06 Jan 2016
1 min 48 sec
Video Overview
Creators:
Tibetan & Himalayan Library
This is a video of Wangchen Tso from Dola, Amdo singing a song called "This Is the Wedding of the Lucky Family." This song is part of a collection of folk songs from the Rebgong cultural area.
འདི་ནི་རེ་ཞུ་འབུལ་བའི་གླུ་ཞིག་ཡིན། གླུ་བ་གླུ་མ་གཞན་ལ་གླུ་ཁ་མཚར་རེ་ལེན་རོགས་ཞེས་རེ་བ་ཞུ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་འབྲུག་ཆུང་གིས་ཆར་བསིལ་མ་ལ་རེ་བ་དང་འབྲོང་ཆུང་གིས་རྩྭ་རྩི་ཏོག་ལ་རེ་བའི་དཔེ་བཞིན་གླ་མས་གླུ་ཁ་མཚར་ལེན་རྒྱུར་རེ་སྒུག་བྱས་ཡོད་བྱས་པ་ཡིན།
- ༼ཨོ་ཡེ་་་ལོ་ཁོ་་་ཡང་ཡ་རེ་ལེན་གོ་་་ཞང་ཡ་རེ་ཟེར་ར་ཡེ་ལོ་ཁོ་ངས་གླུ་ཞིག་ལེན་གོ༽
- དགུང་ཨ་སྔོན་ཚང་གི༼ཡེ་ལོ་ཁོ༽སྟོན་མོ་རེད།།
- ང་འབྲུག་ཆུང་སྟོན་མོ༼ཡེ་ལོ་ཁོ༽ཡོང་ནི་ཡིན།།
- ཆར་བསིལ་མ་ཞིག་གི༼ཡེ་ལོ་ཁོ༽གནང་སྦྱིན་བྱོས།།
- རྫ་ཁྲ་ཡག་ཚང་གི༼ཡེ་ལོ་ཁོ༽སྟོན་མོ་རེད།།
- ང་འབྲུང་ཆུང་སྟོན་མོ༼ཡེ་ལོ་ཁོ༽ཡོང་ནི་ཡིན།།
- རྩྭ་རྩི་ཏོག་ཞིག་གི༼ཡེ་ལོ་ཁོ༽གནང་སྦྱིན་བྱོས།།
- ཁྱིམ་གཡང་ཁྱིམ་ཚང་གི༼ཡེ་ལོ་ཁོ༽སྟོན་མོ་རེད།།
- ང་གླུ་མ་སྟོན་མོ༼ཡེ་ལོ་ཁོ༽ཡོང་ནི་ཡིན།།
- གླུ་ཁ་མཚར་ཞིག་གི༼ཡེ་ལོ་ཁོ༽གནང་སྦྱིན་བྱོས།།
- གླུ་ཤེས་ནི་མིན་ར༼ཡེ་ལོ་ཁོ༽དགའ་ནི་བྱོས།།