Video Overview
འདི་ནི་ས་གཅན་ཚ་ས་ཆའི་རྩེད་རིག་ཅིག་ཡིན་ལ། གཅན་ཚ་ས་ཆར་སིལ་ཏོག་དང་ནོར་ལུག འབྲུ་རིགས་བཅས་མང་ཞེས་ཕ་ཡུལ་ལ་བསྟོད་པ་བྱས་ཡོད།
Popular in Chentsa, this tserig praises the area's fruits, livestock and grains.
这是一首尖扎地区独有的“则柔”民歌,歌颂了尖扎山清水秀、五谷丰登、牛羊成群的美好景象。
འདི་ནི་ས་གཅན་ཚ་ས་ཆའི་རྩེད་རིག་ཅིག་ཡིན་ལ། གཅན་ཚ་ས་ཆར་སིལ་ཏོག་དང་ནོར་ལུག འབྲུ་རིགས་བཅས་མང་ཞེས་ཕ་ཡུལ་ལ་བསྟོད་པ་བྱས་ཡོད། རྒྱུན་ལྡན་གྱིས་གླུ་དང་རྩེད་རིག་གི་ནང་དུ་མཛེས་པ་དང་རྒྱན་པ། འགྲིག་པ་དང་ལེགས་པ་སོགས་ཀྱི་བསྟོད་པ་མང་ལ་རང་གི་ཕ་ཡུལ་དང་ཕ་མེས་སོགས་རང་ལ་བསྟོད་པ་ཤིན་ཏུ་མང་།
This tserig describes the bounty of Chentsa, listing its fruits, livestock and grains, and the abundance of the landscape. This song falls into the category of those that praise an individual's or family's hometown or ancestors.
这是一首尖扎地区独有的“则柔”民歌,歌颂了尖扎山清水秀、五谷丰登、牛羊成群的美好景象。很多藏族民歌的歌词经常会歌颂自己故乡和先祖,这是其中的代表之一。
- ཨ་རྩེད།
- ང་ཡིན་པ་གཅན་ཚའི་གཞུང་གི་ཡིན།
- ས་གཅན་ཚ་ནོར་ལུག་མང་ས་ཡིན།
- བྱེའུ་ཆ་ཡིས་རྔ་མ་ལྡེམ་ལྡེམ།
- བྱ་ཁུ་ལོས་གསུང་སྐད་སིང་སེ་སྒྲོག
- ཨ་རྩེད།
- ང་ཡིན་པ་གཅན་ཚའི་གཞུང་གི་ཡིན།
- ས་གཅན་ཚ་སིལ་ཏོག་མང་ས་ཡིན།
- བྱེའུ་ཆ་ཡིས་རྔ་མ་ལྡེམ་ལྡེམ།
- བྱ་ཁུ་ལོས་གསུང་སྐད་སིང་སེ་སྒྲོག
- ཨ་རྩེད།
- ང་ཡིན་པ་རྐ་ཕུག་གཞུང་གི་ཡིན།
- ས་རྐ་ཕུག་འབྲུ་རིགས་མང་ས་ཡིན།
- བྱ་ཁུ་ལོས་གསུང་སྐད་སིང་སེ་སྒྲོག