Skip to main content Skip to search
21 Jun 2018
7 min 29 sec
Video Overview
Creators: 
Yeshi Wangchuk, Lhakpa

Kuenzang Choden learned the song Gungtoe Jayang Zomsa through listening to BBS and radio broadcasts. Today this song is well-known throughout Bhutan. It is also popular to perform in singing competitions. The lyrics of this song mainly talk about wishes.  New lyrics can also be added to the song, as well. For example, we can add that like Sherubtse still standing among other colleges, we have gathered here today; so let us pray that we will not get separated.

ཀུན་བཟང་ཆོས་སྒྲོན་གྱིས་ གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་གི་ཚིག་དང་ གདངས་དབྱངས་ཚུ་ མོ་ར་གིས་ རྒྱང་མཐོང་དང་ རྒྱང་བསྒྲགས་ཚུ་ཉན་ཏེ་ཤེས་ཅི་ཟེར་ སླབ་ཨིན་པས། གླུ་གཞས་འདི་ ད་རེས་ནངས་པ་རྒྱང་མཐོང་དང་ རྒྱང་བསྒྲགས་ཚུ་ལས་ དར་ཁྱབ་སོང་སྟེ་ཡོད་རུང་ གླུ་གཞས་འདི་ དམིགས་བསལ་གྱིས་ ཚེས་བཅུ་དང་ དུས་སྟོན་ དེ་ལས་ དགའ་སྤྲོ་བསྒྱུར་ས་ལས་ཕར་  སྤྲོ་ཏོག་ཏོ་སྦེ་ རྐྱབ་སྲོལ་ཡོད་པའི་གླུ་གཞས་ཅིག་ཨིནམ་མས།   གླུ་གཞས་འདི་ ཧེང་སྐལ་རང་ གསུང་སྐད་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་མི་ཚུ་གིས་ཡང་ འཐེན་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིནམ་ད་ དེ་ཡང་ མང་ཆེ་ཤོས་ཅིག་ བཀྲིས་ཕབ་པའི་ཚུལ་དང་ སྨན་ཚིག་སྦེ་ཡང་འཐེན་སྲོལ་ཡོདཔ་ད་ གཤམ་གསལ་གྱི་ཚིག་གུ་ལུ་ རང་སོའི་བློ་རིག་གི་ཐོག་ལས་ ཚིག་གསརཔ་ཚུ་བཙུགས་ཏེ་ འཐེན་སྲོལ་ཡོད་པའི་ གླུ་གཞས་ཅིག་ཨིན་པས་ དེ་ཡང་ དཔེར་ན་ སློབ་གྲྭ་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །བཀའ་ལུང་སློབ་གྲྭ་འཛོམས་པ་གསེར་ལས་དཀོན། གསེར་ལས་དཀོན་ཀྱང་ད་རིས་འདི་ལུ་འཛོམས། འཛོམས་ཀྱང་འབྲབ་བ་མ་གནང་ངེ་དཀོན་མཆོག་གསུམ། ཟེར་འཐེན་སྲོལ་ཡང་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
    High on the sky, hundred and thousand are gathered. Its very rare than a gold for sun to gather. Its very rare than a gold for sun to gather.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གསེར་ལས་དཀོན་ཀྱང་ད་རིས་འདི་ལུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །
    Although its is very rare than a gold, today it is gathered. After gathering dont let them disperse my god. After gathering dont let them disperse my triple gem.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །
    High on the mountain, hundreds and thousands are gathered. Its very rare than gold for snow lion to gather. Its very rare than gold for snow lion to gather.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གསེར་ལས་དཀོན་ཀྱང་ད་རིས་འདི་ལུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །
    Although its very rare than a gold to gather, today it is gathered. After gathering dont let them disperse my triple gem. After gathering dont let them disperse my triple gem.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    སྤང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །
    High on the grass land, hundreds and thousands are gathered. Its very rare than a gold for ten old deer with long horn to gather. Its very rare than a gold to gather for ten old deer with long horn to gather.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གསེར་ལས་དཀོན་ཀྱང་ད་རིས་འདི་ལུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །
    Although it is very rare than a gold to gather, today it is gathered. After gathering, dont let them disperse my triple gem. After gathering dont let them disperse my god.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    མཚོ་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །
    High on the lake hundreds and thousands are gathered. Its very rare than a gold for golden fish to gather. Its very rare than a gold for golden fish to gather.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་གསུམ། །
    Although it is very rare than a gold to gather, today it is gathered. After gathering dont let them disperse my triple gem.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གཡུས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཡབ་ཡུམ་གཉིས་ཀུ་འཛོམས་པ་གསེར་ལས་དཀོན། །ཡབ་ཡུམ་གཉིས་ཀུ་འཛོམས་པ་གསེར་ལས་དཀོན། །
    High on the village hundreds and thousands are gahtered. Its is very rare than a gold for father and mother to gather. It is very rare than a gold for father and mother to gather.
  • ཀུན་བཟང་ཆོས་སྒྲོན་ Kinzang Choden
    གསེར་ལས་དཀོན་ཀྱང་ད་རིས་འདི་ལུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ངེད་དཀོན་མཆོག་གསུམ།། །།
    Although its rare than gold, today it is gathered. After gathering dont let them disperse my triple gem. After gathering dont let them disperse my triple gem.