Video Overview
བཀྲིས་དབྱངས་རྩིས་བིམ་མཁར་ལས་ཨིན་མི་ ཚེས་དབང་ནོར་བུ་འདི་ ངའི་དབང་འདུས་ལྷ མོ་གང་ལ་འགྲཽ་ཟེར་བའི་ གླུ་གཞས་འདི་ འཐེན་དོ་ཡོདཔ་ཨིན་མས། ང་བཅས་ཚུ་གིས་ གོ་དང་པ་ གོ་རུང་ར་ མི་སྡེ་ནང་ལུ་འདི་དར་ཁྱབ་སོང་འདི་ ཡོདཔ་ཨིན་མས། གླུ་གཞས་ཚིག་ལུ་ ཉན་པའི་སྐབས་ལུ་ ཚིག་ལས་ ངའི་དབང་འདུས་ལྷ མོ་འདི་ ག་སྟེ་ཡར་སོངམ་ཨིན་ན་ཟེར་དང་ ཡང་ན་ ས་གནས་དགའ་ཏོག་ཏོ་ གུང་སྟོད་ཟེར་ས་ལུ་ འགྱོ་དགོ་འབད་ཟེར་ཨིན་མས།
- Bimkhar
- Yangtse
- Trashiyangtse
- ཚེ་དབང་བསོད་ནམས་ Tshewang Sonamངེའི་དབང་འདུས་ལྷ་མོ་ལ་ག་ལ་འགྲོ་ལ། །ལ་ངེའི་དབང་འདུས་ལྷ་མོ་ལ་དགུང་སྟོད་ལ་འགྲོ། །དགུང་དང་ཁྲི་གདུགས་ཉི་མ་ལ་དགའ་རང་དགའ་ལ། །ལ་སྤྲིན་པ་ནག་མོ་ཡོང་ཚེ་ལ་སྐྱོ་ལ་རང་བྱུང་། །
- ཚེ་དབང་བསོད་ནམས་ Tshewang Sonamངེའི་དབང་འདུས་ལྷ་མོ་ལ་གང་ལ་འགྲོ་ལ། །ལ་ངེའི་དབང་འདུས་ལྷ་མོ་ལ་གངས་སྟོད་ལ་འགྲོ། །གངས་དང་སེང་ཆེན་དཀར་མོ་ལ་དགའ་རང་དགའ་ལ། །ལ་ཁ་བ་བུ་ཡུག་བབས་ཚེ་ལ་སྐྱོ་ལ་རང་བྱུང་། །
- ཚེ་དབང་བསོད་ནམས་ Tshewang Sonamངེའི་དབང་འདུས་ལྷ་མོ་ལ་གང་ལ་འགྲོ་ལ། །ལ་ངེའི་ངེའི་དབང་འདུས་ལྷ་མོ་ལ་སྤང་སྟོད་ལ་འགྲོ། །སྤང་དང་ཤཝ་རྒས་གཡུ་མོ་(རྭ་བཅུ་ལ་)དགའ་རང་དགའ་ལ། །ལ་ཤ་ཁྱི་ནག་མོ་ཡོང་ཚེ་ལ་སྐྱོ་ལ་རང་བྱུང་། །
- ཚེ་དབང་བསོད་ནམས་ Tshewang Sonamངེའི་དབང་འདུས་ལྷ་མོ་ལ་གང་ལ་འགྲོ་ལ། །ལ་ངེའི་དབང་འདུས་ལྷ་མོ་ལ་མཚོ་སྟོད་ལ་འགྲོ། །མཚོ་དང་གསེར་མིག་ཉ་མོ་ལ་དགའ་རང་དགའ་ལ། །ལ་སྲམ་ཅུང་ནག་མོ་ཡོང་ཚེ་ལ་སྐྱོ་ལ་རང་བྱུང་། །སྲམ་ཅུང་ནག་མོ་ཡོང་ཚེ་ལ་སྐྱོ་ལ་རང་བྱུང་། །ལགས་སོ་ལགས།། །།