07 Feb 2017
3 min 16 sec
Video Overview
Creators:
Sherig Dentshog
ཕུག་གཅིག་ཕུག་གཉིས་འཛོམས་ས་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ལས་ ཚེ་རིང་བཟང་མོ་གིས་འཐེནམ་ཨིནམ་ད་ གདུང་བསམ་གྱི་ས་གནས་འདི་ རྩ་ཆེ་ཏོག་ཏོ་ཨིན་པའི་སྐོར་ལས་ བཤད་པ་རྐྱབ་མི་ལུ་བལྟཝ་ད་ གླུ་གཞས་འདི་ དུང་བསམ་ལས་འབྱུང་བྱུངམ་བཟུམ་ཅིག་འདུག། འདི་ནང་ མཐའ་འཁོར་གནས་སྟངས་ཀྱི་མཛེས་བྱ་དང་ དམ་ཚི་ཅན་གྱི་དབུ་ཁྲིདཔ་ མི་དབང་རྒྱལཔོ་མཆོག་ཚུ་གི་ དམ་ཚིག་གཙང་མ་ཚུ་བསྟོན་ཨིན་པས།
- Pemagatshel
- སྙིང་རྗེ་ལྷ་མོ་ Nyingjey Lhamoཕུ་གཅིག་ཕུ་གཉིས་འཛོམས་ས་ལ། །ཕུ་ཡང་གངས་རི་གི་དཀར་པོ། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two highlands meet The highlands of a snow mountain. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoཤིང་གཅིག་ཤིང་གཉིས་འཛོམས་ས་ལ། །ཤིང་ཡང་ཙན་དན་གྱི་སྡོང་པོ། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two trees meet The trees of a sandalwood. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoཆུ་གཅིག་ཆུ་གཉིས་འཛོམས་ས་ལ། །ཆུ་ཡང་ཡས་རི་གི་གཙང་ཆུ། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two river meet The clean water of upper mountain. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoཐང་གཅིག་ཐང་གཉིས་འཛོམས་ས་ལ། །ཐང་ཡང་པདྨའི་གི་ཐང་ལྡན། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two plains meet The plains of the Pemai Thang. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoསྒ་གཅིག་སྒ་གཉིས་འཛོམས་ས་ལ། །སྒ་ཡང་གསེར་སྒ་ལ་དངུལ་སྒ། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two saddles meet The saddles of gold and silver. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoརྟ་གཅིག་རྟ་གཉིས་འཛོམས་ས་ལ། །རྟ་ཡང་རྟ་ནག་ལ་རྟིང་དཀར། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two horses meet The black and white heel horses. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoམི་གཅིག་མི་གཉིས་འཛོམས་ས་ལ། །མི་ཡང་གེ་སར་ལ་རྒྱལ་པོ། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །གདུང་བསམ་རྒྱ་དྲུང་ལ་ཤེས་ཤེས། །Where the two person meet The person too is the Gesar Gyalpo. Is known by an Indian secretary of Dungsam. Is known by an Indian secretary of Dungsam.
- སྙིང་རྗེ་ལྷ་མོ་ Nyingjey Lhamoབཀའ་དྲིན་ཆེ་ལགས། མིན་འདུག་ ཧ་ཧ་ཧ་་་་་ བགའ་དགོ་མནོ་སྟེ་ འཛོལ་སོང་ཡི་ ཧི་ཧི་ཧི་་་་་་།། །།Thank you! I forgot due to my urge to laugh, he he he....