Skip to main content Skip to search
15 Dec 2011
1 min 9 sec
Rating
0
No votes yet
Video Overview
Creators: 
Unknown

Dorje brings a group of international visitors to Lobzang’s home and introduces him to them.

Show More

  • བློ་བཟང་ལགས
    རྡོ་རྗེ་ལགས་ཕྱག་ཕེབས་གནང་བྱུང་།
    Dorje, welcome.
  • རྡོ་རྗེ་ལགས
    ལགས་ཡོད། སྐུ་དཀྱིལ་གསལ་དྭངས།
    Thanks, how are you?
  • བློ་བཟང་ལགས
    ཁོང་ཚོ་ག་ནས་ཕེབས་པ་རེད།
    Where are they from?
  • རྡོ་རྗེ་ལགས
    ཁོང་ཚོ་རྒྱལ་ཁབ་འདྲ་མི་འདྲ་ནས་ཕེབས་པ་རེད།
    They are from various countries.
  • བློ་བཟང་ལགས
    རྡོ་རྗེ་ལགས། ཁོང་ག་ནས་རེད། 
    Tell me, Dorje, where's he from?
  • བློ་བཟང་ལགས
    དབྱིན་ཇི་ནས་རེད་པས།
    Is he from England?
  • བློ་བཟང་ལགས
    མ་རེད། ཁོང་ཨ་མེ་རི་༼ཀ་༽ནས་རེད།
    No, he's from America.
  • རྡོ་རྗེ་ལགས
    ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད།
    What's your name?
  • ལྗོངས
    ངའི་མིང་ལ་འཇོའོན་ཟེར་གྱི་ཡོད།
    My name's John.
  • བློ་བཟང་ལགས
    བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བློ་བཟང་ཟེར་གྱི་ཡོད།
    How do you do, my name's Lobsang.
  • བློ་བཟང་ལགས
    ཁོང་ཚོ་ག་ནས་ཡིན་ན།
    And where are they from?
  • རྡོ་རྗེ་ལགས
    ཁོང་ཚོ་ཕ་རན་སི་ནས་རེད།
    They're from France.
  • རྡོ་རྗེ་ལགས
    མཚན་ལ་མ་རི་་་མ་རི་དང་ཀ་རོ་ལིན་ཞུ་གི་ཡོད་རེད།
    And their names are Marie and Caroline.
  • རྡོ་རྗེ་ལགས
    ཁོང་གཉིས་ཉི་ཧོང་ནས་རེད།
    Those two are from Japan.
  • རྡོ་རྗེ་ལགས
    མཚན་ལ་ཡུ་ཀོ་དང་མ་ཏོ་ཀོ་་་མ་ཀོ་ཏོ་ཞུ་གི་ཡོད་རེད།
    And their names are Yuko and Makoto.
  • རྡོ་རྗེ་ལགས
    ཁོང་འཇར་མན་ནས་རེད། མཚན་ལ་ཧན་སི།
    He is from Germany. his name is Hans.
  • རྡོ་རྗེ་ལགས
    ཁོང་རྒྱ་མི་རེད་ཧོང་ཀོང་ནས་་་ཕེབས་པ་རེད།
    He's Chinese. He comes from Hong Kong,
  • རྡོ་རྗེ་ལགས
    མཚན་ལ་ཝང་ཞུ་གི་ཡོད་རེད།
    and his name is Wang.
  • རྡོ་རྗེ་ལགས
    དེ་ཚོ་བལ་ཡུལ་དང་རྒྱ་གར་ནས་རེད།
    They are from India and Nepal.
  • རྡོ་རྗེ་ལགས
    མཚན་ལ་ར་མེ་ཤེ་དང་སུ་ནི་ཏ་ཞུ་གི་ཡོད་རེད།
    Their names are Ramesh and Sunita.
  • རྡོ་རྗེ་ལགས
    ཁོང་ཚོ་འབྲུག་ཡུལ་དང་སོག་ཡུལ་ནས་རེད།
    They are from Bhutan and Mongolia.
  • རྡོ་རྗེ་ལགས
    ཁོང་ཚོར་བོད་པའི་་་མིང་ཡོད་རེད།
    They have Tibetan names:
  • རྡོ་རྗེ་ལགས
    མཚན་ལ་ལྷག་པ་སྐྱབ་དང་ངག་དབང་རྡོ་རྗེ་ཞུ་གི་ཡོད་རེད།
    Their names are Lhakpa Gyap and Ngawang Dorje.
  • བློ་བཟང་ལགས
    ཁོང་ཚོ་བོད་ལ་ཉི་མ་ག་ཚད་བཞུགས་ཀྱི་རེད།
    How many days will they stay in Tibet?
  • རྡོ་རྗེ་ལགས
    བདུན་ཕྲག་གཅིག་ཙ་བཞུགས་ཀྱི་རེད།
    They will stay about a week.