Skip to main content Skip to search
07 Feb 2017
2 min 9 sec
Video Overview
Creators: 
Sherig Dentshog

ཀ་ལས་ཆུ་གཅིག་འབབ་ཚེ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤ་ལི་གཡུས་ཚན་ལས་ ཚེ་རིང་བཟང་མོ་གིས་འཐེནམ་ཡོདཔ་ད་ གླུ་གཞས་འདི་ ལོ་ངོ་དག་པ་ཅིག་གི་ཧེ་མ་ ཚེ་རིང་མོ་རང་གིས་ མོ་རའི་ཁྱིམ་ནང་སྦེ་ བརྩམས་ཡོདཔཨིན་པས། གླུ་གཞས་འདི་ མོ་རང་གིས་ བརྩམས་བརྩམས་འབད་ནི་འདི་གིས་ འཐེན་མི་གནམ་མེད་ས་མེད་ཅིག་མེད་རུང་ མོ་གིས་ མོ་གི་གླུ་གཞས་འདི་ ཉམས་སྲུང་འབད་དེ་ མ་འོངས་པའི་ནང་ དར་ཁྱབ་བཏང་ནི་གི་ རེ་འདོད་འདུག། གླུ་གཞས་འདི་ ཀ་བཏགས་དང་འཁྲིལ་ཏེ་ བརྩམས་ཡོདཔ་བཟུམ་ཅིག་ཡོད་རུང་ གླུ་གཞས་འདི་ནང་ ཚིག་གཞན་དག་པ་རེ་ ལག་ལེན་འཐབ་ཡོདཔ་ལས་ ཚིག་རྒྱན་མ་ཚངམ་བཟུམ་སྦེ་མཐོངམ་མས། 

Transcript search
No results found for this search
0 of 0
  • ཚེ་རིང་བཟང་མོ་ Tshering Zangmo
    ཀ་ལི་ལ་ཆུ་གཅིག་འབབ་ཚེ་ལ་སང་ཕོད་ཀྱི་ཡོང་ལ། །ཁ་སྐོམ་སངས་པ་མིན་འདུག་ལ་སངཕོད་ཀྱི་ཡོང་ལ། །གཞོན་པ་ང་ཚོ་ཆུང་ཆུང་ལས་རུང་། །གཞུང་ལ་གཞོན་པ་ང་ཚོ་ཆུང་ཆུང་ལས་རུང་། །
    While water flow from a water-tap, will be proceded by next year. Does not quench my thirst, might quench next year. We the youth were capable from childhood itself. We the youth were suitable for the government from childhood itself.
  • ཚེ་རིང་བཟང་མོ་ Tshering Zangmo
    བརྒྱ་རེ་འཛོམས་པའི་སྤུན་དང་ལ་སང་ཕོད་ཀྱི་ཡོང་ལ། །[ཉ་སྐམས་?]ལ་འཛོམས་པའི་བསམ་པ་ལ་སང་ཕོད་ཀྱི་ཡོང་ལ། །གཞོན་པ་ང་ཚོ་ཆུང་ཆུང་ལས་རུང་། །གཞུང་ལ་གཞོན་པ་ང་ཚོ་ཆུང་ཆུང་ལས་རུང་། །
    Will meet next year with a sibling, with whom meets once in a hundred times. A thought of meeting in a Ngyakam, will be fulfilled next year. We the youth were capable from childhood itself. We the youth were suitable for the government from childhood itself.
  • ཚེ་རིང་བཟང་མོ་ Tshering Zangmo
    ཡ་ལགས་སོ། དེམ་ཅིག་སྦེ་བཞག་གེ། ཧ་ཧ་ཧ་ མིན་འདུག། །།
    Ya...Thank you! Will keep this much. not there.