Skip to main content Skip to search
26 Sep 2012
9 min 40 sec
Video Overview
Creators: 
Unknown

ཀླུ་རྒྱལ་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་བསེ་རི་ཆུ་བར་གསུམ་གྱི་ཡ་ཀྱལ། ཆུ་མ་སྡེ་བརྒྱད་ཚོ་དགུའི་ནང་ཚན་མར་རྐ་སྡེ་བའི་སྡེ་མི་ཡིན་ལ། དགུང་ལོ་བཞི་ཅུའི་ནང་དུ་ཡོད། ཁོང་ནི་ཆུང་དུས་ནས་རིག་པ་བཟང་ཞིང་སྨྲ་ལྕེ་ཤིན་ཏུ་བདེ་བ་དང་། ཆུང་དུས་ནས་རྒན་པོ་རྣམས་ཀྱི་ཁ་བརྡ་དང་གཏམ་བཤད་སོགས་ལ་ཉན་རྒྱུར་དགའ་བ་རེད། རྗེས་སུ་ཆེད་དུ་རྒན་པོ་འགའི་མདུན་དུ་བཅར་ཏེ་སྟོན་བཤད་དང་གཉེན་བཤད། གྱོད་བཤད་སོགས་ངག་རྒྱུན་ལ་གྲགས་པའི་གཏམ་བཤད་རིགས་མང་པོ་ཞིག་བསླབས་མྱོང་བ་རེད། བརྙན་ཐུང་འདིར་ཁོང་གིས་དུས་རྒྱུན་གཉེན་སྟོན་གྱི་སྐབས་སུ་བཤད་པའི་གཉེན་བཤད་མདོར་བསྡུས་ཤིག་གསུངས་ཡོད།

Transcript search
No results found for this search
0 of 0