Skip to main content Skip to search
19 Jun 2018
5 min 36 sec
Video Overview
Creators: 
Sonam Tobgye

This local song performed by Dechen Peldrön, Jangchub Peldrön and Sonam Dema describes the need for companionship while going on pilgrimage to holy places, or while drinking or working. Companions mentioned in this song are both tangible and intangible beings, such as humans, animals and even the songs themselves. Anything that accompanies our actions is considered to be a companion.

༉  གནས་ཆེན་ཙཱ་རི་ཟེར་བའི་གླུ་གཞས་དེ་ཡང་ ལྷུན་རྩེ་རྫོང་ཁག་ལུ་བི་གཡུས་ཚན་ནང་ལུ་བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་ དེ་ལས་བསོད་དམས་སྒྲོལ་མ་ཚུ་གིས་འཐེན་ཏེ་འདུག གླུ་གཞས་འདི་གིས་ གནས་རྩ་ཆེན་ཚུ་མཇལ་བ་འགྱོ་བའི་སྐབས་དང་ཆང་འཐུང་ནི་ ཡང་ན་ལཱ་འབད་བའི་སྐབས་ ཆ་རོགས་དགོ་པའི་སྐོར་ལས་འགྲེལ་བཤད་རྐྱབ་སྟེ་འདུག གླུ་གཞས་འདི་ལྟར་དུ་འབད་བ་ཅིན་ ཆ་རོགས་དེ་ཡང་དངོས་སུ་ཡོད་པའི་མི་དང་སེམས་ཅན་ དེ་ལས་དངོས་མེད་བེམ་པོ་ཚུ་ཨིན་མས། ཕྱོགས་གཅིག་ལས་འབད་བ་ཅིན་ ག༌ཅི༌འབད༌རུང༌ རང༌དང༌མཉམ༌ཅིག༌འགྱོ༌བ༌ཅིན༌ རང༌གིས༌ངོ༌ཤེསཔ༌ཨིན༌མས། སྤང་མཁར་སྤྱི་འོག་ནང་ལུ་གནས་ཆེན་ཙཱ་རི་ཟེར་བའི་གླུ་གཞས་འཐེན་སྲོལ་འདི་ སྔོན་དང་ཕུ་ལས་ར་ཡོད་མི་ཅིག་ཨིནམ་ད་ གླུ་གཞས་འདི་སྔར་ག་ཨིནམ་ལེགས་ཤོམ་སྦེ་རྒྱུན་སྐྱོང་འབད་དེ་འཐེནམ་ཨིན་པས། དེ་འབདཝ་ལས་ གླུ་གཞས་འདི་འབྲུག་རྒྱལ་ཁབ་ནང་ རང་ལུགས་གླུ་གཞས་ཡོངས་གྲངས་ཅན་ཅིག་ཨིནམ་ཚད་ འབོད་སྒྲ་རྙིང་ཤོས་ཅིག་ཡང་ཨིན་མས། མ་གཞི་གླུ་གཞས་འདི་ ལུང་ཕྱོགས་སོ་སོ་ལས་ཕར་ཡོངས་གྲགས་ཅན་ཅིག་མེན་རུང་ གཡུས་དེ་ནང་གི་ཕམ་རྒན་ཤོས་ཚུ་གིས་སྤྲོ་བའི་ཐོག་ལས་ དུས་སྟོན་དང་ལོ་མཆོད་ཚུ་ནང་ད་ལྟོ་ཡང་འཐེན་ནི་འདུག།

Transcript search
No results found for this search
0 of 0
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: གནས་ཆེན་རྩ་རི་བསྐོར་དུས་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ། །ཤར་གྱི་ཨ་ཏ་ཀོང་པུ་ཡ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ། །
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: ལྷོ་ཕྱོགས་[གྲལ་མེ་གཞུང་གཞུང་?]ཨ་ལ་སོ་ཡ་ལ། །[གྲལ་མེ་གླུ་རུ་གཞུང་གཞུང་?]ཨ་ལ་སོ་ཡ་ལ། །[གྲལ་མེ་གླུ་རུ་གཞུང་གཞུང་?]ཨ་ལ་སོ། །འབྲས་ཆང་སིང་ཆང་འཐུང་དུས་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ། །[གྲལ་གྱི་?]གླུ་གར་ཚིག་གསུམ་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ། །
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: ནུབ་ཀྱི་བཀྲིས་ལྷུན་པོ་ཨ་ལ་སོ་ཡ་ལ། །བཀྲིས་ལྷུན་པོ་མཇལ་རྒྱུ་ཨ་ལ་སོ་ཡ་ལ། །བཀྲིས་ལྷུན་པོ་མཇལ་རྒྱུ་ཨ་ལ་སོ། །བཀྲ་ཤིས་ལྷུན་པོ་མཇལ་རྒྱུ་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ། །ནུབ་ཀྱི་བཀྲིས་ཕུང་དཀར་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ། །
  • བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
    Dechen Peldon, Jangchub Peldon, Sonam Dema: བྱང་གི་ཚྭ་ལུ་གཡག་སྒ་ཨ་ལ་སོ་ཡ་ལ། །བྱང་ཚྭ་བོད་ལུ་འདྲེན་དུས་ཨ་ལ་སོ་ཡ་ལ། །བྱང་ཚྭ་བོད་ལུ་འདྲེན་དུས་ཨ་ལ་སོ། །བྱང་ཚྭ་བོད་ལུ་འདྲེན་དུས་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ་ཡ་ལ། །ཆོས་གྲོགས་རེ་རེ་དགོས་འབྱུང་ཨ་ལ་སོ། །བྱང་གི་གཡག་རྟ་ལུག་གསུམ་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ་ཡ་ལ། །ཆོས་གྲོགས་མེད་ན་གང་རེད་ཨ་ལ་སོ། །ལགས་སོ།། །།