Skip to main content Skip to search
27 Sep 2016
7 min 47 sec
Video Overview
Creators: 
Kalwangjyid, Tibetan and Himalayan Library

After the bread has finished baking in the burned dirt, people remove its scorched outer layer.

གོ་རེ་ཁ་རྟེའུ་ས་སྲེག་འོག་ནས་བླངས་རྗེས་དེ་ཐོག་འབྲེད་བཞིན་ཡོད།

福娃饼烧熟后开始清理饼面。

ཨ་མདོ་གཅན་ཚའི་ཡུལ་དུ་འདིའི་མིང་ལ་ཁ་རྟེའུ་འམ་ཡང་ན་གོ་རེ་ཁ་རྟེའུ་ཟེར་བ་དང་བྱེ་བྲག་ཏུ་ཁ་རྟེའུ་ནུ་བཞི་རུ་འབོད། ཁ་རྟེའུ་ནུ་བཞི་འདི་གཉེན་སྟོན་གྱི་དུས་སུ་མ་གཏོགས་རྒྱུན་ལྡན་གྱིས་མི་བཟོ་བ་དང་། གོ་རེ་འདི་བཅའ་རྒྱུ་ནི་ལས་སླ་བོ་ཞིག་མིན་པར་དེ་ལ་ཡང་ལས་རིམ་རབས་དང་རིམ་པ་ཞིག་ཡོད། ཐོག་མར་ས་ཐོ་སྐམ་པོ་འཐུ་བ་དང་། དེ་ནས་ནགས་སམ་ཤིང་གྲ་སྒྲིག་བྱེད་པ། འདི་གཉིས་གྲ་སྒྲིག་བྱས་རྗེས་དེ་གཉིས་ཀྱིས་ཤིང་གི་སྟེང་དུ་ས་ཐོ་བཞག་པའི་ཕུང་བོ་ཞིག་ལས་ཏེ་ས་ཐོ་དེ་རྣམས་མེར་བསྲེག་དགོས།  ས་སྲེག་མ་རྡུང་རྗེས་དེའི་ནང་དུ་ཕྱེ་ལེབ་མོ་སྒོར་སྒོར་གྱི་དབྱིབས་སུ་བཟོས་རྗེས་དེའི་སྣེ་བཞི་ནས་འཐེན་ཏེ་བསྲེགས་པས་ན་ཁ་རྟེའུ་ནུ་བཞི་བཅོས་པ་ཡིན། པར་འདིའི་ནང་དུ་ཁ་རྟེའུ་ས་ཐོ་སྲེག་མའི་འོག་ནས་བླངས་མ་ཐག་དུ་དེའི་ཐོག་འབྲད་བཞིན་པའི་རྣམ་པ་ཡིན།

在安多尖扎地区图片中的饼子叫福娃饼,具体的来说叫四头福娃饼。四头福娃饼一般只在结婚时才做,它的制作过程和程序比较复杂:首先在田地里捡拾合适的土块,然后准备烧柴。将土块堆放在点烧的柴堆上进行烧制,等到土块烧制完成将其打碎。将面揉成两头形后,放置在烧好的碎土块上烧制二十分钟,福娃饼的制作工序就告完成了。图片中展示的是福娃饼烧熟后开始清理饼面。