses and directions that people’s lives can take despite having similar starting points. In any case, one can aspire and pray to meet his or her loved ones again at the Copper-Colored Mountain (Zangdokpelri), the pure land where Guru Rinpoche resides, or at the Blissful Western Pure Land (Nupchok Dewachen), the pure land of Buddha Amitabha. 

༉  ཁོ༌མའི༌ཨ༌ལོ༌འདི༌ ལྷུན༌རྩེ༌རྫོང༌ཁག༌ཁོ༌མ༌གཡུས༌ཚན༌གྱི༌སྐྱོ་གླུ་ཅིག༌ཨིན༌མི༌དེ༌ ཚེ༌རིང༌སྒྲོལ༌མ༌གིས༌འཐེནམ༌ཨིན༌མས། གླུ་གཞས༌དེ༌ ཆོས༌འབད༌ནི༌ལུ༌དད༌མོས་བསྐྱེད༌བཅུག༌ནི༌གི་དོན༌ལུ༌ཨིན༌པས། གླུ་ཞས་དེ༌ཆོས༌ཀྱི༌འབྱུང༌ཁུངས༌ཅིག༌ཨིན༌རུང༌ ཆོས༌འབད༌ཐངས༌སྣ༌ཚོགས༌ཡོད༌མི༌ལས༌བརྟེན༌ཚོར༌བ༌བྱིན༌དོ༌ཡོདཔ༌ཨིན༌མས། ཨིན༌རུང༌ རང་སོའི་དགའ་མཐུན་ཚུ་ཟངས་མདོག་དཔལ་རིར་ ཡང་ན་ནུབ་ཕྱོགས་བདེ་བ་ཅན་ལུ་འཕྱད་ནི་གི་དོན་ལུ་ རེ་འདོད་དང་གསོལཝ་བཏབ་དོ་ཡོདཔ་མས། གླུ་གཞས་དེ་ ཁོ་མ་གཡུས་ཚན་ནང་ ངག་རྒྱུན་ཐོག་ལས་མི་རབས་ལས་མི་རབས་བརྒྱུད་དེ་ཡོདཔ་ཨིནམ་དང་ དུས་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་ས་ལས་ཕར་འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • Tshering Dema: ཁྲི་གདུགས་ལ་ཤར་ས་གཅིག་རུང་། །ནུབ་ས་ལ་རང་རང་ལ་སོ་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: གནས་མཆོག་ལ་ཟངས་མདོག་ལ་དཔལ་རི། །མཇལ་བའི་ལ་སྨོན་ལམ་ལ་ཞུ་གེ །
    ཚེ་རིང་སྒྲོལ་མ
  • Tshering Dema: སྤྲང་མོ་ལ་སྐྱེ་ས་ལ་གཅིག་རུང་། །འགྲོ་ས་ལ་རང་རང་ལ་སོ་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ནུབ་ཕྱོགས་ལ་བདེ་བ་ཅན་ལུ། །མཇལ་བའི་ལ་སྨོན་ལམ་ལ་ཞུ་གེ །
    ཚེ་རིང་སྒྲོལ་མ
  • Tshering Dema: ཆུ་མོ་ལ་འབབ་ས་གཅིག་རུང་། །ཕྲལ་སེ་ལ་རང་རང་ལ་སོ་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: རྒྱ་ཡང་ལ་རྡོ་རྗེ་གདན་ལུ། །འཛོམས་པའི་ལ་སྨོན་ལམ་ལ་བཏབ་གེ །
    ཚེ་རིང་སྒྲོལ་མ
  • Tshering Dema: དགེ་སློང་ལ་ནམ་མཁའི་སྙིང་པོ། །ལྷོ་བྲག་ལ་མཁར་ཆུ་ལ་བྱོན་དོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: དམ་ཆོས་ལ་གསེར་གྱི་གླེགས་བམ། །ལུང་པའི་ལ་རྟེན་ཡང་ལ་གནང་ཞུ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཞབས་དྲུང་ལ་ངག་དབང་རྣམ་རྒྱལ། །སྤུ་ན་ལ་ཁ་ལུ་ལ་བྱོན་དོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: རིག་འཛིན་ལ་འཁྲུངས་པའི་བུམ་པ། །ལུང་པའི་ལ་རྟེན་ཡང་ལ་གནང་ཞུ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ལགས་སོ། །
    ཚེ་རིང་སྒྲོལ་མ