Skip to main content Skip to search
30 Aug 2018
7 min 33 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ཨ་ནཱི་གུན་ཌི་ག་ཇ་རཱ་ཟེར་སླབ་མི་འདི་ཧེ་མ་ཨ་ནཱི་ཐག་འཁལ་དགོ་དེ་ལས་ ཨ་ནཱི་གདན་འཐག་དགོ་ཨ་ནཱེ་སྦེ་ཆགཔ་ཆགཔ་བཟོ་ཞིནམ་ལས་དེ་ལས་འཐག་དགོ།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ཨ་ནཱི་བཟོ་ནི་འདི་ལ་ཁག་ཡོད་ཨ་ནཱ་ཆུང་ཀུ་ཅིག་འཐག་ནི་ལུ་ཡང་ཉིནམ་གཅིག་ར་འགོར་འོང་སྦོམ་འདི་ཚུ་མ་བཟོ་བའི་ཧེ་མ་ཉིནམ་ཁལ་རེ་ཡང་སྐམ་ཞིནམ་ལས་འཐག་དགོ་སྦོམ་ཚུ་འཐག་ནི་ལུ་བདུན་ཕྲག་གཅིག་དང་ཉིནམ་བཅུ་ཐམ་བཅུ་གཉིས་དེ་རེ་འགོར་འོང་།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ཧེ་མ་འདི་ཨ་ནཱི་གདན་འདི་ཚུ་མིན་འདུག་ད་ད་རེས་འཐིང་དགོ་རེད་བརྡལ་དང་ གེ་ཟ་བརྡལ་ནི་འདི་ཨ་ནཱི་ཨིན་ཨ་ནཱི་བཟུམ་སྦེ་ར་འཐག་སྦེ་བརྡལ་དགོ
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    གདན་དང་འདི་ལས་ ད་རེས་ནངས་པ་གུར་འདི་ཚུ་ཡང་འཐག་འོང་ ཧེ་མ་འདི་ དེ་བཟུམ་སྦེ་བཟོ་ནུག་ ད་རེས་ནང་པ་ཡང་ རེ་རེ་གཉིས་གཉིས་ནེ་སྦེ་ར་ཡོད།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ཨ་རྟག་ར་གདན་སྦེ་འཐིང་བ་ཅིན་ ལོ་གཉིས་དང་ བཞི་དེམ་རེ་སྡོད་འོང་ཨ་ནཱེ་སྦེ་ ཕྱི་ཁར་བཞག་པ་ཅིན་ལོ་གཅིག་ར་ཨིན།ཕྱི་ཁའི་གདན་བཟོ་བཟོཝ་ཨིན།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ད་ཨ་ནཱི་ སུག་མ་གི་མཐུདཔ་ཅིག་ར་ སྦོམ་བཟོ་ཡི་ར་བདའ་དགོ
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ད་ཨ་ལོ་ཚུ་གིས་མ་འཐག་པ་ཅིན་ཡལ་འགྱོ་ནི་འོང་ཏེ་ད་ང་བཅས་འདི་ཧེ་མ་གི་ཨིན་ ཨ་ནཱི་འཐག་སྦེ་འཐིང་བ་ཅིན་ ཚ་ཏོག་ཏོ་འོང།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    འདི་མ་ཚད་ ས་ཁོདམ་གྱི་ ནད་གཞི་ཡང་མི་ཐོབ་འདི་འབདཝ་ད་ ཨ་ལོ་ཚུ་གི་མི་འཐག་པས་ད་ཨ་ནཱེམ་ཅིག་འབད་ཡར་ཏེ་འགྱོ་ནི་འོང།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari Sita Adhikari:སི་ཏཱ་ཨ་དི་ཀཱ་རི
    ཨ་ནཱི་སུག་མ་སྐམ་འགྱོཝ་མས་ཆུ་བླུག་པ་ཅིན་ མཉེན་ཏོང་ཏོ་འགྱོ་འོང་འཐགཔ་ད་ལུ་ཡང་ འཇམ་ཏོང་ཏོ་འོང་དེ་ལས་སྒྲིང་སྒྲིང་ཡང་འོང་།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ད་ཨ་ནཱི་གདན་འདི་གི་ཟུར་འཐག་དོ་དེ་ལས་ཟུར་འདི་ འཐག་ཚརཝ་ཅིག་རྫོགསཔ་ཨིན།
  • སི་ཏཱ་ཨ་དཱི་ཀཱ་རི Sita Adhikari
    ཨ་ནཱི་གདན་ཆུང་ཀུ་འདི་ཚར་ཡི་ད་སྦོམ་བཟོ་ནི་གི་ སུག་མ་འཐུདཔ་ཅིག་སྦེ་སྦོམ་བཟོ་དགོ།ད་ད་ལྟོ་ཟུར་འཐགཔ་ཨིན་མས་ད་གདན་ཆུང་ཀུ་སྦེ་སྡོད་འོང།