Skip to main content Skip to search
19 Jun 2018
4 min 18 sec
Video Overview
Creators: 
Sonam Tobgye

A group of people from Serphu village sing "Dangpo Yangla Jungjung", a boedra song. This song glorifies the sheep in Tibet, which were brought from China, and the happiness of a man in being a shepherd. Herding a magnificent flock of sheep is compared to the blinking stars, flowers in a meadow, and the supports of a bridge, metaphors that reinforce the greatness of the sheep. The moment a sheep takes the lead, the man is happy to be a shepherd.  

༉  འབོད་སྒྲའི་གླུ་གཞས་ དང་པོ་གཡང་མོ་བྱུང་བྱུང་དེ་ ལྷུན་རྩེ་རྫོང་ཁག་གསེར་ཕུག་གཡུས་ཚན་ནང་ལས་ གླེ་མོ་དང་ཁོང་དག་པ་ཅིག་གིས་སྡེ་ཚན་འབད་འཐེན་ཏེ་འདུག གླུ་གཞས་དེ་གི་འབྱུང་ཁུངས་དང་དགོས་པ་དེ་ཅིག་ཟེར་ མེད་དེ་འབད་རུང་ རྒྱ་ནག་ལས་བཏང་མི་ལུག་འདི་ བོད་ལུ་གཡང་སྦེ་བརྩིས་ཏེ་བསྟོད་པ་རྐྱབ་ཨིནམ་ད་ ཨ་ཞང་ལུག་རྫིཔ་དེ་ཡང་སེམས་དགའ་བའི་སྐོར་ལས་ཨིན་མས། ཁྱད་དུ་འཕགས་པའི་ལུག་དེ་ གནམ་ཁའི་སྐརམ་དང་སྤང་གི་མེ་ཏོག་ དེ་ལས་ཟམ་ཚུ་ལུ་ག་བསྡུར་འབད་དེ་འདུག དེ་ཡང་ སྤང་ཐང་ནང་བཏང་པ་ཅིན་ སྤང་གི་མེ་ཏོག་དང་འདྲ་བར་དང་ ཆུ་ནང་བཏང་པ་ཅིན་ཆུའི་ཁར་ཟམ་དང་འདྲ་བར་མཐོང་སྟེ་ ལུག་རྫིཔ་དེ་སེམས་དགའ་བའི་རྣམ་པ་སྦེ་འཐེན་ཏེ་འདུག

Transcript search
No results found for this search
0 of 0
  • Lemo & Friends: དང་པོ་གཡང་མ་བྱུང་བྱུང་ག་ནས་འབྱུང་། །དང་པོ་གཡང་མ་བྱུང་བྱུང་རྒྱ་ནས་བྱུང་། །དང་པོ་གཡང་མ་བྱུང་བྱུང་རྒྱ་ནས་བྱུང་། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: རྒྱ་ནག་ལ་རྒྱལ་པོ་ཅིག་གིས་ལ་བོད་དུ་བཏང་ལ། །བོད་ལ་བློན་ཆེན་ཅིག་གིས་ལ་ནི་གཡང་དུ་ཞུ་ལ། །བོད་ལ་བློན་ཆེན་ཅིག་གིས་ལ་ནི་གཡང་དུ་ཞུ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: ངེའི་གཡང་མ་རི་ལ་ལ་བཏང་ཙ་ན་ལ། །རི་ལ་བཏང་ན་སྐར་མ་ལ་ནི་ཤར་བ་འདྲ་ལ། །རི་ལ་བཏང་ན་སྐར་མ་ལ་ཤར་བ་འདྲ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: སྐར་མ་ལ་སྨིན་དྲུག་ཅིག་གི་གཡང་དུ་ཞུ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: ངེའི་གཡང་མ་སྤང་ལ་ལ་བཏང་ཙ་ན་ལ། །སྤང་ལ་བཏང་ན་མེ་ཏོག་ལ་ནི་ཤར་བ་འདྲ་ལ། །སྤང་ལ་བཏང་ན་མེ་ཏོག་ལ་ཤར་བ་འདྲ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: སྤང་རྒྱན་ལ་མེ་ཏོག་གཅིག་གི་ལ་གཡང་དུ་ཞུ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: ངེའི་གཡང་མ་ལམ་ལ་ལ་བཏང་ཙ་ན་ལ། །ལམ་ལ་བཏང་ན་ཤེལ་འཕྲེང་ལ་དཔྱངས་པ་འདྲ་ལ། །ལམ་ལ་བཏང་ན་ཤེལ་འཕྲེང་ལ་དཔྱངས་པ་འདྲ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: མ་ཎི་ལ་མདོ་འཛིན་ཅིག་གི་ལ་གཡང་དུ་ཞུ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: ངེའི་གཡང་མ་ཆུ་ལ་ལ་བཏང་ཙ་ན་ལ། །ཆུ་ལ་བཏང་ན་ཟམ་པ་ལ་དཔྱངས་པ་འདྲ་ལ། །ཆུ་ལ་བཏང་ན་ཟམ་པ་ལ་དཔྱངས་པ་འདྲ་ལ། །
    གླེ་མོ་དང་ཆ་རོགས་ཚུ་
  • Lemo & Friends: ཉ་ཅུང་ལ་གསེར་མོ་ཅིག་གི་ལ་གཡང་དུ་ཞུ་ལ། །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། །[Grandmother cough] །དེ་ཡང་དུས་སུ་ཨ་ཀུ་ལ་ལུག་རྫིཔ་དགའ་ལ། ། འ་ནཱིམ་ཅིག་ཨིན་པས།། །།
    གླེ་མོ་དང་ཆ་རོགས་ཚུ་