Skip to main content Skip to search
25 Jan 2016
4 min 25 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

ཝང་གཞས་ ན་ཚར་རིགས་སྦ་རིགས་ཟེར་མི་ཝང་གཞས་འདི་ སྤུ་ན་ཁ་རི་རྩ་ལས་ རྣམ་རྒྱས་ཀྱིས་འབད་འཐེནམ་ཨིན་མས། གཞས་འདི་ལུ་ཡང་ ཝང་གཞས་ འོ་ཆུ་པའི་གཞས་ ནུ་སྦི་གི་གཞས་ཟེར་ གཞས་ལུ་ཡང་ལེ་ཤ་ཅིག་འདུག གཞས་འདི་ཚུའི་ཚིག་ཡང་ ཆོས་སྐད་དང་འབྲེལ་བའི་ཚིག་ཚུ་ཡོདཔ་ལས་ གླུ་གཞས་གཞན་བཟུམ་སྦེ་ གོ་དོན་འཇམ་ཏོང་ཏོ་འབད་དེ་ ཧ་གོ་མི་ཚུགས་དོ་ཡོདཔ་ཨིན། ཝང་གཞས་ན་ཚར་རིགས་སྦ་རིགས་ཟེར་མི་འདི་ གདངས་དབྱངས་ཐུང་ཀུ་འབད་དང་ རིངམ་འབད་ མ་འདྲཝ་གཉིས་འབད་འཐེནམ་ཨིན་པས།

 

Show More

  • རྣམ་རྒྱས། Namgay ན་ཚར་རིག་སྦ་རིག་འཐག་དགོ་པས། །ན་ཚར་རིག་སྦ་རིག་འཐག་དགོ་པས། ། here need to waves canes and bamboos. as need to weave canes and bamboo,
  • རྣམ་རྒྱས། Namgay ཚར་རིགས་ལ་སྦ་རིགས་འཐག་དགོ་ཟེར་ཡོ། །ད་ཡུམ་ཆེན་ཨ་མའི་ལཱ་དོག་པས། ། as need to weave cane and bamboo as it would definitely waste my mother work
  • རྣམ་རྒྱས། Namgay ཉིདའཐག་བར་གྱི་བཞག་པ་ཐེ་ཚོམ་མེད། །ཉིད་འཐག་བར་གྱི་བཞག་པ་ཐེ་ཚོམ་མེད། །
  • རྣམ་རྒྱས། Namgay ནང་དཔའ་རྩལ་མཉེན་པའི་དུས་ཚོད་ལུ། །ནང་དཔའ་རྩལ་མཉེན་པའི་དུས་ཚོད་ལུ་དབའི། ། here with soft heart man's era as with soft heart man's era
  • རྣམ་རྒྱས། Namgay ནང་རྦད་འཁོར་་ཁྲ་ཅུང་འཐག་དགོ་པས། །ན་སྦད་ཀུར་ཁྲ་ཅུང་འཐག་དགོ་པས། ། here need to weave small pattern of cane as need to weave small pattern of cane.
  • རྣམ་རྒྱས། Namgay རྦད་འཁོར་་ལ་ཁྲ་ཅུང་ཐག་དགོ་ཟེར་ཡོ། །སྨིན་ཆུང་ཤེས་ལྕངམ་འདྲ་ཡི་ལཱ་དོག་པས། ། as with the weaving of small pattern of cane as to look like beautiful and charming girls
  • རྣམ་རྒྱས། Namgay དཔེ་ལ་དེ་ལུ་འགྱུར་བ་ཐེ་ཚོམ་མེད། །དཔེ་ལ་དེ་ལུ་འགྱུར་བ་ཐེ་ཚོམ་མེད། ། no question of becomig as sample model as no question of becoming as sample model.
  • རྣམ་རྒྱས། Namgay ས་སྨན་ལྗོངས་ལྡན་པའི་དུས་ཚོད་ལུ། །ས་སྨན་ལྗོངས་ལྡན་པའི་དུས་ཚོད་ལུ་དབའི། ། with the time as land for medicine as with time for land of medicine.
  • རྣམ་རྒྱས། Namgay ནང་ཞལ་རས་ཕོརཔ་ཅུང་གོང་དགོ་པས། །ནང་ཞལ་རས་ཕོརཔ་ཅུང་གོང་དགོ་པས། ། here need to
  • རྣམ་རྒྱས། Namgay ཞལ་རས་ཕོརཔ་ཅུང་གོང་ཟེར་ཡོ། །སྟག་ཤར་གེ་སར་འདྲ་ཡི་ལཱ་དོག་པས། ། as it is waste the time of boys like a legendarg king of ling
  • རྣམ་རྒྱས། Namgay ཕར་ཕར་ཚུར་གྱི་དགྲ་བོ་བསྒྲལ་དགོ་པས། །ཚུར་ཚུར་གྱི་གཉེན་སྐྱོང་དགོ་པས། ། need to subdue enemy of here and there as also need to administer relatives spouse