Skip to main content Skip to search
21 Jun 2018
3 min 46 sec
Video Overview
Creators: 
Duptho, Sonam Chophel

Yeshi Choden of Radhi Gewog, Tashigang, sings an Alo song (a type of local song) entitled Thridug Sharsa (Where the Sun Rises). The song is mostly sung by Eastern Bhutanese. Alo songs typically convey feelings and emotions of the performer. Therefore, the lyrics or genre of Alo can depend on the state of mind or intentions of the performer. It is not performed with dance steps, but can be sung individually or in groups. It is not performed during special occasions, but is sung for leisure or at work. This particular Alo is a sad one that talks about the meetings and farewells as a fact of life. 

 

་བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ ཨ་ལོ་ཞབས་ཁྲ་ ཁྲི་གདུགས་ཤར་ས་ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ཡང་མང་ཤོ་ར་ ཤ་ཕྱོགས་ཁ་ཐུག་ལུ་འཐེན་ཨིན་མས། ཨ་ལོ་ཞབས་ཁྲའི་སྐབས་ རྩོམ་པ་པོ་ཁོའི་ སེམས་ཀྱི་ཚོར་བ་ཚུ་བཤདཔ་ཨིན་མས།  དེ་འབདཝ་ལས་ ཨ་ལོའི་ཚིག་འདི་ རྩོམ་པ་པོ་གིས་སེམས་ཀྱི་ གནས་སྟངས་དང་ཚོར་བ་ འཁྲིལ་ཏེ་འགྱོཝ་ཨིན། ཞབས་ཁྲ་འདི ་མི་ངོམ་རེ་རེའི་དང་སྡེ་ཚན་ནང་འཐེན་ནི་ མ་གཏོགས་ལིའུ་སྒྲིགས་སྟེ་ རྐྱབ་ནི་མེདཔ་ཨིན། དེ་མ་ཚད་ཞབས་ཁྲ་འདི་ དལ་ཁོམ་དུས་སྐབས་དང་ ལཱ་འབད་བའི་སྐབས་མ་གཏོགས་ དགའ་སྟོན་དང་རྟེན་འབྲེལ་སྐབས་ འཐེན་ནི་མེདཔ་ཨིན།  ལྷག་པར་དུ་ཡེ་ཤེས་ཀྱི་འཐེན་མི་ཨ་ལོ་ ཞབས་ཁྲ་འདི་ འཛོམས་ནི་དང་ཁ་འབྱལ་བའི་སྐོར་ལས་བཤདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཁྲི་གདུགས་(ལ)ཤར་ས་གཅིག་རུང་། །ནུབ་ས་(ལ)རང་རང་(ལ་)སོ་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཆུ་མོ་(ལ་)འབབ་ས་གཅིག་རུང་། །འགྱོ་ས་(ལ)རང་རང་(ལ)སོ་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    མེ་ཏོག་(ལ)ཤར་ས་གཅིག་རུང་། །ཕུལ་ས་(ལ)རང་རང་(ལ)སོ་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཤིང་དང་(ལ)ཤོ་མོ་འབྲལ་སེ། །ཤིང་མོ་(ལ)ཤུང་ཤུང་(ལ་)རུང་རུང་། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    བ་ཕུར་(ལ་)ཐག་པས་འཁྱོལ་ཚེ། །བ་ཕུར་(ལ་)ཤུང་ཤུང་(ལ་)རུང་རུང་། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    མཚན་ལྡན་(ལ་)བླ་མ་འབྱོན་ཚེ། །གཟིམ་ཅུང་(ལ)ཤུང་ཤུང་(ལ)རུང་རུང་། །རྫོགས་སོ་ཡི།། །།