Video Overview
A young couple has a fight about the man's activities last night. The woman accuses the man of infidelity and threatens to end the relationship.
- Lhasa
- Ü
- ཁལགས།
- ཀཁྱེད་རང་མདང་དགོང་ཕྱི་པོ་དེ་འདྲས་ག་པར་ཐད་པས།
- ཁང་དེའི་རོགས་པའི་ཙར་བསྡད་པ་ཡིན།
- ཀཞལ་རྫུན་མ་གནང་། ཁྱེད་རང་བཞུགས་སའི་ནང་ལ་བུ་མོ་འདུག་ཟེར་གྱི་འདུག་ག
- ཁག་རེ་སུས་ཟག་༼ཟེར་༽
- ཀད་སྐུ་གཅིག་ཨེ་འདྲས། བདེ་སྐྱིད་ལགས་ཀྱིས་མཐོང་བཞག
- ཁའ་རྩིས། ཡིན་གྱི་མ་རེད། ད་བདེ་སྐྱིད་ཟེར་མཁན་དེ་རྙོག་དྲ་ཚ་ལོས། ང་དེར་མི་རོགས་པའི་ཙ་ལ་སྦི་ཅུའུ་བཏུང་བསྡད་པ་ཡིན་ད། ག་རེ་ཟག༼ཟེར་༽
- ཀབཞག་རོགས་གནང་། ཁྱེད་རང་ཁོང་ཚོར་ཅི་དག་ཆོག་ཏོ་༼མང་པོ་༽པབ་པ་༼དབབ་༽འདུག་ག ཨེ་ནི།
- ཁདའི། སྦི་ཅུའུ་པབ་པ་༼དབབ་པ་༽ག་རེ་ཡོག་རས། ཨེ་ནི།
- ཀམ་གཞི་རང་ནས་ཁྱེད་རང་གིས་ངའི་ནང་ནས། སྦགས་ཁུག་ནང་ནས་དངུལ་ཆོག་ཏོ་༼མང་པོ་༽འཁྱེར་འདུག་ག དངུལ་ག་པར་བེད་སྤྱོད་བཏང་པས།
- ཁསྒོར་མོ་བརྒྱ་ལས་འཁྱེར་མེད་བྱས།
- ཀད་བཞག་རོགས་གནང་། མ་གཞི་རང་ནས།
- ཁཡཱ།
- ཀདངུལ་དེ་གས་བེད་སྤྱོད་ག་པར་བཏང་གནང་པཱ།
- ཁདངུལ་ག་རེ་བྱས་སོང་ཟེ། ཨེ་ནི།
- ཀདངུལ་མ་རེད་སྦགས་ཁུག་ནང་ནས་ཆོག་ཏོ་༼མང་པོ་༽འཁྱེར་འདུག་ག
- ཁདངུལ་གྱིས་སྦི་ཅུའུ་ཉོས་པ་ཡིན་བྱས། ག་རེ་འདུག་ཨེ་ནི།
- ཀསྦི་ཅུའུ་སུ་ལ་ཉོས་པས།
- ཁག་རེ་འདུག ཨེ་ནི།
- ཀཉོ་ས་སུ་ལ་ཉོས་པས།
- ཁརོགས་པའི་ཉོས་པ་ཡིན།
- ཀརོགས་པ་སུ།
- ཁརོགས་པ།
- ཀགསུངས་དང་།
- ཁརོགས་པ་གསུམ་མེད་པས། ངའི་རོགས་པ་མེད་པས།
- ཀརོགས་པ་བུ་མོ་དེ་ཚོ་ཨས། འཁྱམས་ཁྱི་དེ་ཚོ་ཨས།
- ཁཨ་ཙི་ག་རེ་འཁྱམས་ཁྱི་ཅི་དག་མ་ལབ་མི། མིལས་ཁུངས་ཡོད་ཀྱོག་རེད། ཡཱ།
- ཀཁུ་སིམ་བཞག་རོགས་གནང་། ཁོང་། སོང་ཉིད་འདོད་ན་སོང་ན་འགྲིག་གི་རེད། ང་ལ་བཀའ་མོལ་ཡག་པོ་བྱས་གསུངས།
- ཁཡཱ་དཱ།
- ཀདངོས་གནས་ཡིན་ཡཱ།
- ཁརང་རྙོག་དྲ་ཚ་ལ།
- ཀརྙོག་དྲ་མ་རེད། སྐད་ཆ་དྲང་པོ་ཡིན། ང་ཡ་ལུགས་ཚུལ་ལྡན་གྱི་བུ་མོ་དེ་འདྲས་རེད་པཱ། ཁྱེད་རང་ཅི་རྩ་བར་རྩ་དེ་འདྲས་རེད་འདུག་ག
- ཁད་དབྱུག་ཞོག དབྱུག་ཞོག བཞག་བཞག
- ཀདབྱུག་ཞོག་མ་རེད། དངོས་གནས་དགའ་པོ་མེད་ན་མེད་གསུངས་དང་། ཨེ་ནི་ལོགས་བཀར་བྱས་ན་འགྲིག་གི་རེད།
- ཁལོགས་བཀར་བྱས་ན་འགྲིག་པཱ།
- ཀའགྲིག་གི་རེད། འོང་།
- ཁབྱེད་དོ་ཡཱ།
- ཀའོང་།
- ཁཨེ་ལོགས་བཀར་བྱེད་དོ་ཡཱ།
- ཀའགྲིག་གི་རེད།
- ཁརང་གིས་དེ་གས་བྱེད་ཤོག ག་རེ་རས་དེ་བྲིས་ཤོག ལོགས་བཀར་བྱེད་ཀྱི་ཡིན་ཟེར།
- ཀཁྱེད་རང་ཟག་རེ་དཱ༼ཟེར་གྱི་འདུག་ག༽
- ཁའོང་།
- ཀབྲིས་ཀྱི་རེད་དཱ།
- ཁའགྲིག་གི་རེད།
- ཀའགྱོད་པ་མ་སྐྱེ་ལཱ།
- ཁའོང་འོང་། གཅིག་ཡའི།
- ཀང་བཙལ་ག་མ་ཡོང་ཨ།
- ཁབཙལ་ག་ཡོང་གི་མ་རེད། རྒྱུག་རྒྱུག རྒྱུག
- ཀཁྱེད་རང་སེམས་ནང་ལ་བསམ་པ་དེ་གས་དེ་རིང་གང་ག་༼ཚང་མ་༽གསུངས་སོ
- ཁའོང་། ཡ་ཡི། ད་ག་ཡིན་
- ཁཅི་ཟ་བ་ཟ་བྱས་ནས་མི་ལ་ཞྭ་མོ་མ་གཡོགས། ཨོ་གོ
- ཁརྒྱུག་རྒྱུག རྒྱུག རྒྱུག
- ཀའགྲོ་གྱི་རེད་ཡཱ། ཁྱེད་རང་།
- ཀབཀྲ་ཤིས་ལགས།