05 Jan 2016
1 min 40 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing "We Are Overjoyed to Come Together." This song is part of a collection of folk songs from the Rebgong cultural area.
འདི་ནི་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་དམངས་གླུ་ཞིག་སྟེ། ནང་ཁྲོམ་པ་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དུ་གྲལ་གཅིག་ལ་འཛོམས་པའི་ཕ་ཨ་ཁུ་དང་མ་སྲི་མོ། ནང་ན་ཟླ་རྣམས་ཤྭ་རྭ་དང་འབྲོང་རྭ། གཞུ་ཐིག་གསུམ་ལ་དཔེར་བླངས་ཏེ། ལྷན་གཅིག་ཏུ་འཛོམས་པ་འདི་ཡང་སྔོན་སྨོན་གྱི་ལས་དབང་ཡིན་པས། ལྷན་འཛོམས་ཀྱི་བསྐལ་བ་དང་བདེ་སྐྱིད་ལ་བསྟོད་པ་དང་ཡིད་སྨོན་བྱས་ཡོད།
- ༼ཡེ་་་དུང་ལོ་ལོ་གླུ་ཞིག་ལེན་་་ཞང་ཡ་རེ་འཇོག་ནས་་་་དུང་ལོ་ལོ་་་གླུ་ཞིག་ལེན༽
- ཤྭ་རྭ་དཀར་པོ༼དུང་ལོ་ལོ༽སྟོད་ལ་ཉེ། །
- འབྲོང་རྭ་དམར་པོ༼དུང་ལོ་ལོ༽སྨད་ལ་ཉེ། །
- གཞུ་ཐིག་ཕྲ་མོ༼དུང་ལོ་ལོ༽སྐེད་ལ་ཉེ། །
- མདའ་སུར་རྒྱ་གྲགས་ན༼དུང་ལོ་ལོ༽ཉམས་རེ་དགའ། །
- གྲལ་མགོ་ཕ་ཁུ༼དུང་ལོ་ལོ༽སྟོད་ན་མྱོས། །
- གྲལ་རྔའི་མ་སྲི༼དུང་ལོ་ལོ༽སྨད་ན་མྱོས། །
- གྲལ་སྐེད་ན་ཟླ༼དུང་ལོ་ལོ༽སྐེད་ན་མྱོས། །
- གླུ་མཉམ་ལེན་བྱས་ན༼དུང་ལོ་ལོ༽ཉམས་རེ་དགའ། །