Skip to main content Skip to search
19 Jun 2018
6 min 54 sec
Video Overview
Creators: 
Sonam Tobgye

Mani mo from Gangla village sings "Guntey Jayang Zomsa," a local boedra song that discusses the rare opportunity of 'rare elements' coming together, such as the sun, the vast skies, snow lions and a thousand mountain ranges, a horned reindeer with ten branches and a thousand meadows. Thus, it entreats the triple gem to avoid their separation, since it is as rare as finding a gold to see these elements together.

༉  འབོད་སྒྲའི་གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་ཟེར་མི་དེ་ ལྷུན་རྩེ་རྫོང་ཁག་ སྒང་ལ་གཡུས་ཚན་ལས་ མ་ནི་མོ་གིས་འཐེན་ཏེ་འདུག གླུ་གཞས་འདི་གིས་ གནམ་བརྒྱ་སྦེ་འཛོམས་ས་ལུ་སྟོང་སྦེ་ཡང་འཛོམས་ཏེ་འདུག དེ་དང་གཅིག་ཁར་ཁྲི་གདུགས་ཉི་མ་འཛོམས་ནི་དེ་ གསེར་ལས་ཡང་དཀོནམ་ཨིན་ ཨིན་ཏེ་འབད་རུང་ད་རེས་འཛོམས་ཆི་ནུག འཛོམས་ཏེ་ཡོད་མི་དེ་ ད་ལས་ཕར་འབྲལ་བ་མེདཔ་སྦེ་སྡོད་ནི་གི་དོན་ལས་ སྨོན་ལམ་བཏབ་ཨིན་པས། དེ་སྦེ་གངས་སྟོད་དགུང་སྟོད་བསྐོར་ར་རྐྱབ་སྟེ་ ཡུལ་བཟང་ཚུན་ཚོད་ར་འཐེན་འགྱོཝ་ད་ལུ་ ཡུལ་བཟང་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཡབ་ཡུམ་གཉིས་ཀུ་འཛོམས་པ་གསེར་ལས་དཀོན། །དཀོན་ཀྱང་ད་རེས་དུས་ལུ་འཛོམས། །འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ་ཟེར་ དཔེ་གངས་སྟོད་དགུང་སྟོད་ཚུ་ལུ་སྦྱར་ཏེ་འབད་རུང་ དོན་ངོ་མ་ལུ་ ཕམ་དང་སྤུན་ཆ་ བླམ་དང་སློབ་མ་ དཔོན་དང་གཡོགཔོ་ཚུ་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་འཛོམས་ཏེ་ཡོད་མི་དེ་ ན་ལས་ཕར་འབད་རུང་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་གནས་བཅུག་ཟེར་བའི་སྨོན་ལམ་དེ་ ཕྱིའི་མཐོང་སྣང་ལུ་གླུ་གཞས་སྦེ་འཐེན་ཏེ་འབད་རུང་ ནང་མནོ་བའི་བསམ་པ་སེམས་བསྐྱེད་འདི་ དེ་སྦེ་གཏང་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • Mani Mo: དགུང་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས་ལ། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    མ་ཎི་མོ
  • Mani Mo: གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    མ་ཎི་མོ
  • Mani Mo: གངས་་་་་ སྤང་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས་ལ། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    མ་ཎི་མོ
  • Mani Mo: མཚོ་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས་ལ། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    མ་ཎི་མོ
  • Mani Mo: [གྲལ་སྟོད་?](རྫོང་སྟོད་)བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས་ལ། །དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན། །དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།། །།
    མ་ཎི་མོ