Video Overview
འདི་ནི་རང་ཉིད་དཔའ་བོ་ཡིན་ཚུལ་བརྗོད་པའི་རྩེད་རིག་ཅིག་ཡིན་ལ་སྟོན་མོ་ཆུང་ངུ་དང་རྩེད་འཇོ་ལ་རོལ་བའི་སྐབས་སུ་རྩེད་དགའི་ཆེད་དུ་ལེན།
- ཨ་རྩེད།
- ང་ཤར་རའི་ཡུལ་ནས་༼རྨ་ཡུལ༽་ཡོང་དུས་ན།
- ངས་ཤར་རའི་རྟ་ལྡིང་༼རྨ་ཡུལ༽་ཝུར་སེ་བརྫོག
- རྗེས་ར་མདས་དེད་ནས་༼རྨ་ཡུལ༽་མི་ཡོང་མོད།
- རྗེས་ར་མདས་དེས་ནས་༼རྨ་ཡུལ༽་བུད་ཡོང་ན།
- བོའུ་ར་རིང་ཕྲག་ནས་༼རྨ་ཡུལ༽་འདི་ལྟར་བླངས།
- ངས་འདི་ལྟར་བླངས་ནས་༼རྨ་ཡུལ༽་འདི་ལྟར་འཕངས།
- རྗེས་ར་མདའི་ཁ་ལོ་༼རྨ་ཡུལ༽་ཝུར་སེ་ལྡོག
- ཨ་རྩེད།
- ང་ཤར་རའི་ཡུལ་ནས་༼རྨ་ཡུལ༽་ཡོང་དུས་ན།
- ངས་ཤར་རའི་མཛོ་ལྡིང་༼རྨ་ཡུལ༽་ཝུར་སེ་བརྫོག
- རྗེས་ར་མདས་དེད་ནས་༼རྨ་ཡུལ༽་མི་ཡོང་མོད།
- རྗེས་ར་མདས་དེས་ནས་༼རྨ་ཡུལ༽་བུད་ཡོང་ན།
- མདའ་ལེབ་མ་ཕྲག་ནས་༼རྨ་ཡུལ༽་འདི་ལྟར་བླངས།
- ངས་འདི་ལྟར་བླངས་ནས་༼རྨ་ཡུལ༽་འདི་ལྟར་འཕངས།
- རྗེས་ར་མདའི་ཁ་ལོ་༼རྨ་ཡུལ༽་ཝུར་སེ་ལྡོག
- ཨ་རྩེད།
- ང་ཤར་རའི་ཡུལ་ནས་༼རྨ་ཡུལ༽་ཡོང་དུས་ན།
- ངས་ཤར་རའི་ལུག་ལྡིང་༼རྨ་ཡུལ༽་ཝུར་སེ་བརྫོག
- རྗེས་ར་མདས་དེད་ནས་༼རྨ་ཡུལ༽་མི་ཡོང་མོད།
- རྗེས་ར་མདས་དེས་ནས་༼རྨ་ཡུལ༽་བུད་ཡོང་ན།
- ངས་སྐེད་ཀྱི་གྲི་ཆུང་༼རྨ་ཡུལ༽་འདི་ལྟར་བླངས།
- ངས་འདི་ལྟར་བླངས་ནས་༼རྨ་ཡུལ༽་འདི་ལྟར་གཡུག
- རང་སྤུན་འགྲིག་ཆ་བོ་༼རྨ་ཡུལ༽འཁོར་ར་རྩེད།